ལྷ་སར་ཀོ་གྲུ་དང་འབྲུག་གྲུའི་འགྲན་བསྡུར་ཞིག་གཉེར་རྒྱུ་རེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-05-16 08:26:59 ཀློག་གྲངས།:
       བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་འབྲུག་གྲུའི་འགྲན་བསྡུར་ཏེ། སྤྱི་ལོ2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུ་དང་འབྲུག་གྲུའི་འགྲན་བསྡུར་དེ་སྤྱི་ཟླ5ཚེས31ཉིན་ལྷ་ས་གྲོང་ཁྱེར་དུ་གཉེར་རྒྱུ་རེད་འདུག
       ཤེས་རྟོགས་བྱུང་བར། འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱ་རྒྱུ་ཡིན་པ་རེད། སྤྱི་ལོ2024ལོར་བོད་ལྗོངས་སུ་སྐབས་དང་པོའི་གྲོང་ཁྱེར་འབྲུག་གྲུའི་འགྲན་བསྡུར་གཉེར་བར་ལིའོ་ཉིང་དང་། ཧུའུ་པེ། ཧུའུ་ནན། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ། ཀོང་ཏུང་། ཀོང་ཞི་སོགས་ས་ཆ་མང་པོའི་འབྲུག་གྲུའི་རུ་ཁག་གི་ཡིད་དབང་བཀུག་ནས་བོད་ལྗོངས་ཀྱི་འབྲུག་གྲུ་དང་ཀོ་གྲུའི་རུ་ཁག་དབར་འགྲན་བསྡུར་བྱས་ཡོད།
       ད་ལོ་འགྲན་བསྡུར་དེར་བོད་ལྗོངས་དང་ཞིང་ཆེན་གཞན་གྱི་འཐུས་མི་རུ་ཁག30འགྲན་བསྡུར་ནང་ཞུགས་རྒྱུ་རེད། དེའི་ནང་ཀོ་གྲུའི་རུ་ཁག20དང་། འབྲུག་གྲུའི་རུ་ཁག10ཡོད་པ་རེད། སྐབས་དེར་གཟིགས་མོ་བ་ཚོར་འབྲུག་གྲུ་དང་ཀོ་གྲུའི་འགྲན་བསྡུར་གྱི་གཟིགས་མོ་ཆེན་པོ་ཞིག་འབུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།