མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། དུས་ཚོད།:2019-09-24 09:17:00 ཀློག་གྲངས།:

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བ་དང་། གཏིང་ཟབ་པའི་སྒོ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་པ་ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་ཕྱིར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་མཛེས་སྡུག་མཚོ་སྔོན་གྱི་རིག་རྩལ་ཚན་ཆུང་གི་ཐོག་མའི་བསམ་འདུན་མི་བརྗེད་པར། རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་ཚོར་བའི་རིག་རྩལ་འཁྲབ་སྟོན་སྤེལ་བའི་བརྡ་སྦྱོར་ལྟར། ཉིན་འགའི་རིང་ལ། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་མཉམ་སྦྲེལ་སྒོས་ཐོག་མའི་བསམ་འདུན་མི་བརྗེད་པར། རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་ཚོར་བའི་འཁྲབ་སྟོན་བྱ་འགུལ་སྤེལ།

     མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་ཆེད་དུ་གླུ་གར་དང་གཞས་མ་གཏམ། གར་ཆུང་བཅས་རིག་རྩལ་ལེ་ཚན་གྱ་ནོམ་པ་གྲ་སྒྲིག་བྱས་ཏེ། སྔ་རྗེས་སུ་ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་སོགས་ས་གནས་སོ་སོར་སོང་ནས་ཡུལ་དེའི་མི་དམངས་མང་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་པོའི་རིག་རྩལ་འཁྲབ་སྟོན་མིག་གི་དགའ་སྟོན་དུ་ཕུལ།

     ཐེངས་འདིའི་འཁྲབ་སྟོན་བྱ་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཀུར་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བ་དམིགས་འབེན་དུ་བཟུང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་པ་ཞེས་པ་བརྗོད་དོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་བློ་མཐུན་ཞི་ཅིན་ཕིང་ལྟེ་བར་བཟུང་བའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་ཧུར་ཐག་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་གཞི་འཛུགས་སྐྲུན། རླབས་ཆེན་གྱི་ལས་དོན་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་བྱ་གཞག་ཏུ་ཞུགས་ཏེ། ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྔར་མེད་ཀྱི་བྱས་རྗེས་མཛད་པར་བླ་མེད་ཀྱི་སེམས་ཤུགས་བསྐྱེད་པ་མ་ཟད། རིགས་སོ་སོའི་ལས་བྱེད་མི་སྣ་ལ་ཡང་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལན་ཚོར་དགོས་པ་དང་། སྤྱི་ཚོགས་དང་མི་དམངས་ཀྱི་དྲིན་ཚོར་བ། མུ་མཐུད་ནས་ཏང་གི་ཁ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པའི་ཆོད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་གྱིས་སོ་སོའི་ལས་འགན་འཁུར་བ་དང་ཧུར་བརྩོན་གྱིས་སྤྱི་ཚོགས་ལ་ཕན་དང་བདེ་བ་ཇི་སྙེད་པ་ཞིག་བཟོས་ནས། དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་ཐབས་ཇུས་དེ་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱེད་པར་བསམ་བློའི་སྒུལ་ཤུགས་དང་རིག་གནས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།