༄༅། །གསུམ་ཚན་འགའ། སྔོ་དེའུ་སྒོམ་པ་བཀྲ་ཤིས།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-14 08:23:35
ཀློག་གྲངས།:
མིའི་རིགས་ཀྱི་འཚོ་བའི་འཕེལ་རིམ་གསུམ་ནི། འཚོ་ཆས་གཙོ་བོར་གཉེར་བའི་དུས་རིམ་དང་། རྒྱུ་ནོར་གཙོ་བོར་གཉེར་བའི་དུས་རིམ། སེམས་ཀྱི་ལོངས་སྤྱོད་གཙོ་བོར་གཉེར་བའི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་དཔལ་འབྱོར་འཕེལ་རིམ་གསུམ་ནི། ཞིང་ཕྱུགས་དཔལ་འབྱོར་གྱི་དུས་རིམ་དང་། བཟོ་ཚོང་དཔལ་འབྱོར་གྱི་དུས་རིམ། ཤེས་ཡོན་དཔལ་འབྱོར་གྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་དད་མོས་ཀྱི་འཕེལ་རིམ་གསུམ་ནི། རང་བྱུང་ལྷར་བཀུར་གྱི་དུས་རིམ་དང་། ལྷ་མང་ལ་དད་པའི་དུས་རིམ། ཆོས་ཉིད་ལ་དད་པའི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་ཁ་ཟས་ཀྱི་འཕེལ་རིམ་གསུམ་ནི། ལྟོ་འགྲང་གཙོ་བོར་བྱེད་པའི་དུས་རིམ་དང་། བྲོ་བ་གཙོ་བོར་བྱེད་པའི་དུས་རིམ། འཚོ་བཅུད་གཙོ་བོར་བྱེད་པའི་དུས་རིམ་བཅས་ཏེ། ང་ཚོས་དེ་ལ་ལྟོ་འགྲང་གི་དུས་རིམ་དང་། བྲོ་བ་ཡི་དུས་རིམ། འཚོ་བཅུད་ཀྱི་དུས་རིམ་ཞེས་ཀྱང་བཤད་ཆོག
མིའི་རིགས་ཀྱི་གྱོན་གོས་ཀྱི་འཕེལ་རིམ་གསུམ་ནི། གྲང་སྐྱོབ་གཙོ་བྱས་ཀྱི་དུས་རིམ་དང་། མཛེས་འཕྱོར་གཙོ་བྱས་ཀྱི་དུས་རིམ། ལྷད་མེད་སྐྱེ་བཅས་གཙོ་བྱས་ཀྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་སྡོད་གནས་ཀྱི་འཕེལ་རིམ་གསུམ་ནི། སྤྱིལ་བུའི་དུས་རིམ་དང་། སྦྲ་གུར་གྱི་དུས་རིམ། ཁང་བའི་དུས་རིམ་བཅས་སམ། ཡང་ན་གད་ཁུང་ངམ་གད་ཁུང་ཕྱེད་མའི་དུས་རིམ་དང་། ཁང་ལེབ་དང་ཁང་རྩེག་གི་དུས་རིམ། སྣ་མང་ཁམས་བསྟུན་གྱི་དུས་རབས་བཅས་སོ། །
མིའི་རིགས་ཀྱི་འགྲིམ་འགྲུལ་གྱི་འཕེལ་རིམ་གསུམ་ནི། རྐང་ཐང་གི་དུས་རིམ་དང་། བཞོན་པའི་དུས་རིམ། འཕྲུལ་ཆས་ཀྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་སློབ་གསོའི་འཕེལ་རིམ་གསུམ་ནི། སྲོལ་རྒྱུན་སློབ་གསོའི་དུས་རིམ་དང་། དེང་རབས་སློབ་གསོའི་དུས་རིམ། དེང་རབས་ལས་འདས་པའི་སློབ་གསོའི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་ཡི་གེའི་འཕེལ་རིམ་གསུམ་ནི། མཚོན་རྟགས་ཙམ་གྱི་དུས་རིམ་དང་། མཛེས་ཆོས་ཅན་གྱི་དུས་རིམ། ཨང་གྲངས་ཅན་གྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་དཔེ་དེབ་ཀྱི་འཕེལ་རིམ་གསུམ་ནི། བྲིས་མའི་དུས་རིམ་དང་། དཔར་མའི་དུས་རིམ། གློག་རྡུལ་ཅན་གྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་གླུ་དབྱངས་ཀྱི་འཕེལ་རིམ་གསུམ་ནི། གླུ་བྲོ་དབྱངས་གསུམ་འདྲེས་མའི་དུས་རིམ་དང་། གླུ་དབྱངས་ཟུང་འབྲེལ་གྱི་དུས་རིམ། སྣ་མང་ཅན་གྱི་དུས་རིམ་བཅས་སོ། །
མིའི་རིགས་ཀྱི་སྙན་ངག་གི་འཕེལ་རིམ་གསུམ་ནི། དབྱངས་འགྲོས་སྡེབ་སྦྱོར་གཙོ་བོར་འཛིན་པའི་སྙན་ཚིག་གི་དུས་རིམ་དང་། ཚིག་དང་དོན་གྱི་ཉམས་རྩལ་དུ་འདོན་པའི་སྙན་ངག་གི་དུས་རིམ། བརྩེ་གདུང་དང་བསམ་བློ་རྐྱ་སྒྲིལ། ཉམས་སྣང་དང་དབྱངས་འགྲོས་ལྷན་སྡེབ་ཀྱི་སྒྲ་རྟོག་གི་དུས་རིམ་མམ་སྙན་རྩོམ་གྱི་དུས་རིམ་བཅས་སོ། །
མིའི་རིགས་སྤྱི་ལ་མཚོན་ན་བྱུང་ཟིན་འདས་པའམ་འབྱུང་འགྱུར་མ་འོངས་པའི་འཕེལ་འགྱུར་གྱི་དུས་རིམ་རགས་རོབ་འགའ་ཕལ་ཆེར་དེ་འདྲ་ཞིག་ཡིན་སྲིད་ལ། བྱེ་བྲག་རང་རེ་རྣམས་ཀྱི་ངོ་ཐོག་ད་ལྟ་བའི་འཚོ་བའི་འཕེལ་རིམ་སོགས་དུས་རིམ་དེ་དག་གི་ཁྲོད་ཀྱི་རིམ་པ་གང་དུ་སླེབས་འདུག་གམ། དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་དང་ཅི་ཡོད་གཤམ་གྱི་སྐད་འཇོག་ས་རུ་གསུང་གླེང་གང་འདོད་ཅི་དགར་གནང་ཆོག་གོ །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།