-
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་ཀྱི་བླ་ན་མེད་པའི་རྩ་བའི་བླང་བྱ་མཐའ་འཁྱོངས་བྱས་ཏེ།སྲིད་གཞུང་གི་དམངས་འཚོའི་ལས་དོན་གྱི་ཚན་རིག་རང་བཞིན་དང་།དམིགས་སའི་རང་བཞིན།ཀུན་ཕན་རང་བཞིན་བཅས་སྔར་ལས་མཐོ་རུ་བཏང་ནས།མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་སྔར་ལས་ཇེ་མཐོར་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ནས་དོན་དངོས20གཏན་ཕབ་པ་གཤམ་གསལ་ཏེ།...
2023-03-16 17:28:49 མཚོ་སྔོན་པོ་དྲ་བ། 8529 -
ཟླ3པའི་ཚེས10ཉིན།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་། ཚོགས་ར་ཡོངས་ནས་དུས་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།...
2023-03-13 10:19:21 མཚོ་སྔོན་པོ་དྲ་བ། 8662 -
ཟླ3ཚེས5ཉིན།ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོགསྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བའི་གཙོ་གནད་གཤམ་གསལ།...
2023-03-06 09:25:15 མཚོ་སྔོན་པོ་དྲ་བ། 9273 -
འབད་འབུངས་ཡར་སྐྱེད་སྒོས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་མཉམ་སྤྱོད་བྱེད།།དཔའ་སྐྱེད་མདུན་སྐྱོད་སྒོས་དུས་རབས་ཀྱི་ལས་དོན་གསར་པ་ཡང་བསྐྱར་བསྐྲུན།།འོད་སྟོང་འབར་བའི་ལོ་ཟླའི་འཁོར་མོས་ཁྲོད་ནས།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པའི་མི་དམངས་སྲིད་གྲོས་ཀྱིས་ཡང་བསྐྱར་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་བསུས་ཡོང་བ་སྟེ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་འགོ་བརྩམས།...
2023-03-05 09:18:57 མཚོ་སྔོན་པོ་དྲ་བ། 8996 -
ཟླ3པའི་ཚེས3ཉིན་གྱི་སྔ་དྲོར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་ཁག་བདེ་བླག་གིས་ལེགས་འགྲུབ་བྱུང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ།ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་མཱ་ཅན་ཧོང་།གསེར་མཚོ།དཔལ་ལྡན།ཏིང་རུའེ་ཡུང་།མཱ་ཧྲུའུ་ཧྥུའུ།ལའེ་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།མཱ་ཅན་ཧོང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད།...
2023-03-04 15:46:34 མཚོ་སྔོན་པོ་དྲ་བ། 9127 -
ཚོགས་འདུ་ལས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་།སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་།...
2023-03-03 09:26:10 མཚོ་སྔོན་པོ་དྲ་བ། 9181 -
ཟླ3པའི་ཚེས1ཉིན།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་པ་ཆབ་ཆར་གཟབ་རྒྱས་ངང་འཚོགས་ཤིང་།ཚོགས་ཆེན་སྟེང་ཐོན་དགོས་པའི་འཐུས་མི248ཡོད་ལ།དངོས་སུ་ཐོན་ཡོད་པའི་འཐུས་མི212ཡོད་པས།ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།གྲོས་ཚོགས་སྟེང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་ཞིང་།ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་གསེར་མཚོ།དཔལ་ལྡན།ཏིང་རོན་དབྱི།མཱ་ཧྲུའུ་ཧྥུའུ།ལའེ་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།...
2023-03-01 21:02:46 མཚོ་སྔོན་པོ་དྲ་བ། 9126 -
[སྐབས་བབ་སྲིད་དོན།]
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ།ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ།ངེས་པར་དུ་བསྒྲུབ་དགོས་པ་གསུམ་བློ་ལ་བརྟན་པོར་ངེས་པ།རང་རྟོན་རང་སྟོབས་དང་དྲང་སྲུང་གསར་སྐྲུན་བྱེད་པ།འབད་པ་ལྷུར་ལེན་དང་འབད་འབུངས་ཡར་བརྩོན་བྱེད་པ།ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས།ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་གནང་བའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བའི་ཆེད་དུ་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།...
2023-03-01 08:57:32 མཚོ་སྔོན་པོ་དྲ་བ། 7326 -
[སྐབས་བབ་སྲིད་དོན།]
སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་མགོ་བརྩམས།
ཟླ2པའི་ཚེས28ཉིན།སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་སྟེང་ཐོན་དགོས་པའི་ཨུ་ཡོན251ཡོད་ལ།དངོས་སུ་ཐོན་ཡོད་པའི་ཨུ་ཡོན220ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་དང་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན།བསོད་ནམས་སྐྱིད།རེན་ཅན་མིང་།ཀུན་བཟང་པདྨ་རྣམ་རྒྱལ།ཧུའོ་ཆིང་།དགེ་འདུན་རྒྱལ་དང་དྲུང་ཡིག་ཆེན་མོ་སུང་ཁྲེན་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།ཀྲའོ་ཀུའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱས།...
2023-02-28 16:35:45 ཀུན་བཟང་རྡོ་རྗེ། 8878