• ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་ནི་ལྗང་མདོག་དང་འཆམ་མཐུན།སྒོ་འབྱེད།འཕེལ་རྒྱས།མཉམ་སྤྱོད་ཡིན་ལ།ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ཁྱོན་ཡོངས་ནས་ལག་བསྟར།ཀན་སུའུ་དང་མཚོ་སྔོན།སི་ཁྲོན།ཡུན་ནན།བོད་ལྗོངས་བཅས་འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་བ་དང་ལས་འགན་གསར་བ།བླང་བྱ་གསར་བར་ཟུང་འབྲེལ་བྱེད་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་གཙོ་ཐིག་ཏུ་བཟུང་སྟེ།འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་དང་ཕན་ཚུན་འགྲོ་འོང་།མི་རིགས་མཐུན་སྒྲིལ།སྐྱེ་ཁམས་སྲུང་སྐྱོབ།ལས་གཞི་འཛུགས་སྐྲུན་སོགས་ཐད་ཀྱི་ཁྱབ་རྒྱ་ཆེ་བའི་མཉམ་ལས་བར་སྟོང་ཧུར་ཐག་གིས་བཙལ་ནས།མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་པ་དང་མཉམ་ལས་བྱེད་ཐབས་གསར་གཏོད།མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་།ཁུལ་དང་གྲོང་ཁྱེར་སོ་སོས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་པོ་དང་བསམ་པའི་ཉམས་འགྱུར་ལེགས་པོ་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ།ས་ཁོངས་མཉམ་ལས་མཉམ་རྒྱལ་དང་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན།...

    2023-08-10 11:39:04 མཚོ་སྔོན་པོ་དྲ་བ། 5946
  • ཟླ7པའི་ཚེས28ཉིན།མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དཔང་ཉན་ཚོགས་འདུ་འཚོགས་ནས།མཚོ་སྔོན་ཞིང་ཆེན་གཞུང་གཉེར་མཐོ་སློབ་དཀྱུས་མའི་སློབ་ཡོན་བསྡུ་བའི་ཚད་གཞི་ལེགས་སྒྲིག་ཇུས་གཞིའི་དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ཐད་ནས་བསམ་འཆར་བསྡུ་ལེན་བྱས།འཛད་སྤྱོད་པ་དང་།མི་དམངས་འཐུས་ཚོགས་ཀྱི་འཐུས་མི།སྲིད་གྲོས་ཨུ་ཡོན།སྲིད་གཞུང་སྡེ་ཁག་གི་མི་སྣ།ཆེད་མཁས་པ་དང་མཁས་དབང་།མཐོ་སློབ་ཀྱི་འཐུས་མི་སོགས་མི19དཔང་ཉན་ཚོགས་འདུར་ཞུགས་པ་རེད།...

    2023-08-02 15:01:33 མཚོ་སྔོན་པོ་དྲ་བ། 5922
  • ཞིང་ཆེན་ཏང་ཨུའི་སྐབས14པའི་ཚང་འཛོམས་གྲོས་ཚོགས་ཐེངས4པ་འཚོགས་པ།

    ཟླ7པའི་ཚེས21ཉིན་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་འཚོགས་ཤིང་།ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ།བརྗོད་དོན་སློབ་གསོས་བསླང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ངེས་དང་དྲིན་ཚོར་མདུན་སྐྱོད།གོ་སྐབས་དམ་འཛིན།དངོས་སྒྲུབ་གཙོར་འཛིན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཆར་འགོད་ཆེན་མོ་མངོན་འགྱུར་འབྱུང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།...

    2023-07-25 15:39:20 མཚོ་སྔོན་པོ་དྲ་བ། 5367
  • ཟླ7པའི་ཚེས14ཉིན།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁྲི་ཀ་རྫོང་དུ་དམངས་ཆེན་འཐུས་མི“གཞུང་སྒྲུབ་ཁང་གཉིས”ནང་ཞུགས་པའི་རྟོག་ཞིབ་བྱ་འགུལ་སྤེལ་བའི་ཞོར་དུ་ཆུ་ལོག་སྔོན་འགོག་དང་ཆུ་བེད།གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།...

    2023-07-19 19:50:14 མཚོ་སྔོན་པོ་དྲ་བ། 5954
  • ཉེ་སྔོན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས་རྟོག་ཞིབ་མཛད་ཅིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་།སྐྱེ་ཁམས་ཀྱི་མཐའ་ཐིག་བརྟན་སྲུང་དང་ལོ་རྒྱུས་རིག་གནས་སྲུང་སྐྱོང་།ཡུལ་སྐོར་ཐོན་ཁུངས་སྔོག་འདོན།ཡུལ་སྐོར་རྒྱུག་ཆེ་བར་བསུ་མ་བཅས་བྱས་ཏེ།མང་ཚོགས་སྔར་ལས་མང་པོ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱུག་འགྱུར“མགྱོགས་འཁོར”ལ་སྡོད་དུ་འཇུག་དགོས་ཞེས་ནན་གྱིས་གསུངས།...

    2023-06-20 10:30:28 མཚོ་སྔོན་པོ་དྲ་བ། 6954
  • ཉེ་སྔོན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གཙོ་བོ་ཁག་ལ་ཕེབས་ནས་རྟོག་ཞིབ་མཛད་པར་མ་ཟད།གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོགསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་།བརྗོད་དོན་སློབ་གསོ་ཁྲོད་རྐང་པའི་སྟོབས་དང་མིག་གི་སྟོབས།ཀླད་པའི་སྟོབས།སྨྱུག་གུའི་སྟོབས་བཅས་སྦྱོང་བརྡར་བྱེད་པ།མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ།མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བཅས་བྱས་ནས།མཚོ་སྔོན་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ལ་གླེང་ཕྱོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པར་ནན་གྱིས་བསྟན།...

    2023-06-19 08:39:49 མཚོ་སྔོན་པོ་དྲ་བ། 6839

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།