"བལ་དཀར་ཁ་བཏགས་"རྟགས་མའི་ལྷུག་རྩོམ་འགྲན་སྡུར་སྤེལ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2026-03-26 08:35:46
ཀློག་གྲངས།:
"བལ་དཀར་ཁ་བཏགས"རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་སྐབས་གསུམ་པ་སྤེལ་བའི་བརྡ་སྦྱོར།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས“དགུ་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལོ་ཡི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ། འགྲིམ་འགྲུལ་བདེ་འཇགས་བྱ་བ་ནན་ཏན་གྱིས་སྤེལ་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ཞབས་ཞུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་དང་། གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭས་རོགས་སྒྲུབ་བྱས་པའི"བལ་དཀར་ཁ་བཏགས"རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་སྐབས་གསུམ་པ་སྤེལ་འཆར་ཡོད་པའི་ནང་དོན་དང་ཆ་རྐྱེན་གཤམ་གསལ་ལྟར།
གཅིག ད་ལོ་ནི“དགུ་ལྔའི”ཁྲིམས་ལུགས་དྲིལ་སྒྲོག་གི་འགོ་རྩོམ་པའི་ལོ་ཡིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་དང་། བདེ་འཇགས་ཡར་སྐུལ་ཐད་ནུས་པ་འདོན་པ། འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་ཐད་མཐུན་རྐྱེན་བསྐྲུན་པར་དམིགས་ཏེ། ཐེངས་འདིའི་ལྷུག་རྩོམ་གྱི་ཁ་བྱང་ནི“ལམ"ཞེས་པར་གཏན་ཁེལ་བྱས་ཡོད་པས། རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ཀྱིས་ལམ་དང་འབྲེལ་བའི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་བརྗོད་བྱ་གནད་དུ་འཛིན་དགོས།
གཉིས། འགྲན་ཞུགས་བརྩམས་ཆོས་དག་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མཐུན་དགོས་པ་དང་། བརྗོད་བྱ་འབུར་དུ་ཐོན་ཞིང་། བརྗོད་བྱེད་གནད་དུ་ཟིན་པ། ཚིག་སྦྱོར་བབ་ཆགས་ཤིང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ། འཚོ་བའི་མྱོང་པ་ཟབ་མོ་དང་བསྟུན་ཏེ་བྲི་དགོས་ཤིང་། ཡིག་འབྲུ་1000ལས་བརྒལ་མི་རུང་།
གསུམ། འགྲན་སྡུར་གྱི་ཁ་གཏད་ཡུལ། སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་རྩོམ་རིག་ལ་མོས་པ་ཡོད་པའི་རྩོམ་པ་པོ།
བཞི། བརྩམས་ཆོས་བསྡུ་བའི་དུས་ཚོད།
2026ལོའི་སྤྱི་ཟླ3པའི་ཚེས21ཉིན་ནས་ཟླ11པའི་ཚེས14ཉིན་བར་ཡིན།
ལྔ། བྱ་དགའི་རྣམ་གྲངས།
ཨང་དང་པོ་གཅིག བྱ་དགའ་ལ་གཟི་བརྗིད་དཔང་ཡིག་དང་སྒོར5000ཡིན།
ཨང་གཉིས་པ་གཉིས། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་དང་སྒོར3000ཡིན།
ཨང་གསུམ་པ་གསུམ། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་དང་སྒོར2000ཡིན།
ཕུལ་བྱུང་བརྩམས་ཆོས་བཅུ་ཡོད། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་ཡོད།
དྲུག བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་དག་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«འགྲུལ་བཞུད་ལམ་སྟོན»གྱི་གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོའི་ལེ་ཚན་དུ་གྱེར་ཀློག་བྱེད་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་སྟེང་དུའང་དགོད་རྒྱུ་ཡིན་ལ། ལོ་མཇུག་ལ་བྱ་དགའ་ཐོབ་མཁན་ཐམས་ཅད་དགོང་ཚོགས་སྟེང་གདན་འདྲེན་ཞུས་ཏེ། དེ་བསྟུན་གྱི་གསོལ་རས་གྱ་ནོམ་པ་འབུལ་འཆར་ཡོད།
བདུན། བརྩམས་ཆོས་བསྐུར་ཡུལ། གཏན་ཁེལ་གྱི་ཡིག་ཟམ་ནང་དུ་རྩོམ་ཡིག་བསྐུར་དགོས། JTzygb2026@163.com
བརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུག་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་བོར་དགོད་དགོས།
འབྲེལ་གཏུག་བྱེད་ཡུལ།
བཀྲ་ཤིས་དོན་གྲུབ། 18609789893
སྟོབས་ལྡན་རྒྱལ། 18797366383
ཟླ་བཟང་སྒྲོལ་མ། 17730921766
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་བོད་སྐད་རླུང་འཕྲིན་ནས།
2026ལོའི་ཟླ3པའི་ཚེས20ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号