2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པ་སྤེལ།
ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པ་ཉིང་ཁྲིར་འགོ་ཚུགས་པ་རེད། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རྐང་འཁོར་རུ་ཁག་28ཡི་ལུས་རྩལ་པ་119ཉིང་ཁྲིར་འཛོམས་ནས་ཛ་དྲག་ལ་ལྟད་མོ་ཆེ་བའི་འགྲན་བསྡུར་བྱེད་འགོ་ཚུགས་ཡོད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅན་མིང་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་སྦྲགས། འགྲན་བསྡུར་འགོ་ཚུགས་པའི་མེ་མདའ་ཡང་འཕངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་དེ་འགྲན་བསྡུར་ཆེ་བ(གཞུང་ལམ་རྐང་འཁོར་འགྲན་བསྡུར)དང་འགྲན་བསྡུར་ཆུང་བ(རི་ཁུལ་རྐང་འཁོར་འགྲན་བསྡུར)གཉིས་སུ་ཕྱེ་ཡོད། ཉིང་ཁྲི་གྲོང་ཁྱེར་འགྲེམས་ཚོགས་ལྟེ་གནས་ནས་ཐོན་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བསྐྱོད་རྒྱུ་དང་། དུས་ཡུན་ཉིན་གསུམ་དང་འགྲན་བསྡུར་དུས་མཚམས་གསུམ་དུ་ཕྱེ་ཡོད། ཐེངས་འདིའི་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས། ལུས་རྩལ་བདེ་ཐང་གི་འཚོ་བའི་འདུ་ཤེས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་ཐོན་ལས་གངས་ལྗོངས་ས་མཐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་སྒུལ་ཤུགས་དེ་བས་ཆེ་རུ་འགྲོ་བ། བོད་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།