མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་གཟེངས་བསྟོད་ཚོགས་འདུ་དང་རྒྱལ་སྟོན་བསུ་བའི་རིག་རྩལ་དགོང་ཚོགས་བསྡུས།
མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་གཟེངས་བསྟོད་ཚོགས་འདུ་དང་རྒྱལ་སྟོན་བསུ་བའི་རིག་རྩལ་དགོང་ཚོགས་བསྡུས།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་མདོ་འཛིན་མཛད་བཞིན་པ།
ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཤིས་ཚིག་ཕུལ།
སྤྱི་ཟླ8པའི་ཚེས19ཉིན་གྱི་དགོང་མོ། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་བླངས་ཏེ་རླབས་ཆེན་མེས་རྒྱལ་གྱི་དྲིན་དྲན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་དང་རྒྱལ་སྟོན་བསུ་བའི་རིག་རྩལ་དགོང་ཚོགས་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་གཟབ་རྒྱས་ངང་བསྡུས། ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་མདོ་འཛིན་མཛད་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཤིས་ཚིག་ཕུལ།
ཡུལ་དངོས་རྣམ་པ།
གླུ་གཞས་སྙན་མོ་དང་བསྟུན་ནས་དགོང་ཚོགས་ཀྱི་མགོ་བརྩམས་ཤིང་། དགོང་ཚོགས་ཧྲིལ་བོར《མཐུན་སྒྲིལ་མདུན་སྐྱོད་ཀྱི་མཚོ་ལྷོ་གསར་བ》དང《རང་བྱུང་ཁམས་ཀྱི་ལེགས་སྐྱེས》《མཇལ་འཛོམས་ལས་ཀྱི་རྒྱན་ཡིན》ཞེས་ཚན་པ་གསུམ་གྱིས་གྲུབ་པ་དང་། ཨ་རྩེད་དང་རྒྱན་གོས་ཤོམ་འགྲོ། གླུ་གར་སོགས་སྣ་ཚོགས་འཁྲབ་སྟོན་བྱས་ལ། ཁྱད་དང་འཕགས་པའི་འཁྲབ་སྟོན་སྣ་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་འཆམ་མཐུན་ཁྱིམ་གཞིས་བསྐྲུན་པ་དང་། བབ་ཆགས་ཀྱི་མཛའ་བརྩེ་ཕྱི་རུ་ངོམ། འདིས་ཁུལ་ཡོངས་ཏང་གི་འགོ་ཁྲིད་འོག་བྱུང་བའི་འགྱུར་ལྡོག་ཆེན་མོ་དང་རིགས་སོ་སོའི་མི་དམངས་མང་ཚོགས་མཐུན་སྒྲིལ་དང་དྲིན་དྲན་པའི་རྣམ་པ་མཚོན་པར་བྱས།
གླུ་མ་རིན་ཆེན་སྒྲོལ་མ།
གླུ་བ་པདྨ་བསམ་འགྲུབ།
གླུ་བ་འབྲུག་བྱམས་ཚེ་རིང་།
དེ་མིན་མཚོ་ལྷོ་ཞེས་བྱའི་རིག་གནས་ཀྱི་གཏིང་ཟབ་ཅིང་དཔངས་མཐུག་པའི་འཛིན་མ་འདི་རུ། རྒྱལ་ཡོངས་སུ་མིང་དུ་གྲགས་པའི་གཞས་པ་གཞས་མ་མང་པོ་ཞིག་འཚར་ལོངས་བྱུང་ཡོད། ཁོ་ཚོས་རང་ཉིད་ཀྱི་ཁྱད་དུ་འཕགས་ཤིང་ཡིད་དུ་འོང་བའི་དབྱངས་རྟས་ཕ་ཡུལ་གླུ་རུ་ལེན་ཞིང་། རང་ཉིད་ཀྱི་དགེ་མཚན་ལ་བརྟེན་ནས་མཚོ་ལྷོ་དྲིལ་སྒྲོག་བྱེད་པ་དང་། མཚོ་ལྷོ་མཚམས་སྦྱོར་བྱས་ཏེ། མཚོ་ལྷོའི་སྙན་གྲགས་ཀྱི་བ་དན་ཕྱོགས་སུ་མཐོན་པོར་བསྒྲེངས། ཁོ་ཚོ་ཁྲོད་ཀྱི་འཐུས་ཚབ་རིན་ཆེན་སྒྲོལ་མ་དང་པདྨ་བསམ་འགྲུབ། འབྲུག་བྱམས་ཚེ་རིང་གསུམ་ག་ཕྱོགས་སོ་སོ་ནས་འདི་གར་ཕེབས་ཏེ། ཕ་ཡུལ་ལ་སྙན་མོ་ངག་གིས་གཞས་གླུ་འབུལ་ཞིང་། ཕ་ཡུལ་གྱི་གསོ་སྐྱོང་དུངས་ཞེན་ལྷུག་གེར་བརྗོད།
དགོང་ཚོགས་ཡུལ་དངོས་སུ་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་གཟེངས་སུ་ཐོན་པའི་དཔེ་མཚོན་ཐུན་མོང35དང་མི་སྒེར64ལ་གཟེངས་རྟགས་དང་བྱ་དགའ་གནང་སྟེ། ཁོ་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཐད་ཐོན་པའི་བྱས་རྗེས་ལ་ཁས་ལེན་དང་གདེང་འཇོག་ཆེན་པོ་བྱས།
ཤོམ་པ་རྣམས།
ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་མཉམ་དུ་མཐུན་སྒྲིལ་འཕེལ་རྒྱས་དང་མཉམ་དུ་དར་སྤེལ་གཏོང་བའི་བརྗོད་དོན་ལ་གཞིགས་ཏེ། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དངོས་འབེབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ནན་གྱིས་སྤེལ་བ་དང་། ཁུལ་ཡོངས་ཀྱི་གོང་འོག་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་མཐིལ་ཕྱིན་བྱེད་ཅིང་། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “ཡིད་ཆེས་བཞི”འགྱུར་བ་མེད་པ། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབས་ཏེ། “ལྔ་བཞི་འཐབ་ཇུས”ལག་བསྟར་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བྱས་ཐོག རིག་གནས་ཡིད་ཆེས་སྲ་བརྟན་དུ་བཏང་ཞིང་། ས་ཁུལ་གྱི་བརྗེ་རེས་དང་མཉམ་འདྲེས་ལ་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་གང་ལེགས་བསྐྲུན་གྱིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།