ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་སྡུར་སྐབས་ལྔ་བ་འཚོགས།

རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བས ཡོང་ཁུངས།:གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ། དུས་ཚོད།:2019-09-09 10:16:00 ཀློག་གྲངས།:

     སྤྱི་ཟླ9བའི་ཚེས7ཉིན། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གཅན་ཚ་རྗོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བའི2019ལོའི“མི་རིགས་མཐུན་སྒྲིལ·གཡང་མདའ་རྟགས་མའི”ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་སྡུར་སྐབས་ལྔ་བ་མདའ་རྩེད་ཀྱི་ཕ་ས་རུ་འབོད་པའི་གཅན་ཚ་རྫོང་དུ་གཟབ་རྒྱས་ངང་འཚོགས།

     འགོ་རྩོམ་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་། ཀྲུང་གུང་གཅན་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན་བཅས་ཀྱིས་ཤིས་ཚིག་ཕུལ།

     ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་རུ་ཁག143དང་། ལུས་རྩལ་པ1204ཞུགས་ཡོད་པ་རེད།  ཁོ་ཚོས་སྲོལ་རྒྱུན་གྱི་རྭ་གཞུ་མི་བཅུ་ཅན་དང་། གཞུ་འཁོར་ལོ་མ་མི་བཅུ་ཅན། ལྕགས་གཞུ་མི་བཅུ་ཅན། དེང་རབས་སྲོལ་རྒྱུན་མདའ་རྩེད་སྐྱེས་མ་མི་ལྔ་ཅན། དེང་རབས་སྲོལ་རྒྱུན་མདའ་རྩེད་མི་ལྔ་ཅན། མི་སྒེར་ཅན་བཅས་རྣམ་གྲངས་དྲུག་གི་ནང་ཞུགས་ཏེ་ཉིན་གསུམ་རིང་འགྲན་བསྡུར་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།