མཚོ་ལྷོ་ནས་ཚྭ་ཁའི་ལྕགས་རྟའི་འགྲན་མཚམས་བདེ་ལེགས་ངང་མཇུག་སྒྲིལ།
སྤྱི་ཟླ7པའི་ཚེས18ཉིན། “ཐེན་ཡུག་ཏི་བུམ་པ”རྟགས་མའི2019ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པའི་འགྲན་མཚམས་ལྔ་པ་སྟེ། གུང་ཧོ་ནས་ཚྭ་ཁའི་བར་དངོས་སུ་འགྲན་སྡུར་བྱས་ཤིང་། ཡང་གཅིག་བཤད་ན། འདི་ནི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་ལས་མཚོ་ལྷོ་ཁུལ་གྱི་ཆེས་མཐའ་མཇུག་གི་འགྲན་མཚམས་ཀྱང་ཡིན།
ཐེངས་འདིའི་འགྲན་མཚམས་ལྔ་པ་ནི་མཚོ་སྔོན་ཞིང་སྡེ་ཡིད་རྟོན་ཁང་གུང་ཧོ་ནས་ཚྭ་ཁའི་བར་ཡིན་ལ། ཁྱོན་བསྡོམས་པས་ལམ་ཐག་སྤྱི་ལེ173ཡོད་པ་དང་། ལམ་བར་དུ་མགྱོགས་ཚུགས་གཉིས་དང་གྱེན་ཚུགས་གསུམ་བཅས་བཙུགས་ཡོད་ལ། མཚོ་ངོས་ལས་མཐོ་ཚད་རྨི3226ཡིན།
ཐེངས་འདིའི་འགྲན་མཚམས་ལྔ་བའི་ཁྲོད། ཨང་རྟགས191པ་པའོ་ཀི་ཆའོ་ཀྲི་ཨོ་སི་ལ་ཨང་དང་པོ་དང་། ཧའོ་ལན་གྱི་ཨང་རྟགས94པ་ཧྥན་ཏི་པ་སི་ཨང་གཉིས་པ། དབྱི་ཐ་ལིའི་ཨང་རྟགས55པ་ཕ་ཞིས་ཨོ་ནིས་ལའོ་ཁྰ་ལ་ཨང་གསུམ་པ་བཅས་ཐོབ།
ཡ་གླིང་གི་ཆེས་བཟང་བོའི་འགྲན་ཞུགས་པ་ནི་ལྭ་མདོག་སྔོན་པོ་ཅན་སྟེ། མཚོ་སྔོན་ཐེན་ཡུག་ཏི་རུ་ཁག་གི་ཨང་རྟགས214པ་ས་ཧྥ་ས་ཏི་སའེ་ཡིས་ཏི་ལ་ཐོབ་པ་དང་། གྱེན་ཚུགས་ལ་འགོ་བའི་ཨང་དང་པོ་ནི་སྒོར་ཐིག་ལྭ་བ་གྱོན་པའི་ཀན་སུའུ་དངུལ་ཁང་རུ་དཔུང་གི་ཨང་རྟགས207པ་ཏུའུ་ཨར་ཐི་སང་ཏའོ་ཝ་ལ་ཐོབ། མི་སྒེར་སྤྱིའི་སྐར་འབྲས་ཨང་དང་པོ་དེ་ལྭ་མདོག་སེར་པོ་གྱོན་པའི་ཀི་ལོན་པུའུ་ཡའི་མའེ་ཏི་ལིན་རུ་ཁག་གི་ཨང་རྟགས144པ་ལའོ་པིན་སུང་ཨེ་ཏི་ཧྭ་ཏའོ་ལ་ཐོབ་པ་རེད། ཟླ7པའི་ཚེས18ཉིན། “ཐེན་ཡུག་ཏི་བུམ་པ”རྟགས་མའི་མཚོ་སྔོན་པོ་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པའི་མཚོ་ལྷོའི་འགྲན་སྡུར་ཡོངས་སུ་མཇུག་རྫོགས་པ་དང་། སང་ལོ་ང་ཚོ་ཡང་བསྐྱར་མཚོ་ལྷོ་ནས་མཇལ་ཡོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།