མཚོ་སྔོན་གྱིས་ལིང་ཏོག་མིག་ནད་ཀྱི་སྨན་བཅོས་ལྟེ་གནས་བཙུགས་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ལིག་ཏོག་ནད་ནི་གོ་ལ་ཧྲིལ་པོའི་ལོང་བ་རང་བཞིན་གྱི་མིག་ནད་ཐོག་མ་དེ་ཡིན་པ་དང་གཤག་བཅོས་བྱེད་པ་ནི་ལིང་ཏོག་ནད་ཀྱི་བྱ་ཐབས་འབའ་ཞིག་རེད། འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་དང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། མི་རྣམས་ཀྱིས་ལིང་ཏོག་ནད་ཀྱི་གཤག་བཅོས་ཀྱི་དགོས་མཁོ་ཡང“མིག་གིས་མཐོང་ཐུབ་པ་དང་གསལ་པོ་མཐོང་ཐུབ་པའི”ཕྱོགས་སུ་རིམ་བཞིན་འགྱུར་བ་དང་།མིག་ནད་ཚན་ཁག་གི་སྨན་བཅོས་ལག་རྩལ་ལིང་ཏོག་ནད་པའི་ཕྱོགས་སུ་བཀོལ་བ་དང་། ལིང་ཏོག་ནད་པའི་གཤག་བཅོས་རྗེས་ཀྱི་མིག་ཤེས་སྤུས་ཚད་ལེགས་སུ་ཇི་ལྟར་གཏོང་རྒྱུ་དེ་མིག་ནད་ཚན་ཁག་གི་ཞིབ་འཇུག་གི་གཙོ་གནད་དུ་གྱུར་ཡོད། དེ་སྔའི་ལིང་ཏོག་ནད་ཀྱི་གཤག་བཅོས་ཀྱིས་མིག་གིས་མཐོང་ཐུབ་པ་ཙམ་གྱི་གཤག་བཅོས་དང་།ནད་པའི་མིག་ཤེད་སླར་གསོ་ཐུབ་རྒྱུར་རོགས་རམ་བྱེད་པ་ལས་ཐབས་གཞན་མེད་པའི་གནས་སུ་ལྷུང་ཡོད། འོན་ཀྱང་རིག་ནུས་ཧོན་ཅིང་ལིང་ཏོག་ནད་ཀྱི་གཤག་བཅོས་ལག་རྩལ་གསར་པ་བསླེབས་པ་དང་བསྟུན་ནས། མིའི་ཐབས་ཀྱི་ཤེལ་གཟུགས་འདེབས་འཛུགས་ལག་རྩལ་ལ་བརྟེན་ནས“མིག་གིས་མཐོང་ཐུབ་པ་དང་གསལ་པོ་མཐོང་ཐུབ་བའི”མཐོང་ཚོར་ཇེ་ལེགས་སུ་ཕྱིན་ཏེ།བར་ཐག་རིང་བ་དང་བར་ཐག་འབྲིང་བ། བར་ཐག་ཉེ་བ་བཅས་ཀྱི་མཐོང་ཚོར་གྱི་ཕན་འབྲས་བཟང་པོ་ཐོན་ནས་ལིང་ཏོག་ནད་ཀྱི་སྨན་བཅོས་མངོན་འགྱུར་བྱུང་བ་མ་ཟད། ད་དུང་མིག་ཤེལ་གྱོན་མི་དགོས་པའི་དགོས་མཁོ་བསྐང་ཐུབ་པ་རེད།
2019ལོའི་ཨེའར་མིག་ནད་ཚན་ཁག་གི་ཀན་སུའུ་དང་མཚོ་སྔོན།ཉིང་ཞ་བཅས་ས་ཁུལ་ཆེན་པོའི“ཧོན་ཅིང”གི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད་དེ། ནུབ་བྱང་ས་ཁུལ་གྱི་ལིང་ཏོག་མིག་ནད་ཕོག་པའི་ནད་པ་ཚང་མར་རེ་བའི་ས་བོན་སྦས་ཡོད་པ་དང་། མིག་ནད་ཚན་ཁག་གི་སྨན་པ་ཚང་མས་ཀྱང་ལིང་ཏོག་ནད་པ་ཡོད་ཚད་སྔ་མོ་ནས་མུན་ནག་གི་འཇིག་རྟེན་ནས་གྲོལ་ཏེ་མིག་ཟུང་གསལ་པོ་ཞིག་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ལག་རྩལ་དེས་སྔ་ཙམ་ནས་ནད་པ་ཚང་མར་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།