དཀར་མཛེས་ཁུལ་བོད་སྨན་ཁང་གི་ཁྲེན་ཏུའུ་ཝུའུ་ཧའུ་སྨན་ཁང་སྒོ་ཕྱེས།

རྩོམ་པ་པོ།:རྣམ་དཀར་ལྷ་མོ། འཇིགས་མེད། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2019-09-24 09:26:00 ཀློག་གྲངས།:

     སྤྱི་ཟླ9པའི་ཚེས23ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་བོད་སྨན་ཁང་གི་ཁྲིན་ཏུའུ་ཝུ་ཧའོ་སྨན་ཁང་ལེགས་འགྲུབ་ཀྱི་དགའ་སྟོན་མཛད་སྒོ་དང་གསོ་རིག་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས།

     དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རེན་ཆོས་མའེ་ཡིས་ཤིས་ཚིག་ཕུལ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་དབྱང་ཀྲེན་ཁྲུན་དང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལག་རོགས་པ་དབྱིན་ལུང་གིས་གསུང་བཤད་གནང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པའི་བདེན་དཔང་འོག་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་འཁོར་སྐྱོད་མཛད་སྒོ་སྤེལ་བ་རེད།

     ཐེངས་འདིའི་ཚོགས་འདུའི་ཐོག་ཞིང་ཆེན་ཀྲུང་ལུགས་སྨན་བཅོས་ཀྱི་ཆེད་མཁས་པ་དང་རྒྱལ་ཡོངས་ཀྱི་བོད་ལུགས་སྨན་བཅོས་ཀྱི་ཆེད་མཁས་པ་མང་པོ་ཞིག་མཉམ་དུ་འཛོམས་ཏེ། དཀར་མཛེས་ཁུལ་གྱི་བོད་ལུགས་སྨན་བཅོས་ཀྱི་ཞབས་ཞུའི་མ་ལག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་ཡོངས་འཕེལ་རྒྱས་དང་། དེ་མིན་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ཀྱི་སྤྱིའི་འཕེལ་རྒྱས་དང་ཁ་ཕྱོགས་ཐད་ནས་བགྲོ་གླེང་གནང་། རྒྱུས་ལོན་བྱས་པ་ལྟར་ན། ཚེས23ཉིན་གྱི་ཕྱི་དྲོ་ནས་ཚེས24ཉིན་གྱི་བར་དུ་གསོ་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།