རེབ་གོང་རྫོང་གིས་གཙོ་སྒྲུབ་གནང་བའི་སླེ་གྲུག་འགྲན་བསྡུར་སྤེལ་བ།
ཉེ་ལམ། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་རང་ཁུལ་མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཧུར་པོར་གཏོང་ཆེད། རེབ་གོང་རྫོང་གིས་གཙོ་སྒྲུབ་བྱས་པའི2019ལོའི་རྒྱལ་སྟོན་སྐབས་ཀྱི་མི་རིགས་མཐུན་སྒྲིལ·རེབ་གོང་སྒྱུ་རྩལ་རྟགས་མའི་སླེ་གྲུག་འགྲན་བསྡུར་དེ་རེབ་གོང་རྫོང་མང་ཚོགས་རིག་གནས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། རེབ་འདིའི་འགྲན་བསྡུར་ལ་ཁུལ་རིམ་པ་དང་རེབ་གོང་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་རྫོང་། ཡ་རྫི་རྫོང་སོགས་ནས་ཡོང་བའི་འཐུས་ཚབ་རུ་ཁག10དང་མི3000ལྷག་ཞུགས་ཡོད།
ཉིན་བཞིའི་རིང་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། རྨ་ལྷོ་ཁུལ་ཉི་གཞོན་སྤྲོ་སྐྱིད་གླིང་ལ་བྱ་དགའ་ཨང་དང་པོ་དང་། རྩེ་ཁོག་རྫོང་རྩམ་པ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ། གཅན་ཚ་རྫོང་ཚོ་དྲུག་རུ་ཁག་ལ་བྱ་དགའ་ཨང་གསུམ་པ། ཡ་རྫི་རྫོང་རླུང་རྟ་དཀར་པོ་རུ་ཁག་ལ་བྱ་དགའ་ཨང་བཞི་བ། རྩེ་ཁོག་རྫོང་རྫོང་ཚབ་རུ་ཁག་ལ་ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ། རེབ་གོང་རྫོང་དར་མ་དང་རྒན་པའི་མཐུན་ཚོགས་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་ཐོབ། རེབ་འདིའི་འགྲན་ཞུགས་རུ་ཁག་དག་གིས་ཕན་ཚུན་ལུས་རྩལ་འགྲན་བསྡུར་བྱེད་པ་དང་མཉམ་དུ། མཛའ་བརྩེ་ཇེ་ཟབ་དང་གཟུགས་གཞི་ཐང་པོར་བཏང་ནས་ལུས་རྩལ་དང་བསམ་པའི་དཔལ་ཡོན་ཕྱོགས་གཉིས་ཀར་འབྲས་བཟང་ཐོབ་པ་མ་ཟད། རྫོང་ཡོངས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་གཟེངས་བསྟོད་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།