བོད་རང་སྐྱོང་ལྗོངས་སླེ་གྲུག་མཐུན་ཚོགས་བཙུགས་པ།
གྲོས་ཚོགས་ཀྱིས《བོད་རང་སྐྱོང་ལྗོངས་སླེ་གྲུག་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱེད་པར་བརྒྱུད་དེ། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་འདེམ་ཐོན་བྱུང་ཞིང་། ཕུན་ཚོགས་རྒྱ་མཚོ་བོད་ལྗོངས་སླེ་གྲུག་མཐུན་ཚོགས་ཀྱི་འགོ་གཙོར་བསྐོས།
བོད་ལྗོངས་སླེ་གྲུག་མཐུན་ཚོགས་ཀྱིས"སླེ་གྲུག་ལུས་རྩལ་དར་སྤེལ་དང་། སླེ་གྲུག་མི་སྣ་སྐྱེད་སྲིང་། སླེ་གྲྭག་ཐོན་ལས་ལ་སྐུལ་འདེད། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བྱེད་པའི"དགོངས་ཚུལ་ལྟར། རང་རྟོགས་ཀྱིས་སླེ་གྲུག་ལུས་རྩལ་སྤྱི་ཚོགས་ཅན་དང་ཚོང་ར་ཅན། ཐོན་ལས་ཅན་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱས་ཏེ། སྔར་ལས་ལྷག་པར་བོད་ལྗོངས་སླེ་གྲུག་ལུས་རྩལ་ཁྱབ་སྤེལ་དུ་གཏོང་བར་སྐུལ་འདེད་བྱེད་པ་ཡིན།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སླེ་གྲུག་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཚད་གཞི་དང་དོ་དམ་བྱེད་ཐབས། ལས་རིགས་ཀྱི་སྤྱོད་ཚུལ་བཅས་སྒྲིག་འཛུགས་བྱེད་རྒྱུ་དང་། རིམ་པ་སོ་སོའི་འགྲན་བསྡུར་རྩ་འཛུགས་སྒོས་རྒྱལ་ནང་གི་ཆུ་ཚད་མཐོ་བའི་འགྲན་བསྡུར་རོགས་སྒྲུབ་བྱེད་པ། ཤན་འབྱེད་པ་དང་རྩལ་འཁྲིད་པ། ལུས་རྩལ་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ན་གཞོན་དར་མ་གཙོས་པའི་མང་ཚོགས་ཅན་གྱི་སླེ་གྲྭག་ལུས་རྩལ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་རེད།
བོད་ལྗོངས་སླེ་གྲུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ངག་དབང་དགེ་འདུན་གྱིས་བཤད་རྒྱུར། སླེ་གྲྭག་སློབ་རར་སྐྱོད་པ་དང་། སྔར་ལས་མང་བའི་ན་གཞོན་སླེ་གྲུག་མི་སྣ་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་ལས་ཀའི་གཙོ་གནད་ཡིན། རིགས་སྣ་ཚོགས་ཀྱི་སླེ་གྲུག་འགྲན་བསྡུར་སོགས་བྱ་འགུལ་སྤེལ་བར་བརྒྱུད། སྔར་ལས་མང་བའི་མི་སླེ་གྲུག་ལུས་རྩལ་དུ་ཞུགས་པར་སྐུལ་སློང་དང་། སླེ་གྲུག་རྣམ་གྲངས་འདི་གངས་ལྗོངས་མཐོ་སྒང་དུ་ཁྱབ་སྤེལ་སྒོས་འགྲན་རྩལ་མངོན་པར་བྱ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།