བོད་ཀྱི་སྨན་པ་བཞི་ལ་རྒྱལ་ཡོངས་རིམ་པའི་བྱ་དགའ་ཐོབ་པ།
དགྲ་འདུལ་གྱིས་རང་ཁྱིམ་དུ་རྒྱུད་བཞིའི་དཔེ་ཆར་གཟིགས་བཞིན་པ།
དགྲ་འདུལ། ཕོ། གུང་ཁྲན་ཏང་ཡོན། 1946ལོའི་ཟླ5པར་འཁྲུངས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དེ་སྔའི་ཡོན་ཀྲང་དང་། སྨན་པ་འབུམ་རབས་པ། སྨན་པའི་སློབ་དཔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཟུར་ཕོགས་ལེན་མཁན་གྱི་རིགས་གཅིག་མཁས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་འཐུས་མི།
ཁོང་ལ་ཀྲུང་ལུགས་གསོ་རིག་ལག་རྩལ་དོ་དམ་ལས་དོན་གྱི་ཕུལ་བྱུང་ལས་མི་དང་། 2008ལོའི་ཀྲུང་གོ་མི་རིགས་གསོ་རིག་གི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཞེས་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་དང་། 2008ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྨན་རྩིས་ཁང་གི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་ཞེས་པའི་མིང་བཏགས་པ་དང་། 2014ལོར་རྒྱལ་སྨན་སློབ་དཔོན་སྐབས་གཉིས་པར་བདམས་ཐོན་བྱུང་བ་རེད།
ཁོང་གིས་བོད་ཀྱི་གསོ་རིག་ནད་ཐོག་སྨན་བཅོས་ཕྱག་ལས་བསྒྲུབས་ནས་ལོ་ངོ40ལྷག་ཙམ་སོང་ཡོད་ཅིང་། རིག་གཞུང་ཐད་ཁོང་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་དགོངས་པ་གྲུབ་ཡོད་པ་དང་། ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསག་ཐོག བོད་ལུགས་གསོ་རིག་གི་རྗེས་རབས་ཤེས་ལྡན་པ་རབ་དང་རིམ་པ་གསོ་སྐྱོང་གནང་སྟེ། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་དང་སྒྱུར་བཅོས་གསར་གཏོད་སོགས་ཀྱི་ཐད་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།
བསྟན་གསུམ་གྲགས་པས་སློབ་ཁྲིད་གནང་བཞིན་པ།
བསྟན་གསུམ་གྲགས་པ། ཕོ། བོད་རིགས། ཏང་ཕྱིའི་མི་སྣ། 1953ལོའི་ཟླ3པར་འཁྲུངས་ཤིང་། སོག་རྫོང་བོད་ལུགས་གསོ་རིག་གི་གྲགས་ཅན་ཡོན་ཀྲང་དང་སྨན་པའི་སློབ་དཔོན་འབྲིང་རིམ། འབུམ་རམས་པའི་སློབ་དཔོན་བཅས་ཡིན།
ཁོང་ལ་རྒྱལ་ཡོངས་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་ལས་དོན་པ་དང་། བོད་ཀྱི་སྨན་པ་གྲགས་ཅན། བོད་བྱང་ཐང་གི་སྨན་པ་གྲགས་ཅན་སོགས་ཀྱི་མཚན་སྙན་ཐོབ་པ་དང་། 2010ལོར་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་བོད་སྨན་རྩ་འཁྲུའི་སྨན་བཅོས་ཀྱི་རྒྱུད་འཛིན་པ་དང་། 2014ལོར་ཀྲུང་གོ་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་སྐབས་ལྔ་པའི་དམིགས་གསལ་གདན་ཞུས་སློབ་དཔོན།2015ལོར་ཀྲུང་གོ་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལུགས་གསོ་རིག་ལག་རྩལ་ལག་ལེན་ཚད་ལྡན་ཅན་ཞིབ་འཇུག་བསླབ་གཞིའི་བློ་འདྲི་སར་དམིགས་བསལ་གདན་ཞུས་ཤིང་། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་པ་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུད་འཛིན་ལས་དོན་ཁག་ལྔ་པ་དང་དྲུག་པའི་མཛུབ་ཁྲིད་དགེ་རྒན་སོགས་གནང་བ་རེད།
ཁོང་གིས་ལོ་མང་རིང་བོད་ལུགས་གསོ་རིག་ནད་ཐོག་ཕྱག་ལས་གནང་ཞིང་། དུས་དང་རྣམ་པ་ཀུན་ཏུ་རང་ངོས་ཀྱི་བྱང་ཚད་མཐོར་འདེགས་གཏང་རྒྱུར་དོ་སྣང་བྱེད་ཅིང་། ལས་ཞོར་གྱི་ཁོམ་པ་ཡོད་ཚད་བོད་ལུགས་གསོ་རིག་ཤེས་བྱ་སློབ་སྦྱོང་དང་ཞིབ་འཇུག་བྱས་པར་མ་ཟད། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་རྩ་འཁྲུའི་སྨན་བཅོས་བྱེད་ཐབས་རྒྱུད་འཛིན་གནང་བཞིན་ཡོད། བསྟན་གསུམ་གྲགས་པས་རྩོམ་སྒྲིག་གནང་བའི་བོད་ལུགས་རྩ་འཁྲུའི་སྨན་བཅོས་བྱེད་ཐབས་ཀྱི་ནད་ཐོག་ལམ་སྟོན་ཞེས་པའི་དེབ་དེ་བོད་ལུགས་རྩ་འཁྲུའི་སྨན་བཅོས་བྱེད་ཐབས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ལས་དོན་ཐད་མཚན་མར་འཛིན་སའི་རྒྱུད་བཞི་ལྟ་བུར་གྱུར་ཡོད།
ཁོང་གིས་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏང་རྒྱུར་མཐོང་ཆེན་བྱེད་པ་དང་དུས་མཚུངས། མི་སྣ་གསོ་སྐྱོང་བྱེད་པའི་ཐད་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་ཅིང་། སྔ་ཕྱིར་སློབ་མ་ཁྱོན་བསྡོམས4010གསོ་སྐྱོང་གནང་ཡོད་ཅིང་། དེའི་ཁྲོད་ཤེས་རམས་དང་འབུམ་རམས་པའི་སློབ་མ100ལ་ཉེ་བ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།