• ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།ཚེས22ཉིན་མི་ཤུགས་ཐོན་ཁུངས་་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས«2023ལོར་ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ»ཁྱབ་བསྒྲགས་བྱས་ཤིང་།2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་།2022ལོའི་ལོ་མཇུག་གོང་ལ་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོ་པའི་འགྲོ་ལུགས་བསྒྲུབས་བ་མ་ཟད།ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཁེ་ལས་དང་གཞུང་གི་ལས་ཁུངས།ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ཇེ་མཐོར་གཏང་རྒྱུ་དང་།ལེགས་སྒྲིག་སྤྱིའི་ཆུ་ཚད་ནི2022ལོའི་ལས་འཁྱུར་ངལ་གསོ་པའི་ཟླ་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི3.8%ཡིན།...

    2023-05-25 17:06:31 མཚོ་སྔོན་པོ་དྲ་བ། 7347
  • ཟླ5པའི་ཚེས18ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀརྨ་ཕུན་ཚོགས་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་བཅས་སུ་སོང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་དར་སྤེལ་གཏོང་བར་སྐུལ་འདེད་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པའི་ལས་ཀར་རྟོག་ཞིབ་གནང་བ་དང་།ཐོག་མ་ནས་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་དར་སྤེལ་དུ་གཏོང་བ།གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་གནད་དོན་དག་ཐེར་དང་སྐུལ་སློང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།ཡུལ་དངོས་སུ་གནད་དོན་ལ་ལྟ་སྐུལ་དང་ཕྱིར་སྐྱེལ་དག་ཐེར་བྱེད་པར་སྣེ་ཁྲིད་བྱས་པ་དང་།དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།...

    2023-05-19 10:12:05 དྲ་བའི་རྩོམ་སྒྲིག་པ། 7802
  • ཉེ་སྔོན།ཁུལ་དམངས་ཆེན་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག»(གཤམ་དུ«སྲོལ་ཡིག»ཅེས་བསྡུ་རྒྱུ)བཟོ་བཅོས་རྒྱག་པའི་བསམ་འཆར་དང་གྲོས་འགོའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།ཁུལ་དམངས་ཆེན་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་རྒྱ་ཆོས་ཀྱིས་ཚོགས་འདུར་མགོ་འཛིན་གནང་།...

    2023-05-17 17:16:07 མཚོ་སྔོན་པོ་དྲ་བ། 7623
  • སློབ་གསོ་པུས་སྤྱི་ཚེས6ཉིན།སྤྱི་ལོ2023ལོའི་སློབ་གྲྭ་འབྲིང་ཆུང་གི་བསླབ་གཞིའི་དཀར་ཆག་ཁྱབ་བསྒྲགས་བྱས་པ་དང་།དེ་དག་སྤྱིར་བཏང་སློབ་གྲྭ་འབྲིང་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ།ལུས་རྩལ་སློབ་གྲྭ་བཅས་ཀྱི་བསླབ་གཞི་དང་འབྲེལ་བ་ཡོད།བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་བསླབ་གཞིའི་ནང་ཚོང་ལས་བརྡ་ཁྱབ་དང་སློབ་ཁྲིད་ཞོར་ལྟའི་དཔྱད་ཡིག་འབྲེལ་ཐག་དྲ་ཚིགས།རྩ་གཉིས་ཨང་བཤེར་སོགས་ཆ་འཕྲིན་གང་ཡང་བཞག་མི་ཆོག་པ་གསལ་པོ་བཏོན་ཡོད།...

    2023-05-10 10:12:53 དྲ་བའི་རྩོམ་སྒྲིག་པ། 8153
  • བཅའ་ཁྲིམས་འདིས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཡོད་ཅིང་།མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་གནད་དོན།ཁྱད་ཆོས་འབུར་ཐོན་བཅས་ལ་དམིགས་ཏེ།རི་ཆུ་ནགས་ཞིང་དང་མཚེའུ།རྩྭ་ས།བྱེ་མ།འཁྱགས་རོམ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་།འབྱུང་རྩ་བཅོས་སྐྱོང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས།མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད།...

    2023-04-27 15:18:03 མཚོ་སྔོན་པོ་དྲ་བ། 8276

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།