-
[གསར་པར་དཔེ་དེབ།]
ས་བགོས་ནོར་བུ་དབང་ལྡན་ལགས་ཀྱི་རིག་གཞུང་ཆེད་དེབ«དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
ཉེ་ཆར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ས་བགོས་ནོར་བུ་དབང་ལྡན་ལགས་ཀྱི་རིག་གཞུང་ཆེད་དེབ«དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྙན་རྩོམ་ཞིབ་འཇུག»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཆེད་དེབ་འདིར་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་སྙན་རྩོམ་གྱི་ལྟ་གྲུབ་དང་།དགོངས་སྤྱོད་སོགས་བརྗོད་བྱ་དོན་གྱི་ཡོན་ཏན།རྫོགས་པ་ཆེན་པོའི་ཆོས་སྐད་འབའ་ཞིག་གིས་གྲུབ་པའི་རྗོད་བྱེད་ཚིག་གི་ཁྱད་ཆོས།རིག་པ་རང་བྱུང་གི་རྩལ་ལས་བརྡོལ་བའི་རྡོ་རྗེའི་ཐོལ་མགུར་གྱི་རྩོམ་སྟངས་བཅས་སྤྱི་ཕྱོགས་ནས་བསྟན་པ་དང་།བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ངང་ཇི་ལྟར་སྐྱོང་ཚུལ།དེ་དག་ཇི་ལྟར་ཉམས་བཞེས་དགོས་ཚུལ།ཉམས་ལེན་དང་མི་མཐུན་པའི་ཚུལ་མིན་གྱི་སྙིགས་སྤྱོད་ཇི་ལྟར་སྤང་བླང་དགོས་ཚུལ་སོགས་ཐར་ཆགས་སུ་བཀོད་ཡོད།...
2023-02-10 10:10:38 གླིང་ཚ་སྙིང་རྒྱལ་འབུམ། 14718 -
ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་བསྟུན་ནས།ལོ་ངོ་སྟོང་ཕྲག་བརྒྱུད་པའི་ཐང་གའི་རི་མོའི་སྒྱུ་རྩལ་དེ་སྔ་མོ་ནས་མང་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ཡོད་ལ་འཛམ་གླིང་གི་ཕྱོགས་སུའང་བསྐྱོད་ཡོད།འོན་ཀྱང་ཐང་གའི་སྒྱུ་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་བརྩམས་ཆོས་ཧ་ཅང་ཉུང་བས་མང་ཚོགས་ཀློག་པ་པོས་ཐང་གའི་རིག་གནས་དང་།མཛེས་དཔྱོད་ཤེས་རྟོགས་གཏིང་ཟབ་བྱེད་དཀའ་བས་རི་མོར་བལྟས་ནས་དབུགས་རིང་འབྱིན་རྒྱུ་ལས་མ་འདས།དེར་བརྟེན།ཐང་གའི་སྒྱུ་རྩལ་གྱི་འབྲེལ་ཡོད་བརྩམས་ཆོས་རྩོམ་སྒྲིག་དང་དཔེ་སྐྲུན་བྱ་རྒྱུ་དེ་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་རིག་གནས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།...
2023-01-09 09:36:02 མཚོ་སྔོན་པོ་དྲ་བ། 13591 -
«མཚན་ཞག་སྟོང་གི་གཏམ་རྒྱུད»ཅེས་པའི་དཔེ་དེབ་འདི་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་རྩོམ་སྒྱུར་ཅུས་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱེད་པ་ཞིག་ཡིན་ཞིང་།ཁྱོན་དེབ་གསུམ་ཡོད།དེབ་འདི་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན།མི་སྒེར་གྱིས་ལེགས་སྒྲུབ་གནང་བའི་ཡིག་སྒྱུར་གྱི་བརྩམས་ཆོས་ཆེ་ཤོས་གྲས་ཤིག་ཡིན་ལ་གང་དེ་དཔེ་སྐྲུན་མཛད་པ་དེས་བོད་ལྗོངས་ཀྱི་རྩོམ་རིག་ལོ་ཙཱའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་བ་མ་ཟད།བོད་མི་རིགས་ཀྱི་ལོ་ཙཱའི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད་ཡོད།...
2023-01-06 08:53:48 མཚོ་སྔོན་པོ་དྲ་བ། 14116 -
[གསར་པར་དཔེ་དེབ།]
༄༅། །སྤྲེལ་རྫོང་དགོན་པ་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དཔེ་ཚོགས་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་རེད།
སྤྲེལ་རྫོང་དགོན་པ་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དཔེ་ཚོགས་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་ཡིན་ལ།དེབ་འདི་དག་ནི་ཆོས་སྡེ་འདི་དང་འདི་ནས་དྲིན་གྱིས་བསྐྱངས་པའི་དགེ་རྒན་དང་བླ་མ་བཀའ་དྲིན་ཅན་དག་ལ་དྲིན་གཟོའི་ཕྱིར་དང་།དམིགས་ཀྱིས་ད་ལོ་རང་རེའི་དགོན་པ་འདི་ཕྱག་བཏབ་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དུ་འདི་ཀའི་གྲྭ་རྐྱང་དཀྱུས་མ་འགས་བརྩམས་པ་ཡིན་པས་དཔྱོད་ལྡན་ཀློག་པ་བོ་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན་ལགས།...
2022-12-28 10:17:07 མཚོ་སྔོན་པོ་དྲ་བ། 14132 -
འཛམ་གླིང་ཡུལ་གྲུ་ཁག་གི་སྒྱུ་རྩལ་རིགས་སྤྱི་དང་།སྒོས་སུ་ནུབ་ཕྱོགས་དེང་རབས་སྒྱུ་རྩལ་ཏེ།དབྱི་ཐ་ལའི་རིག་རྩལ་སྐྱར་དར་ནས་བརྒྱུད་པའི་དེང་རབས་སྒྱུ་རྩལ་གྱི་འཕེལ་འགྲོས་དང་།རིང་ལུགས་གཙོ་བོ་ཁགབཟོ་བོ་མཁས་ཅན་དང་ཁོང་ཅག་གི་བརྩམས་ཆོས་སོགས་ལ་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་ནི་མཐོ་སློབ་མཛེས་རྩལ་ཆེད་ལས་སློབ་གཉེར་བ་དག་གི་བསླབ་ཚན་གཙོ་བོའི་གྲས་ཤིག་ཡིན་ལ།སྒྱུ་རྩལ་ལ་དགའ་མོས་བྱེད་མཁན་ཀློག་པ་པོ་བྱིངས་ནས་དོ་སྣང་སྤྲོད་འོས་པ་ཞིག་ཡིན།དེབ་འདི་ནི་རང་རེའི་ཀློག་པ་པོ་རྣམས་ཀྱི་སྒྱུ་རྩལ་གྱི་བློ་སྦྱོང་གོང་འཕེལ་ཡོང་རྒྱུར་དམིགས་ཏེ།བརྗོད་བྱ་ཅུང་འཐུས་ཚང་ལ་རྗོད་བྱེད་གོ་སླ་བའི་སྒོ་ནས་ནུབ་ཕྱོགས་དེང་རབས་སྒྱུ་རྩལ་གྱི་བྱུང་འཕེལ་དང་འབྲེལ།བག་ཆགས་རིང་ལུགས་ཕྱི་མ་ནས་དེང་རབས་ཕྱི་མའི་རིང་ལུགས་བར་གྱི་སྔོན་སྐྱོད་སྒྱུ་རྩལ་པ་དག་གི་དགོངས་བཞེད་དང་འཐུས་ཚབ་བརྩམས་ཆོས་དག་པར་ཡིག་སྦྲགས་མའི་ལམ་ནས་རིམ་ཅན་དུ་བཀོད་ཡོད་པས།དེབ་འདིས་ཁྱེད་རང་མཛེས་རྩལ་རྟེན་མཛོད་ཁང་ཞིག་ཏུ་ཕྱིན་པ་ལྟ་བུའི་ཉམས་སྣང་སྦྱིན་ངེས་སོ།།...
2022-12-02 17:01:33 སྒོ་ཡག་སྟག་ལྷ་ཚེ་བརྟན། 12990