2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས་འགྲེམ་སྟོན་བྱ་འགུལ་སྤེལ་མགོ་ཚུགས།
2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས་འགྲེམ་སྟོན་བྱ་འགུལ་སྤེལ་མགོ་ཚུགས།
སྤྱི་ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། གསེར་ཆེན་རྫོང་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས་རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་པའི2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མཛའ་གཞས(བོད་སྐད་སྲོལ་རྒྱུན་ལེན་སྟངས)འགྲེམ་སྟོན་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་ཁུལ་ལུས་རྩལ་ར་བ་ནས་སྤེལ་མགོ་ཚུགས།
མདོ་འཛིན་པ་རྣམ་པ།
གསེར་ཆེན་རྫོང་ནི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ། ཐེངས་འདིའི་བྱ་འགུལ་སྤེལ་བར་བརྒྱུད། བོད་ཁུལ་གྱི་ས་གནས་སོ་སོའི་མི་རིགས་ཀྱི་དམངས་ཁྲོད་རོལ་མོའི་འབྲེལ་འདྲིས་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། ས་གནས་ཀྱི་རིག་གནས་མཚོན་རྟགས་བསྐྲུན་པར་དགེ་མཚན་ཆེན་པོ་ལྡན།
གླུ་གཞས་ཕུལ་བ།
གླུ་མ་རྡོ་བ་ཚེ་སྐྱིད།
གླུ་མ་དབྱངས་ཅན་ལྷ་མཛེས།
ཐེངས་འདིའི་མཛད་སྒོར། བོད་ཀྱི་གླུ་བ་གླུ་མ་གང་མང་གདན་འདྲེན་ཞུས་ཡོད་དེ། གླུ་མ་ཚེ་རིང་གཡང་འཛོམས་དང་ཚེ་རིང་འཛོམས་སྐྱིད། གླུ་བ་བཀྲ་ཤིས་ཉི་མ། དབྱངས་ཅན་ལྷ་མཛེས། བསམ་གྲུབ་ཚེ་རིང་། རིག་འཛིན་སྒྲོལ་མ། རྡོ་བ་ཚེ་སྐྱིད། གནམ་བླ་ཐར་དང་རིན་ཆེན་དོན་གྲུབ་སོགས་ཀྱིས་གླུ་གཞས་སྣ་ཚོགས་ཕུལ་ཏེ་གཟིགས་མོ་བ་རྣམས་ཀྱི་ཡིད་ཀྱི་དང་བ་དབང་མེད་དུ་བཀུག
གླུ་བ་བཀྲ་ཤིས་ཉི་མ།
གླུ་བ་མགར་བསམ་གྲུབ་ཚེ་རིང་།
བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི། སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མི་རིགས་ཀྱི་སྒྱུ་རྩལ་རྣམ་པ་ངོམ་པ། རིགས་སོ་སོ་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་བརྩི་འཇོག མཉམ་དུ་འཕེལ་རྒྱས་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་འདུས་འདུ་ཤེས་སྲ་བརྟན་དང་། མི་རིགས་སོ་སོ་ལྷན་དུ་མཐུན་སྒྲིལ་མདུན་སྐྱོད་དང་ལྷན་དུ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་དང་བྱས་རྗེས་འཇོག་པ་དེ་ཡིན།
བྲོ་འཁྲབ་པ།
ཐེངས་འདིའི་བྱ་འགུལ་སྟེང་རྒྱལ་ཡོངས་ཀྱི་ལྗོངས་ཞིང་ལྔའི་གླུ་བ་གླུ་མ་དག་གདན་འདྲེན་བྱས་ཡོད་ལ། ཡུལ་སྐད་ཆེན་པོ་གསུམ་ཚན་ཁག་རེ་རེར་བགར་ནས་འགྲན་སྡུར་བྱ་རྒྱུ་རེད།
འགྲན་སྡུར་གྱི་གོ་རིམ་ཆ་ཚང་མཚོ་ལྷོ་ཁུལ་ཚགས་པར་ཁང་དང་གངས་ལྗོངས་མེ་ལོང་དྲ་བ། གངས་ལྗོངས་མེ་ལོངAPPབརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་གསར་འགྱུར་སྨྱན་བྱད་མང་པོས་ཡུལ་དངོས་ཀྱི་གནས་ཚུལ་སྐབས་ཐོག་ཏུ་བརྒྱུད་སྒྲོག་བྱ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།