རྒྱལ་ཡོངས་ཐུ་བྷོད་སྙན་ངག་མཁན་པོ་དང་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་སྐབས་གསུམ་པ་བསྡུས།
ཉེ་དུས། ཀྲུང་གུང་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་། བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་བཅས་ཀྱིས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་ཡོངས་ཐུ་བྷོད་སྙན་ངག་མཁན་པོ་དང་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་སྐབས་གསུམ་པ་གཉེར་འགོ་ཚུགས་པ་རེད། ལྗོངས་ཕྱི་ནང་ནས་ཕེབས་པའི་རྩོམ་པ་པོ་དང་སྙན་ངག་མཁན་པོ་བརྒྱ་ལྷག་ཙམ་གྱིས་ལྷོ་ཁར་མཉམ་འཛོམས་བྱས་ཏེ་རྩོམ་རིག་སྒྱུ་རྩལ་གྱི་སྟོན་མོ་དེར་མཉམ་རོལ་བྱས་ཡོད།
བྱེད་སྒོའི་ས་ཡུལ་དངོས་སུ་སྙན་ངག་གྱེར་འདོན་པ་ཚོས་བརྩེ་གདུང་གི་ཕྱུག་པའི་ཉམ་སྣང་གི་ཐོག་ནས་འཕྱོངས་རྒྱས། གཟིམ་སྦུག་ནང་གི་བུ་མོ་ཞེས་པ་དང་། འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་པ། རྟ་མཆོག་ཁྲི་ཁས་འཛམ་གླིང་གི་རུས་སྲུབས་ན་རྒྱུགས་ཞེས་པ། གངས་ལྗོངས་ཀྱི་གཏམ་རྒྱུད་ཞེས་པ། སྔོ་ལྗང་གི་གྲོག་རོང་ཡར་ཀླུང་མི་རིགས་ཀྱི་ལྷ་ཡུལ་ཞེས་པ་སོགས་སྙན་འཇེབས་ལྡན་པའི་བརྩམས་ཆོས་བདུན་ལས་ད་ཐེངས་ཀྱི་སྒྱུ་རྩལ་འགྲན་ཚོགས་དེའི་མཐོ་རླབས་འཕྱུར་བ་བྱས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ཐུ་བྷོད་སྙན་ངག་མཁན་པོ་དང་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་དེ་ནི་ཀྲུང་གུང་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་། བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཅས་ཀྱིས་སྤྱི་ལོ2017ལོར་འཕྱོངས་རྒྱས་ཡུལ་སྐོར་རིག་གནས་དུས་ཆེན་ཐོག་འཆར་འགོད་བྱས་ཏེ་གཏོད་པའི་ཕུལ་བྱུང་གི་བྱེད་སྒོ་ཞིག་ཡིན། སྤྱི་ལོ2018ལོར་ཀྲུང་གུང་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་། བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་ཟི། དེ་བཞིན་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ལྗོངས་ལྔའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག ཐུ་བྷོད་སྙན་ངག་མཁན་པོ་ཞེས་པ་བོད་ལྗོངས་ནས་རྒྱལ་ཡོངས་ཕྱོགས་སུ་ཁྱབ་འགྱེད་བཏང་ཡོད་ལ། ད་ཆ་བོད་ལྗོངས་ཁྱོན་དུ་སྙན་ངག་ཁྱབ་ཁོངས་དང་འབྲེལ་བའི་དབང་གྲགས་ལྡན་ཤོས་ཀྱི་འགྲན་བསྡུར་ཞིག་ཏུ་གྱུར་ཟིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།