བོད་ཡིག་གི་རྒྱུགས་འདིས་རོང་འབྲོག་མང་ཚོགས་ལ་ཕན་ཆེན་པོ་ཐོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2019-09-25 15:32:00 ཀློག་གྲངས།:

     རྔ་བའི་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་སྒོས་གོང་དུ་འཕེལ་བ་དང་བསྟུན། རོང་འབྲོག་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཞིང་། སྒེར་གྱི་རླངས་འཁོར་ཉོ་མཁན་ཡང་ཇེ་མང་དུ་སོང་མོད། ཡིན་ན་ཡང་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྒྱ་ཡིག་གི་ཆུ་ཚད་དམའ་བའི་རྐྱེན་གྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་གཞུང་ལུགས་ཀྱི་རྒྱུགས་ལེན་ཐུབ་མཁན་ཧ་ཅང་ཉུང་། དེ་བས་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁུལ་སྲིད་གྲོས་ཨུ་ཡོན་གྱིས་ཁྱུང་མཆུ་རྫོང་དུ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་བོད་ཡིག་གི་རྒྱུགས་ལེན་པའི་ས་གནས་འཛུགས་པའི་གྲོས་གཞི་བཏོན་པ་ལྟར། 2014ལོ་ནས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་བོད་ཡིག་གི་རྒྱུགས་ལེན་འགོ་ཚུགས།

     བོད་ཡིག་གི་རྒྱུགས་དེས་རོང་འབྲོག་མང་ཚོགས་ཀྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་དཀའ་བའི་གནས་ཚུལ་ལ་འགྱུར་བ་བཏང་བ་མ་ཟད།  རླངས་འཁོར་སྐོར་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་དང་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་སོགས་ལ་ཡང་ནུས་པ་ཐོན་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།