ཁྲི་ཀ་ནས་ཚལ་རྔ་འགག་བར་གྱི་ལྕགས་རྟའི་འགྲན་རིམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2019-07-19 09:13:00 ཀློག་གྲངས།:

     ཟླ7པའི་ཚེས17ཉིན། ཐེན་ཡུག་ཏི་བུམ་པ་རྟགས་མའི2019ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པའི་འགྲན་རིམ་བཞི་བ་སྟེ་ཁྲི་ཀ་ནས་ཚལ་རྔ་འགག་བར་འགྲན་སྡུར་བྱས། ལྕགས་རྟའི་འགྲན་ཞུགས་པ་བསྡོམས་པས147ཡིས་ཁྲི་ཀ་ནས་ཚལ་རྔ་འགག་བར་གྱི་སྤྱི་ལེ100འགྲན་སྡུར་བྱས་ཤིང་། རམ་འདེགས་རླངས་འཁོར་བསྡོམས་པས22ཡིས་རྗེས་འདེད་བྱས།

     ཆེས་མཐའ་མཇུག  འཇར་པན་གྱི་དབྱིན་ཐི་ཕུའུ་རླངས་འཁོར་རུ་ཁག་གི་ཨ་ཅི་ལིས་ཧི་ནན་ཡིས་ཨང་དང་པོ་བླངས་ཤིང་། ཀི་ལོན་པིས་ཡ་མེ་ཏི་ལིན་རླངས་འཁོར་རུ་ཁག་གི་ལའོ་པིན་སུང་ཨེ་ཏི་ཧྭ་ཏའོ་ཡིས་ཨང་གཉིས་པ་དང་། མ་ལེ་ཞིས་ཡ་སའེ་ཕུའུ་ལྰ་རླངས་འཁོར་རུ་ཁག་གི་པིན་ཅི་མེན་ལ་ཨང་གསུམ་པ་འཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།