མཚོ་སྔོན་བོད་ཁུལ་གྱི་གནའ་རྫས་རྟོག་ཞིབ་རྟེན་གཞི་ལས་མགོ་བརྩམས།
མཚོ་སྔོན་བོད་ཁུལ་ནི་བོད་རང་སྐྱོང་ལྗོངས་ཕུད་བོད་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཆེ་ཤོས་དེ་ཡིན། ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་དྲུག་མཚོ་སྔོན་གྱི་མངའ་ཁོངས་འདིར་ཆགས་ཡོད་པ་མ་ཟད། དར་གོས་ཚོང་ལམ་གྱི་ཨེ་ཤ་ཡ་ལྷོ་མའི་ལམ་རྒྱུད་དང་། དར་གོས་ཚོང་ལམ་གྱི་མཚོ་སྔོན་མཚམས་ཀྱི་ལམ་རྒྱུད། ཐང་བོད་གནའ་ལམ་གྱི་ལམ་རྒྱུད་བཅས་སུ་ཉར་བའི་རིག་དངོས་མང་པོ་མཚོ་སྔོན་བོད་ཁུལ་དུ་ཡོད་པ་རེད།
རྟེན་གཞི་འདི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་གནའ་བོའི་མཁར་ནང་དུ་སྐྲུན་བཞིན་ཡོད་ལ། ཁྱོན་སྡོམ་མ་དངུལ་དམངས་སྒོར་ཁྲི3000བཏང་ནས་ས་མུའུ10ཡི་སྟེང་དུ་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ6000བསྐྲུན་འཆར་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ངོ་སྤྲོད་ལྟར་ན། མཚོ་སྔོན་བོད་ཁུལ་གྱི་གནའ་རྫས་རྟོག་ཞིབ་རྟེན་གཞི་འཛུགས་སྐྲུན་གྱི་ནང་དུ་རིག་དངོས་སྤུས་ལེགས་འགྲེམ་ཁང་དང་། ས་ཞིང་ཐོག་ནས་རིག་དངོས་སྔོག་འདོན་བྱེད་པ་དང་དེ་ཞིག་གསོ་བྱེད་ས། རིག་དངོས་ཞིག་གསོའི་ཉམས་མྱོང་བརྗེ་རེས་ཁང་། གནའ་རྫས་རིག་གཞུང་སྙན་ཞུ་ཁང་། རིག་དངོས་བསྡུ་སྒྲིག་ཉར་མཛོད་ཁང་སོགས་འདུས།
ཤེས་གསལ་ལྟར་ན། མཚོ་སྔོན་བོད་ཁུལ་གྱི་གནའ་རྫས་རྟོག་ཞིབ་རྟེན་གཞི་འདིས་གཙོ་བོ་རིག་དངོས་ཞིག་གསོ་དང་དཔར་བཟོ་ཞིབ་འཇུག རིག་དངོས་སྤུས་ལེགས་འགྲེམ་སྟོན། གནའ་རྫས་རྟོག་ཞིབ་ལ་མྱོང་རོལ་བྱེད་པའི་ལས་སྒོ་ཇུས་འགོད། གནའ་རྫས་རྟོག་ཞིབ་ཀྱི་ཆེད་ལས་ཟབ་སྦྱོང་སྒྲིག་འཛུགས། སྲོལ་རྒྱུན་རིག་གནས་སྐོར་གྱི་སློབ་གསོ་དང་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གསར་སྤེལ་ལ་སོགས་ཀྱི་ལས་གཉེར་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས། ལས་གཞི་འདི་གྲུབ་རྗེས་རིག་དངོས་ཞིག་གསོ་དང་སྲུང་སྐྱོང་གི་ལག་རྩལ་རྩེ་གྲ་དང་། སྔོན་ཐོན་སྒྲིག་ཆས་སྒྲིག་བཀོད། རིག་གནས་གཤམ་སྒྲིག་གྲལ་འགྲིག་པོར་བརྟེན་ནས་མཚོ་སྔོན་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གཙོ་བོ་དང་། གནའ་རྫས་སྔོག་འདོན་ལག་རྩལ་རྩེ་གྲ། གནའ་རྫས་རྟོག་ཞིབ་རིག་པའི་རིག་ཚན་དར་སྤེལ་མ་ལག་བཅས་ཀུན་ལ་ངོམ་ནས་མཚོ་སྔོན་གྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ལེགས་པོ་བྱེད་པའི་དུས་མཚུངས་སུ་བེད་སྤྱོད་ཀྱི་ཁྲོད་ནས་ནུས་པ་གལ་ཆེན་འདོན་པར་སྐུལ་སྤེལ་བྱ་རྒྱུ་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།