ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ལིས་ཀང་གིས་དུས་ཆེན་གཉིས་རིང་གི་གཙོ་གནད་བྱ་བར་རྟོག་ཞིབ་བྱས།
ལིས་ཀང་གིས་དུས་ཆེན་གཉིས་རིང་གི་གཙོ་གནད་བྱ་བར་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-10-11 09:16:55
ཀློག་གྲངས།:
ལིས་ཀང་གིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་ལམ་ནས་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་རིང་གི་གཙོ་གནད་བྱ་བར་རྟོག་ཞིབ་བྱས།
ཟླ10པའི་ཚེས1ནས་ཚེས5ཉིན་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་། ཁུལ་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་བཅས་སུ་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་གཉིས་ཀྱི་གུང་གསེང་རིང་གི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད། ལས་རེས་སོགས་བྱ་བར་རྟོག་ཞིབ་བྱས་ཤིང་། ཁོང་གིས་ཁུལ་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་ལས་རེས་ལ་འགན་འཁྲི་ཡོད་པ་དང་ལས་རེས་མི་སྣས་འགན་འཁྲི་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། དུས་ཆེན་གཉིས་རིང་གི་གཙོ་གནད་བྱ་བ་ཁག་ངེས་པ་དོན་གྱིས་ལེགས་པར་བསྒྲུབ་ནས་བདེ་འཇགས་འཆམ་མཐུན་ཡིན་པའི་དུས་ཆེན་གྱི་རྣམ་པ་ཞིག་ཆགས་པར་བྱ་དགོས་པའི་བླང་བྱ་བཏོན།མཚོ་སྔོན་པོའི་ལྷོ་རྒྱུད་དང་ཚལ་རྔ་འགག་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་དུ་ལིས་ཀང་གིས་ཡུལ་སྐོར་ཐད་ཀྱི་རྙོག་དྲའི་སྣང་ཚུལ་ལ་དག་ཐེར་ལེགས་བཅོས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྐོར་མི་གྲངས། ཡོང་འབབ། ཞབས་ཞུའི་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཁོང་གིས་༼མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས༽ཞེས་པ་ལག་བསྟར་དངོས་འབེབས་བྱེད་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་གཞིགས་ཏེ། སྐྱེ་ཁམས་ལྟ་སྐྱོང་བ་དང་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་མི་སྣ་བཅས་ཀྱི་འགན་འཁྲི་ལེགས་སྒྲིག་བྱས་ནས། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་སྟེ་མཚོ་ལྷོའི་ལམ་ཐིག་དང་ཁྱད་པར་དུ་འགྲམ་རྒྱུད་ཀྱི་རླངས་འཁོར་འཇོག་སའི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་དང་དཔལ་ཡོན་ལྡན་པའི་ཡུལ་སྐོར་སློབ་སྟོན་བྱས་ནས་ཡུན་ཕན་ལམ་ལུགས་འཛུགས་དགོས། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་མཚོ་ཆུ་རྒྱས་ནས་སྣུབ་ཉེན་ཆེ་བའི་ས་ཁུལ་གྱི་འབྲོག་ཁྱིམ་གནས་སྤོར་བདེ་འགོག་བྱ་བར་སྐུལ་འདེད་བཏང་སྟེ། ལོ་རེའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱ་དགོས། སྐྱེ་ཁམས་ལྗོངས་ཁུལ་དང་སྤྱི་གླིང་ཆུང་བ་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་དགོས། སྤུས་ཚད་མཐོ་བའི་ཡུལ་ཕྱིའི་ལུས་རྩལ་འགུལ་སྐྱོད་དམིགས་ས་འཛུགས་སྐྲུན་བྱ་རྒྱུར་བརྩོན་ལེན་བྱས་ཏེ། ཚལ་རྔ་འགག་ཡུལ་སྐོར་ལྗོངས་ཁུལ་གྱི་ཡུལ་སྐོར་སྒྲིག་ཆས་དང་རིག་གནས་ལུས་རྩལ་ལས་གཞིའི་ཉམས་ལེན་ས་གནས་ཕུན་སུམ་ཚོགས་པར་བཏང་ནས། སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་བྱེད་པ། ལྗོངས་ཁུལ་དང་ས་གནས་མཉམ་འབྲེལ་སྒོས་འཁོར་སྐྱོད་ལྟ་ལྗོངས་སྟེགས་བུའི་ལས་གཞིའི་སྔོན་འགྲོའི་བྱ་བ་གང་མགྱོགས་སྒོས་འགྲུབ་པར་བྱས་ཏེ། བར་སྣང་གི་ཐག་ཟམ་ལས་གཞི་དུས་ལྟར་འགྲུབ་ནས་བཀོལ་སྤྱོད་བྱ་དགོས་ཞེས་ནན་གྱིས་བསྟན།
ཅིན་མའོ་ཆིན་ཡེ་དང་ལུང་དབྱང་ཀྲི་ཞན་བཅས་སུ་ལིས་ཀང་གིས་ཁེ་ལས་གཉིས་ཀྱི་དུས་ཚིགས་སྔོན་མ་གསུམ་གྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་གྱི་མཚམས་སྦྱོར་ལ་གསན་རྗེས། ཁོང་གིས་ལུང་དབྱང་ཀྲི་ཞན་ཁེ་ལས་ཀྱིས་ཀྲུང་གོའི་སྤུས་ཚད་བྱ་དགའི་ཚོགས་ཆེན་སྐབས་ལྔ་བའི་སྟེང་མིང་འདོན་བྱ་དགའ་ཐོབ་པ་དེ་མགོ་རྩོམ་ས་གསར་བར་བརྩིས་ཏེ། འབད་འབུངས་ལྷོད་མེད་དང་གྲུབ་འབྲས་གསར་བ་བསྐྲུན་ནས་ཐོན་ཚད་སྔར་ལས་རྒྱ་བསྐྱེད་དགོས་པའི་སྐུལ་མ་གནང་ཞིང་། རིག་སྨོན་གྲོང་བརྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལིས་ཀང་གིས་བཙོག་ཆུའི་འབྱུང་ཁུངས་ཀྱི་ཡུལ་དངོས་ལྟ་ཞིབ་ཚད་ལེན་མ་ལག་ཏུ་བཙོག་ཆུ་གཙང་སེལ་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་བརྒྱུད་དེ། ཆུ་འབུད་ཚད་གཞི་ལྟར་ལོ་རེ་དང་ཟླ་རེར། ཉིན་རེར། དུས་ཚོད་ལྟར་བཙོག་ཆུ་བསྡུ་ལེན་དང་ཐག་གཅོད། ཕྱིར་གཏོང་བཅས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ་རྒྱ་བསྐྱེད་ལེགས་བཅོས་བྱེད་པ། ས་ཁོངས་ཀྱི་བཙོག་ཆུ་ཚོད་འཛིན་ཐག་གཅོད་སོགས་ཀྱི་བྱེད་ཐབས་སྤྱད་དེ། དམིགས་ཚད་མངོན་འགྱུར་བྱ་དགོས་ཞེས་བསྟན། ཁུལ་སྲིད་གཞུང་གི་ལས་རེས་ཁང་དུ་ལིས་ཀང་གིས་ལས་གནས་བརྟན་སྲུང་བྱས་ཡོད་པའི་ལས་བྱེད་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད། ཚང་མས་དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ། ལས་རྐང་བརྟན་སྲུང་དང་འགན་འཁྲི་འཁུར་བ། ལས་འགན་ལག་བསྟར་ལ་དམ་འཛིན་དང་ལས་རེས་བཟང་བོ་བྱེད་པ། ཐོལ་བྱུང་གི་དོན་རྐྱེན་དུས་ཐོག་ཏུ་ཐག་བཅད་དེ། སྤྱི་ཚོགས་གཏན་འཇགས་དང་མང་ཚོགས་བདེ་འགོད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ཁ་ཏ་སློབ་གསོ་གནང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།