ངོས་དང་པོ > གསོ་རིག > གསོ་རིག་གཞུང་ལུགས། > དྭངས་མ་མ་ཞུའི་མཁྲིས་ནད་དུག་ཐབས(Hepatitis B+)ཀྱི་ནད་གཞིར་དཔྱད་པ།
དྭངས་མ་མ་ཞུའི་མཁྲིས་ནད་དུག་ཐབས(Hepatitis B+)ཀྱི་ནད་གཞིར་དཔྱད་པ།
རྩོམ་པ་པོ།:སྨན་རམས་པ་པདྨ་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-06-25 10:35:00
ཀློག་གྲངས།:
ཕྱི་ལུགས་ནས་བཤད་པའིHepatitis Bནད་རྟགས་རྣམས་ལ་དཔྱད་པ།
ཕོ་བ་དང་རྒྱུ་མའི་བྱེད་ལས་མི་བདེ་བ།
ཕོ་བ་དང་རྒྱུ་མ་དང་ལོང་གསུམ་ནི་བད་ཀན། མཁྲིས་པ། རླུང་གསུམ་གྱི་གནས་དང་ཟ་བཏུང་འཇུ་བྱེད་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པས་དེ་རྣམས་ཀྱི་བྱེད་ལས་མི་བདེ་བ་ནི་མ་ཞུ་བའམ་ནད་གཞི་འདིའི་ཐོག་མའི་འབྱུང་རྩའི་གཞི་སྟོན་པའོ།།
ཆམ་རིམས་ལྟ་བུའི་ནད་གཞིས་ཟིན་པ།
ཆམ་རིམས་ལྟ་བུས་ཚིགས་གཞི་རིམས་བཏབ་ཀྱིས་མི་བདེ་བ་ལྟ་བུ་ནི། ནད་གཞིའི་ཚ་བ་མ་སྨིན་པ་བད་རླུངགི་གྲོགས་དང་ལྡན་པས་ཕྲུམ་སེར་འཁྱེར་བ་སོགས་ བྱུང་བ་ནི་ནད་རྐྱང་པ་མ་ཡིན་པ་གཞན་དབང་ཅན་གྱི་རྟགས་སྟོན་པའོ།།
གོང་གསལ་གྱི་རྟགས་རྣམས་ནིHepatitis Bནད་ཀྱི་སྔར་ཚུལ་དང་དེ་རྗེས་རིམ་པས་དུས་ཡུན་གང་མཚམས་སོང་རྗེས་ཚུལ་ཕྱེད་པའི་རྟགས་ནི།
ལུས་ཁམས་ཇེ་སྡུག་ཏུ་འགྲོ་བ།
ལུས་ཞེས་པ་ནད་དང་ལུས་ཟུངས་དྲི་མ་གསུམ་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་རག་ལུས་ པས་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལ། ཟས་སྤྱོད་སོགས་དམན་ལྷག་ལོག་པས་ལུས་ཀྱི་ཉེས་པ་རྣམས་འཕེལ་ཟད་འཁྲུག་པའི་ངོ་ བོར་གྱུར་ནས་ལུས་འདི་བཟུང་བར་བྱེད་མཁན་གྱི་དྭངས་མ་བདུན་བརྒྱུད་ལ་སོགས་པར་ གནོད་པར་བྱས་ནས་དྲི་མར་གྱུར་པས་ན་ལུས་ཀྱི་ཟུངས་མི་བརྟན་པར་ལུས་ཁམས་ཇེ་སྡུག་ ཏུ་འགྲོ་བ་དང་། ཞེ་མེར་ལང་བ་དང། དང་ག་འགགས་པ། ཞེ་མེར་བ་དང་དང་ག་འགག་པ་ནི་འཇུ་བྱེད་ཀྱི་ལས་ཀ་ཚུལ་བཞིན་མེད་པས་མ་ཞུ་བའི་རྟགས། ཚ་བ་ཕྲན་བུ་འབྱུང་བ། ཚ་བ་ཕྲན་བུ་ནི་མཁྲིས་ཚད་ལྟ་བུ་ཚ་བའི་སྟོབས་ཡོངས་སུ་རྫོགས་པས་རྒྱས་ཚད་ལྟ་བུ་ མིན་པས་ཚད་སྟོབས་སྐྱེད་མི་ཐུབ་པའི་བསྡོངས་ཟླ་གཞན་ཡོད་པར་བསྟན་པའོ།།
ལུས་ཁམས་མི་བདེ་བ།
ལུས་ཟུངས་ཚུལ་བཞིན་མ་རྒྱས་པར་ཉེས་པའི་རང་རྟགས་སྟོན་པ།
སྐབས་རེ་མགོ་ཚབས་ཆེར་ན་བ།
མགོ་ན་བ་ཟེར་བ་དེར་རྒྱུ་རྐྱེན་གཞན་མང་དག་ཡོདཀྱང་སྐབས་འདིར་མགོ་ནད་ཚབས་ཆེ་ན་དེ་མཁྲིས་པའི་རྟགས་ཡིན་ན་ཡང་རྒྱུན་དུ་མེད་པར་སྐབས་རེ་ན་བ་ནི་རླུང་དང་བསྡོངས་པའི་རྟགས་དང་སྤྱིར་རྒྱུད་དུ་མགོ་ན་བ་མཁྲིས་རླུང་མཇིང་ཐད་ན་བ་བད་མཁྲིས་རྐེད་པ་ན་བ་བད་རླུང་དུ་གསུངས་ཡོད།
ཆང་རག་མི་འདོད་པ།
རྒྱུན་དུ་ཆང་རག་འཐུང་མཁན་ཞིག་གློ་བུར་དུ་མི་འདོད་པ་ཞེ་ལོག་པ་ནི་ཆང་རག་དེ་ཡུན་རིང་བསྟེན་དྲགས་པས་དེའི་ཡོན་ཏན་དང་མཚུངས་པའི་ནང་དུ་ཉེས་པ་མཁྲིས་པ་བསགས་ཆེས་པ་དེས་ཁམས་ལོག་ནས་རེ་ཞིག་ལུས་ཁམས་འཁྲུགས་པའི་སྣང་བ་དང་བཅས་དེ་མི་འདོད་པ་ཤར་ ནས་དེའི་ཡོན་ཏན་ལས་ལྡོག་པའི་ཟ་འཐུང་གི་རིགས་དད་པ་ནི་རྒྱུད་དུ། རྒྱུ་ལས་འཁྲུགས་བྱེད་མི་མཐུན་ཡོན་ཏན་འདོད། །ཅེས་གསུངས་པས་སོ།།
ཆབ་མདོག་མར་ནག
སྤྱིར་མཁྲིས་པའི་ནད་ལ་ཆབ་ཀྱི་མདོག་སེར་པོར་སྣང་ཡང་མར་ནག་འདྲ་བ་ནི་མཁྲིས་ནད་དེ་ གནས་མཆིན་པ་དང་ཁྲག་ལ་བསྡོངས་པར། རྒྱུད་དུའང་། མར་ནག་འདྲ་ན་རིམས་དང་མཁྲིས་པ་རྒྱས། །ཞེས་གསུངས་ཡོད།
བཤང་བའི་མདོག་སྐྱ་བ།
རྒྱུན་གཏན་མཁྲིས་ཁུ་རྒྱུ་མར་སོང་ནས་བཤང་མདོག་སྨུག་པོ་ལྟ་བུར་བྱུང་ཡང་། མཁྲིས་པ་རྣམ་པར་གྱུར་པའི་རྐྱེན་གྱིས་མཁྲིས་ཁུ་རྒྱུ་ལམ་ལོག་ནས་རྒྱུ་མར་འགྲོ་མ་ཐུབ་སྟབས་བཤང་བའི་མདོག་སྐྱ་བའམ་དཀར་བ་བྱུང་བ་ནི་མཁྲིས་པ་གྲང་མཁྲིས་ཀྱི་རྟགས་ཡིན། རྒྱུད་དུ་ཁྱད་པར་བཤང་བ་དཀར་བ་གྲང་མཁྲིས་མི་འགྱུར་རྟགས་ཞེས་གསུངས་ཡོད།
ཤ་སེར་མིག་སེར།
ཟས་སྤྱོད་རྐྱེན་གྱིས་མཁྲིས་པ་འཕེལ་བའམ་རྒྱུ་ལམ་འགགས་པས་མཁྲིས་ཁུ་ཁ་ལུད་ཀྱིས་བྱེར་བས་ཐོག་མར་མིག་དང་དེ་རྗེས་ཤ་སེར་མིག་སེར་དུ་འགྲོ་བ། ཟ་བཏུང་བཙོག་པའམ་དུག་ཅན། ཆང་རག རྫས་སྦྱོར་སོགས་ཀྱིས་མཆིན་པ་བསྣད(Liver Damage)པའི་རྟགས་ནི། རྟགས་གཞན་ཚུལ་ཕྱེད་ཀྱི་སྐབས་དང་མཚུངས་ལ་དེ་མིན། ཕོ་བ་སྦོ་བ་དང་སྐབས་རེ་གཟེར་བར་རྒྱུ་རྐྱེན་གཞན་ཡོད་ཀྱང་སྐབས་འདིར་མ་ཞུ་བའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ་ནས་རླུང་རྒྱུའི་ལམ་འགགས་པས་ཕོ་བ་སྦོ་བ་ལ་སྐབས་རེ་གཟེར་བ་དང་ཚ་འབྲབ་བྱུང་བ་སོགས་ནི་མ་ཞུ་བའི་རྟགས། རྒྱུད་དུའང་། མ་ཞུའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ། །བེ་སྣབས་དེ་ཡིས་རླུང་རྒྱུའི་རྩ་སྦུབས་བཀག །ཅེས་དང་། ཡང་། ཕོ་རླུང་དབུགས་རྒོད་སྦོ་ལ་སྟོང་སྒྲེག་བྱེད། །ཕོ་བ་འབྲབ་སྙམ་ཟོས་རྗེས་བདེ་བར་མངོན། །གསུངས་པ་ནི་དོན་དུ་མ་ཞུ་བས་སོ།།
ལུས་གཡའ་བ།
ལུས་གཡའ་བ་ཡང་རྒྱུ་རྐྱེན་གཞན་ཡོད་ཀྱང་འདིར་གཡའ་བའི་ཟ་འཕྲུག་བྱེད་པ་ནི་མཁྲིས་པ་ པགས་ལ་འགྲམས་པའི་རྟགས་ཞིག་ཡིན། དེ་ཡང་རྒྱུད་དུ། མཁྲིས་པ་པགས་ལ་འགྲམས་ན་ཟ་འཕྲུག་བྱེད། །ཤ་ལ་རྒྱས་ན་ཤུ་བ་ཐོར་པ་འབྱུང་། །འཁྲུག་ན་ཆུ་སེར་ཁྲག་དང་མཁྲིས་པ་འཛགས། །ཞེས་པ་དང་། མཁྲིས་པ་པགས་འགྲམས་ཆུ་སེར་ལྟ་བུར་བཅོས། །ཞེས་ཀྱང་གསུངས་ཡོད།
སྐབས་རེ་བཤང་བ་མཉམ་ཁྲག་གམ་ནག་པོ་བྱུང་བ།
མཁྲིས་གནས་ཁྲག་གིས་གནས་གྱུར་ནས་སྨུག་པོའི་རྒྱུ་བྱེད་པས་བཤང་བ་ནག་པོ་བྱེད་པ་ནི་རྒྱུད་དུ། ཁྲག་གིས་གནས་གྱུར་སྨུག་པོའི་རྒྱུ་བྱས་ཏེ། །དྲི་མ་ནག་སྨུག་སྐམ་ལ་ཤ་རིལ་འདྲ། །ཞེས་དང་། ཡང་ན་མཆིན་ཁྲག་ཐུར་དུ་ཟགས། ཟགས་པ་ལོང་དུ་རླུང་དང་བསྡོངས་པས་ནག་པོའམ་ཁྲག་ཉིད་དུ་བྱུང་བ་དང་། མཆིན་པ་དུག་ཐབས་ཀྱི་སྐབས་སུའང་གཞུག་ཏུ་མཆིན་པ་རུལ་ནས་དུད་ཁུར་འབྱུང་གསུངས་ པས་སོ།།
ངལ་དུབ་ཆེ་བ།
རྒྱུད་དུ་ཁྲག་གིས་རླན་ཞིང་སྲོག་འཚོ་ཞེས་གསུངས་པ་ལྟར་ཁྲག་ནི་ལུས་ཟུངས་ཀྱི་གཙོ་བོ་ ཡིན་པས་དེ་ཟུངས་སུ་མ་གྱུར་པས་ལུས་ཀྱི་སྟོབས་བྲི་ནས་ངལ་དུབ་ཆེ་ལ་སྟོབས་ཆུང་ བ། རང་བྱུང་ཁམས་ཀྱི་སྨན(Naturopathy)ལུགས་སུ་གོང་གསལ་ནད་རྟགས་ཀྱི་སྟེང་ཐོལ་པ་འགའ་བཤད་པ་ནི།
སྐྱུགས་པ།
སྐྱུགས་པར་རྒྱུ་རྐྱེན་གཞན་ཡོད་ཀྱང་སྐབས་འདིར་ཁ་ཟས་མ་ཞུ་བ་གཙོ་བོ་ཕོ་བ་དང་འབྲེལ་བས་མ་ཞུ་བ་དེ་གསང་ཁ་དང་ཉེ་བས་སྐྱུགས་པ།
ཤ་གནད་མི་བདེ་བ།
ཤ་གནད་མི་བདེ་བ་ནི་ཟུངས་ཟད་རླུང་འཕེལ་གྱི་རྟགས་ཤིག་ཡིན།
གཉིད་ཐིབས་ཆེ་བ།
མ་ཞུ་བ་དང་ལྷག་པར་དུ་ནད་འདིར་བད་ཀན་བསྡོང་ཟླ་ཡོད་པས་གཉིད་ཐིབས་ཆེ་བ།
ཁོང་ཚིག་ཆེ་བ།
ཟུངས་ཟད་རླུང་འཕེལ་བའི་རྟགས།
འཁྲུ་བ། Diarrhoea
འདིའི་སྐབས་དབྱིན་སྐད་དུDiarrhoeaཞེས་ཚ་འཁྲུ་ལས་ལྡོག་སྟེ་གྲང་མཁྲུའི་ཐ་སྙད་བེད་སྤྱོད་བཏང་འདུག གྲང་འཁྲུ་ནི་ཕོ་བ་སྦོ་བ་དང་བཤང་བ་སླ་བ་ལན་མང་བཤལ་བ་སོགས་ཀྱི་རྟགས་ཡོད་པས་རྒྱུ་ནི་གཙོ་བོ་མ་ཞུ་བའམ་མེ་དྲོད་ཉམས་པའོ། །རྒྱུད་དུའང་། མ་ཞུ་འགྱིངས་རྗེས་བུངས་ཆེར་འཁྲུ། །གསུངས་ཡོད།
ཚིགས་གཞི་ན་བ་གྲུམ་བུའི་རྟགས།
ནད་འདི་ཆུ་སེར་དང་བསྡོངས་པས་ཆུ་སེར་ཚིགས་གཞིར་རླུང་གིས་བྱེར་བ་ལས་གྲུམ་བུའམ་ ཚིགས་གཞི་མི་བདེ་བ་བྱུང་བ་ནི་སྣོད་མཁྲིས་ཀྱི་འབྲས་བུ་ཆུ་སེར་ཚིགས་ལ་འགྲམས་ པའི་རྟགས་སོ།།
རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་དུ་ནད་གཞི་འདིར་ནད་རྟགས་ཐོལ་པ་འགའ་བཤད་པ་ནི།
འཇུ་སྟོབས་ཞན་པ།
ནད་འདི་མ་ཞུ་བས་བསྐྱེད་པ་གསལ་པོར་བསྟན་པའི་རྒྱུ་བཤད་པ།
མཆིན་པས་སྣུམ་ཚིལ་གྱི་རིགས་འཇུ་མ་ཐུབ་པ།
ཟ་བཏུང་སྣུམ་ཚིལ་གྱི་རིགས་ཕོ་བར་མྱག་ཞུ་དྭངས་སྙིགས་འབྱེད་མ་ཐུབ་པར་དྭངས་ སྙིགས་འདྲེས་ནས་མཆིན་པར་སོང་བ་མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་ཏུ་བསྒྱུར་མ་ ཐུབ་པའམ་མ་ཞུ་བའི་དོན།
མཆིན་པ་གཟེར་བ་དང་བཟོད་པ་དཀའ་བ།
མཆིན་པའི་ནང་དྭངས་མ་མ་ཞུ་བའི་ངན་ཁྲག་ཆུ་སེར་རྐྱེན་གྱིས་མཆིན་པ་བསྣད་པ་དང་རྒྱས་པ། གཉན་དང་ཡང་བསྡོངས་སྲིད་པས་ན་གཟེར་བ་དང་མཛུབ་མོ་སོགས་ཀྱིས་རེག་ན་བཟོད་དཀའ་བའོ།།
གོང་གསལ་གྱི་ནད་རྟགས་དེ་རྣམས་ལ་གཞིགས་ནHepatitis སྤྱི་དང་བྱེ་བྲགBཡི་ནད་གཞི་འདི་ཕྱིའི་ཟ་བཏུང་བཙོག་པའམ་ཆང་རག་སོགས་ཐད་ཀར་མཆིན་པར་ཤོར་བ་མ་ ཡིན་པར་ཕོ་བའི་མེ་དྲོད་རྣམ་གསུམ་འགྲིམས་ནས་མ་ཞུ་བའི་རྣམ་པར་སོང་བ་ཞིག་གིས་ ནད་གཞི་འདི་བྱུང་བ་གསལ་པོར་མཐོང་གི་འདུག་པ་ནི་རགས་པའི་དཔྱད་པ་ཡིན།
སྤྱིར་བཏང་བོད་ཀྱི་གསོ་རིག་གཞུང་ནས་བཤད་ན། འཕྲོད་པའི་ཟ་བཏུང་དང་སྤྱོད་ལམ་གྱིས་ལུས་ཁམས་ཀྱི་དྭངས་མ་བདུན་བརྒྱུད་རྣམས་ཚུལ་བཞིན་འཕེལ་བ་དང་། སྙིགས་མ་རྣམས་ཀྱང་སོ་སོའི་འཇུག་སྒོ་ལས་དྭངས་མའི་ལམ་དུ་མ་ཤོར་བར་བྱེད་པ་ནི་ཉེས་པ་གསུམ་གྱི་བྱེད་ལས་སྙོམས་པར་བསྟན་པ་དང་དེ་ལས་ལྡོག་སྟེ་ཟ་བཏུངགི་རིགས་དང་སྤྱོད་ལམ་བཅས་དམན་ལྷག་ལོག་པའི་རྐྱེན་གྱིས་ཕོ་བའི་མེ་དྲོད་རྣམ་གསུམ་གྱི་མྱགས་ཞུ་དྭངས་སྙིགས་འབྱེད་པའི་བྱ་ལས་རྒྱུན་གཏན་ལྟར་ཚུལ་བཞིན་མ་ཐུབ་པས་སྙིགས་མའམ་བཙོག་པ་དེ་དྭངས་མ་རྒྱུ་བའི་རྩ་མིག་ཏུ་ཤོར་ནས་མཆིན་པར་སོང་བ་དེ་མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་ཏུ་བསྒྱུར་མ་ཐུབ་པར་བརྟེན་ཡུན་རིང་མཆིན་པར་གནས་ནས་ངན་ཁྲག་ཏུ་གྱུར་པ་དེ་མཆིན་པ་བསྣད་པ་དང། རིམ་བཞིན་ངན་ཁྲག་དེ་མཁྲིས་པ་དང་ཆུ་སེར་ནད་ཅན་དག་འཕེལ་བས་ངན་པའི་ཆ་དེ་ལ་ཕྱི་ལུགས་ཁྲག་གི་ཆུ་སེར་སྐྱོན་ཅན་དང་དེའི་ནང་ལ་སྔར་མེད་ཀྱི་ཟས་བཅུད་(Protien) ཞེས་པ་དྭངས་མ་མ་ཞུ་བའི་ཆ་དེ་ལ་གོ་དགོས་པ་མིན་ནམ་བསམ།
སྤྱིར་དྭངས་མ་ནི་ཟ་བཏུང་གི་ཡོན་ཏན་མི་འདྲ་བ་སོ་སོ་ལ་བརྟེན་པའི་དེ་འབྲེལ་མཚན་ཉིད་ མཚུངས་པའི་ཉེས་པ་འཕེལ་བར་བྱེད་པ་ནི་རྒྱུད་དུ། དེ་ལྟར་རྒྱུ་ལ་རྐྱེན་གྱིས་བསྐྱེད་བྱས་ནས། །འཇུག་པའི་ཚུལ་ནི་འཕང་བྱའི་ཡུལ་དེ་ལ། །འཕེན་པར་བྱེད་པའི་རྐྱེན་ནི་རྣམ་བཞི་ཡིས། །འཕེན་བྱ་གཅིག་ལ་ཕོག་དང་འབྲེལ་བས་དཔག །གསུངས་པ་ལྟར་སྐབས་འདིར་རྒྱུ་ཆང་རག་དང་བཙོག་པ་རྫས་སྦྱོར་ལ་སོགས་པ་སྣུམ་བཅས་རྣོ་ཞིང་ཚ་བའི་ཟས་ཀྱི་དྭངས་མ་མ་ཞུ་བ་དེས་བསྐྱེད་པའི་ངན་ཁྲག་ཆུ་སེར་དང་བསྡོངས་པའི་ནད་གཞི་འདི་ངོ་བོའི་ཆ་ནས་མཁྲིས་ནད་ཤ་སེར་མིག་སེར་གྱི་རིགས་ཡིན་པ་ལ་གནས་ཀྱི་དབང་གིས་ཚ་ཤས་ཡོད་པ་ནི་རྒྱུད་དུ། ཁ་ཅིག་མ་ཞུ་གསར་རྙིང་ཐམས་ཅད་ལ། །བཅགས་པ་ཕན་ཞེས་རྨོངས་པའི་མུན་ཚིག་སྨྲ། །སྙིགས་མ་མ་ཞུ་གསར་པ་བཅགས་ཕན་ཏེ། །དྭངས་མ་མ་ཞུ་རྙིང་པའི་དུག་ཏུ་གྱུར། །ཅིའི་ཕྱིར་དྭངས་མ་མཆིན་གནས་མཁྲིས་ལྡན་ཚ། །སྙིགས་མ་ཕོ་ལོང་བད་རླུང་བསྡོངས་པས་གྲང་། །ཞེས་དང་། །ཡང་། དྭངས་མ་མ་ཞུ་ཚ་བ་བད་སྨུག་དང་། །ཚ་སྐྲན་ཚ་ཆུ་ཚ་བའི་ཆུ་འགགས་དང་། །མ་ཞུ་གླངས་ཐབས་བད་ཀན་དམུ་སྐྲན་དང་། །ཆུ་འགགས་ཞེས་པའི་མིང་ལ་བརྟེན་བྱས་ནས། །དྲོད་ཀྱིས་བཅོས་པས་ཚ་བས་སྲོག་འདོར་བྱེད། །ཅེས་མ་ཞུ་བ་ཞེས་པའི་མིང་ཙམ་ལ་ངོས་བཟུང་གིས་དྲོད་བཅོས་ཐལ་དྲགས་ན་ནད་པའི་སྲོག་ལ་ཉེན་ཚབས་ཆེ་བས་ཞིབ་ཏུ་བརྟག་ནས་བཅོས་ཐབས་ལ་འཇུག་དགོས་པར་གདམས་ཡོད།
གནས་ཀྱི་དབང་གིས་མཆིན་པ་ཚ་བར་བཟུང་དགོས་དོན་ནི་མཆིན་པ་ནི་ཁྲག་མཁྲིས་ཀྱི་གནས་ཡིན་པའང་རྒྱུད་དུ། ཁྲག་རྡུལ་མིག་དང་མཆིན་མཁྲིས་རྒྱུ་མ་དང། །ཞེས་པ་ལས་རྟོགས་པར་འགྱུར་པས་ན། དེ་ལྟ་བུའི་དྭངས་སྙིགས་འདྲེས་པའི་དྭངས་མ་བཙོག་པ་དེ་མཆིན་པའི་གནས་སུ་མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་ཏུ་སྒྱུར་མ་ཐུབ་པ་དེ་འདྲིལ་ཟགས་བྱེར་འགྱིངས་བཞིའི་གཅོང་གི་རྒྱུ་ཡིན་པ་ནི་རྒྱུད་དུའང་ཁོང་ནད་ཕལ་ཆེར་དྭངས་མ་མ་ཞུས་བསྐྱེད་གསུངས་ཡོད།
Hepatitis Bནད་གཞི་འདི་ངོ་བོ་དྭངས་མ་མ་ཞུ་བ་ལ་རྣམ་པ་བྱེར་བའི་གཅོང་གི་སྡེར་གཏོགས་པ་རྒྱུད་དུའང་། བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང་། །འབྲས་དང་སུར་ཡ་དྲེག་དང་གྲུམ་བུ་དང་། །མིག་སེར་རྩ་སྐྲན་རྐང་འབམ་དུ་མར་གྱུར། །ཞེས་གསུངས་ཡོད།
མཁྲིས་པ་དང་ཆུ་སེར་ཇི་ལྟར་བསྐྱེད་པའི་ཚུལ་ནི། རྒྱུད་དུ། ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་འགྱུར། །མཁྲིས་པའི་སྙིགས་མ་ཆུ་ཡི་ཀུ་ཡར་འགྱུར། །གསུངས་པ་དང་། ཡང་དང་པོར་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྒྱུར་ལས་ཀྱིས་ཁྲག་ཏུ་བསྒྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་གྱུར། །གསུངས་ཀྱང་འདིའི་སྐབས་ཟུངས་ཁྲག་གི་རྒྱུ་བྱེད་པའི་དྭངས་མ་ཚད་ལྡན་དེ་ལས་ལྡོག་སྟེ་དྲི་མ་ཅན་དེས་ཁྲག་ངན་འཕེལ་བ་དེ་ལས་མཁྲིས་པ་དང་དེ་ལས་ཆུ་སེར་ངན་པ་རྒྱས་པ་བྱེར་བས་ལུས་ཀུན་མ་རུང་བ་བྱེད་པ་ནི། རྒྱུད་དུ། མཁའ་ལ་སྤྲིན་འདུས་ཆར་པ་འབབ་པ་བཞིན། །རང་རང་གནས་སུ་འཕེལ་ཞིང་གསོག་པར་བྱེད། །ཅེས་ནད་རྙིངChronic Hepatitis དང་། བསགས་པ་རྐྱེན་འཕྲད་ངེས་པ་ཁོ་ནར་ལྡང་། །ལམ་དྲུག་ཞུགས་ནས་བདེ་མེད་ནད་བསྐྱེད་འགྱུར། །གསུངས་པའི་ནད་གཞི་བསགས་པ་དེ་ཟས་སྤྱོད་ཀྱི་རྐྱེན་གློ་བུར་བ་དང་འཕྲད་པས་རང་གི་གནས་ལས་ལྡང་ནས་ལམ་དྲུག་ཏུ་ཞུགས་ནས་བདེ་མེད་ཀྱི་ནད་ཀྱིས་སྲོག་ལ་རྒོལ་བར་བཤད་པ་ནི་ཛ་དྲག་གི་ནད་ Acute Hepatitis མིན་ནམ་བསམ་པ་དང་། ཡང་ཡུལ་དུས་མིའི་རང་བཞིན་སོགས་ཀྱི་ཁྱད་པར་ཡང་ཡོད་པར་ངེས། མཁྲིས་པ་མདངས་སྒྱུར་གྱི་བྱ་ལས་ཚུལ་བཞིན་མ་ཐུབ་པས་ཆུ་སེར་འཕེལ་བ་ཡང་། རྒྱུད་དུ། མདངས་སྒྱུར་ནད་གྱུར་ཆུ་སེར་ཕོ་བ་ལྟེམ། །ཞེས་གསུངས་པས་སོ།།
དེ་ལྟ་བུའི་ཕྱི་ལུགས་ཀྱིHepatitis B ཞེས་པའི་ནད་གཞི་འདི་ལ་རྒྱ་གར་ཚེ་ཡི་རིག་བྱེད་པས Kamala འམ Pillia དང་བོད་ཀྱི་གསོ་བ་རིག་པར་མཁྲིས་ནད་ཤ་སེར་མིག་སེར་གྱི་རིགས་དང་དེ་ལ་ཉེས་པའི་དབང་གིས་མཆིན་པའི་དུག་ཐབས་བཅས་བཤད་ནའང་མི་འགྲིགས་པ་མིན་འདུག དཔེར་ན་སྨན་པ་ཕལ་ཆེར་གྱིས་ནད་འདིའི་སྨན་བཅོས་སུ་གཏོང་བཞིན་པའི་གསེར་མདོག་བཅུ་གཅིག་གི་ནུས་པར་ཡང་། མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང། །ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་། །སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ། །ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས། །ཤ་ཡ་མིག་སེར་ཀྵ་ཡ་ནག་པོ་ལ། །ཤིན་ཏུ་ཕན་པ་མྱོང་གྲུབ་གདམས་པ་ཡིན། །ཞེས་པ་སྤྱི་དང་བྱེ་བྲག་དུག་ཐབས་ལ་ཕན་པ་གསལ་པོར་གསུངས་ཡོད། དོན་དངོས་ནི་དྭངས་མ་མ་ཞུས་བསྐྱེད་པའི་མཁྲིས་ནད་ཤ་སེར་མིག་སེར་གྱི་རིགས་སུ་འཐད་ཀྱང་ད་དུང་གསོ་རིག་འཛིན་པ་རྣམས་ཀྱིས་ཞིབ་དཔྱད་ཡོད་པ་ཞུ།
མཆིན་ནད་དུག་ཐབས།
རྒྱུད་དུ། དུག་ཐབས་མིག་དམར་གདོང་སྔོ་རྩིབ་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན། །བྲུན་སྐམ་བོལ་གཡོ་མུར་གོང་མཐིལ་གཞི་སེར། །གཞུག་ཏུམཆིན་པ་རུལ་ནས་དུད་ཁུར་ལུ། །ཞེས་དང་།
ཤ་སེར་མིག་སེར།
རྒྱུད་དུ། སྣོད་མཁྲིས་འཇུ་བྱེད་གང་ཡང་རུང་། །འགྲམས་འཁྲུགས་རིམས་རྐྱེན་མཁྲིས་པ་འཕེལ་བའམ། །ཟས་སྤྱོད་རྐྱེན་གྱིས་འཕེལ་ཏེ་རྩར་ལུད་པས། །ཤ་སེར་མིག་སེར་རྣམ་པ་གཉིས་སུ་གྱུར། །གསུངས་པའི་སྤྱི་རྟགས་ཀྱི་སྐབས་སུ། སྤྱི་རྟགས་མིག་སྤྲིན་བཞིན་པགས་ཆུ་མདོག་སེར། །ལྟོ་ཆེ་མཁྲིས་པ་འཁྲུ་སྐྱུག་ཟ་འཕྲུག་བྱེད། །དེ་ཡང་མཁྲིས་པ་ཚ་བ་སྐོམ་དད་ཆེ། །རྩ་གྲིམས་ཆུ་ཡི་རླངས་ཆེ་ཀུ་ཡ་མཐུག །ཁ་ཁ་ལུས་ཚ་གཉིད་ཆུང་བཤང་བ་སེར། །ཤ་ཆང་མར་རྙིང་བུ་རམ་དྲོད་བག་གནོད། །མཁྲིས་པ་གྲང་བ་དེ་ལས་གོ་ལྡོག་སྟེ། །མེ་དྲོད་འཇུ་སྟོབས་ཆུང་ལ་བཤང་བ་དཀར། །ཡང་། རང་བཞིན་ཟས་སྤྱོད་རྐྱེན་གྱིས་མཁྲིས་འཕེལ་བའི། །རྩར་རྒྱུག་དག་ལ་ཤ་སེར་མིག་སེར་གཉིས། །མཁྲིས་པ་ཤ་སེར་ཤེད་ཆུང་གཉིད་མི་ཐུབ། །ལུས་ལྕི་ཞོ་དར་ཆུ་སོགས་གང་ཡང་ཁ། །ཤ་མདོག་གསེར་འདྲ་རྫས་དཀར་སེར་པོར་མཐོང་། །སྔ་དྲོ་བསིལ་ཕེབས་བདེ་ལ་ཉིན་དགུང་ན། །ཞེས་དང་། མཁྲིས་པ་མིག་སེར་མིག་སྤྲིན་སེན་མོ་སེར། །ལུས་རྔུལ་ཉམས་ཆུང་ཁོང་ཚ་མིག་རུས་ན། །ཁ་ཟས་ཡི་གར་མི་འོང་སྐོམ་དད་ཆེ། །སྐྱུགས་པ་སྙམ་བྱེད་མིག་སྔར་སྔོ་དམར་མཐོང་། །ཀུན་ཀྱང་ཡུན་རིང་རྒྱས་ནས་སྨིན་པའི་དུས། །ཀྵ་ཡ་ནག་པོར་གྱུར་ནས་ཟ་འཕྲུག་བྱེད། །པགས་མདོག་སྔོ་ནག་སྐྲ་དང་སྨིན་མ་འབྱི། །ཤེད་མེད་ཤ་སྐམ་སེན་མོར་ནག་ཐིག་ཆགས། །འདི་དུས་མཁྲིས་པས་ཤ་རུས་ཐམས་ཅད་ཁྱབ། །གཤིན་རྗེའི་ཞགས་པས་ཟིན་པས་འཚོ་མི་འགྱུར། །ཞེས་པ་རྣམས་ནི་རང་ལུགས་བོད་ཀྱི་གསོ་རིག་གཞུང་ནས་གསུངས་པ་དག་གོ། །
ནད་ལ་མིང་ངེས་དགོས་པའམ་མེད་པའི་སྐོར་ལ་དགོངས་ཚུལ་ཡོང་སྲིད་པ་ཞིག་རེད་ཀྱང་། བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ནད་རིགས་ཡོད་དོ་ཅོག་ལ་མིང་ངེས་པར་ཡོད་དགོས་པའི་རྒྱུ་མཚན་གང་ཡང་གསུངས་ཡོད་པ་མ་རེད། དེ་ཡང་རྒྱུད་དུ། ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་པ་ལྡན་འདུས་དུ་མའི་རིགས་འབྱུང་བས། །གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ། །དཔེར་ན་འདབ་ཆགས་བྱ་ཡིས་གར་འཕུར་ཡང་། །ནམ་མཁའི་མཐོངས་ལས་འཕུར་ས་མེད་པ་བཞིན། །བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་སོ། །ཞེས་དང་། ཡན་ལག་བརྒྱད་པར་ཡང་། ནད་གཞི་གང་ཞིག་ལ་མིང་བཏགས་མ་ཐུབ་པའི་རྒྱུ་མཚན་གྱིས་སྨན་པ་ངོ་གནོང་དགོས་པའི་ རྒྱུ་མཚན་མེད་ཅེས་བཤད་ཡོད། ནད་འདི་ལ་མཆིན་པའི་གཉན་ཚད་ཅེས་བོད་ཀྱི་གསོ་བ་རིག་པའི་གཞུང་གང་དུ་གསུངས་ཡོད་ མེད་སུ་ལའང་གསལ་པོ་གསུང་རྒྱུ་ཡོད་མེད་སོམ་ཉི་ཡང་། བོད་ཀྱི་གསོ་རིག་གི་དགོངས་དོན་ནད་ཀྱི་མཚན་ཉིད་ཁོང་དུ་ཆུད་པ་དང་། ཟས་སྤྱོད་སོགས་ཀྱི་རོ་ནུས་ཡོན་ཏན་ལ་སོགས་པ་ཤེས་པའི་རྒྱུ་མཚན་གྱིས་ནད་ལ་ལྟ་རེག་དྲི་གསུམ་གྱི་དཔྱད་པའི་རྗེས་སུ་ནད་ཀྱི་གནས་མཆིན་པ་དང་དེར་ཉེས་པ་མཁྲིས་པའི་མཚན་ཉིད་དང་ལྡན་པའི་ཚ་བ་དེ་ཡང་གཉན་དང་བསྡོངས་པའི་ནད་རིགས་ཞིག་ཡིན་པའི་ཆ་ནས་མཆིན་པའི་གཉན་ཚད་ཅེས་དང་། ཡང་ན་ཕྱི་ལུགསHepaཞེས་པ་མཆིན་པ་དངtitis ཞེས་པ་གཉན་ཚད་ལ་འཇུག་པར་སོང་མཆིན་པའི་གཉན་ནད་ཅེས་བཤད་ཡོད་ནའང་དོན་དངོས་ཀྱི་ ཐོག་འགལ་ཆེ་བ་མ་མཐོང་།
དེ་བཞིན་མཆིན་པ་དུག་ཐབས་ཞེས་གསུངས་མཁན་ཡང་མང་དག་ཡོད་པས་དེ་ནི་གཙོ་བོ་གནས་ཀྱི་དབང་གིས་བཏགས་པར་བསམ། དེར་ཡང་འགལ་ཟླ་མ་མཐོང་བ་ནི་གནའ་སྔ་མོ་ནས་མཁྲིས་རིམས་དུག་ཐབས་ཞེས་པའང་གསོ་རིག་གི་གཞུང་དུ་གསལ་ཡོད་པ་མ་ཟད་སྨན་གསེར་མདོག་བཅུ་གཅིག་གི་ནུས་པ་གོང་དུ་ སོང་བ་ལས་དཔོག་ཐུབ།
ཤ་སེར་མིག་སེར་ནི་རིགས་མི་འདྲ་བ་འགའ་ཡོད་ཀྱང་འདིའི་སྐབས་རང་བཞིན་ཟས་སྤྱོད་ རྐྱེན་གྱིས་མཁྲིས་པ་འཕེལ་བ་དེ་ཡིན་ནའངHepatitisལ་དབྱེ་བ་མང་པོ་ཡོད་པ་བཞིན་འདིར་ཡང་གསར་རྙིང་དང་གཉན་དང་བསྡོངས་པ་དང་མ་བསྡོངས་དང་ཚ་ཤས་ཆེ་ཆུང་སོགས་ཀྱི་ཁྱད་པར་གྱིས་འདྲ་བའི་ཕྱོགས་མང་པོ་ཞིག་ནི་ཕོ་མཆིན་གཉིས་ཀྱི་བྱ་ལས་མི་བདེ་བས་བྱུང་བ་དང་། ཕྱི་ནང་གི་ནད་པ་མང་པོ་ཞིག་གིས་བོད་པའི་སྨན་པས་བརྟག་དཔྱད་ཀྱི་སྐབས་མང་ཆེ་བས་ཕོ་མཆིན་གུད་པའམ་བྱ་ལས་ཞན་པོ་ཡོད་པའི་སྐོར་བཤད་ཀྱི་འདུག་བརྗོད་པ་ནི། དངོས་འབྲེལ་དང་རྒྱུ་མཚན་ལྡན་པ་རེད། འདིའི་སྐབས་ཀྱི་གླེང་གཞིའི་ནད་ཀྱི་རྒྱུ་ཡང་དྭངས་མ་མ་ཞུ་བར་མཐོང་བ་བཞིན་རྒྱུད་དུའང་། ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་བསྐྱེད། །ཅེས་གསུངས་པའི་མ་ཞུ་བའི་རྒྱུ་ནི་གཙོ་བོ་ཕོ་བ་དང་མཆིན་པ་གཉིས་ཀྱི་བྱེད་ལས་ཞན་པ་ལས་བྱུང་བ་དང་། དེ་གཉིས་ཀྱི་བྱེད་ལས་ཞན་པ་ལས་བྱུང་བའི་མ་ཞུ་བ་ནི་གཅོང་ནད་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་པས་རྒྱུད་དུའང་། མ་ཞུའི་གསོ་དཔྱད་མཁས་པ་ཤིན་ཏུ་གཅེས། །ཞེས་གསུངས་དགོས་དོན་ཡང་དེ་ལྟར་དུ་སྣང་། ཡང་དེང་སང་གི་དུས་སུ་ཟས་སྤྱོད་བསྟེན་ཚུལ་དང་སྤུས་ཚད་སོགས་ལ་གཞིགས་ན་ནད་གཞི་ མང་ཆེ་བ་ལྡན་འདུས་དང་གཅོང་ནད་ཤས་ཆེར་ལས་རྐྱང་པའི་ནད་ནི་ཤིན་ཏུ་དཀོན། འདུས་པའི་ནད་གཞི་སྨུག་པོ་ལྟ་བུར་དཔེར་ན་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་འདིས་མ་བཏབ་པའི་ནད་པ་ཕལ་ཆེར་དཀོན་པར་སོང་རྒྱུད་དུའང་། མདོར་ན་ཕོ་མཆིན་ནད་དང་བསྡོངས་པས་ཤེས། །ཞེས་ནད་དེ་ཡིན་པ་ཕོ་བ་དང་མཆིན་པ་གཉིས་མགས(བསྡོངས་)ནས་ན་བའི་རྒྱུ་མཚན་ལས་ཤེས་ཐུབ་པར་གསུངས་ཡོད་པ་དང་གཞན་ཡང་སྨུག་པོ་ཚ་རྐྱེན་དང་གྲང་རྐྱེན་གཉིས་ཀ་གཙོ་བོ་ཕོ་མཆིན་གཉིས་གཞིར་བྱས་གསུངས་ཡོད་པས་ན་གནད་དོན་འདི་ཚང་མས་མཁྱེན་རྒྱུ་གལ་ཆེན་པོ་མིན་ནམ་བསམ།
ཞར་བྱུང་དུPancreas ཞེས་པའི་དངོས་པོ་དེའི་སྐོར་ལ་དཔྱད་གཞིའི་བསམ་ཚུལ་རགས་ཙམ་ཞིག་ཞུས་ན།
བོད་ཀྱི་གསོ་བ་རིག་པའི་གཞུང་དུ་མཁྲིས་པ་རིགས་ལྔའི་དང་པོ་འཇུ་བྱེད་ཅེས་བྱ་བ་དེ་ ནི་ཞུ་དང་མ་ཞུའི་བར་ན་གནས་ཅེས་གསུངས་པ་དང་། དེའི་བྱེད་ལས་ཀྱང་རྒྱུད་དུ། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། །འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། །ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་། །ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་གནས་སྒོར་འཇུག་ཟས་ལམ་སྒོ་གཏན་ཡིན། །དེ་སྟོབས་ལྡན་ན་ཞུ་ནས་ཐུར་འགྲོ་སྟེ། །སྟོབས་ཞན་ཁ་ཟས་མ་སྨིན་ཉིད་ཕྱིར་འབྱུང་། །མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས། །སྟོབས་རྒྱས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ། །མ་ཞུ་དྭངས་སོགས་རྒྱས་པར་མི་འགྱུར་ཕྱིར། །ཟས་སྐོམ་སྤྱོད་ལམ་ཡང་ལ་དྲོ་བ་ཡིས། །འབད་དེ་མེ་དྲོད་བསྲུང་བར་གནས་གྱུར་ན། །ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་འགྱུར། །ཞེས་པ་དང་། གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །བྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། །དང་པོས་ཕྱི་མ་རྒྱས་དང་འགྲིབ་བྱེད་ཡིན། །ཞེས་གསུངས་པ་ལྟར་མེ་དྲོད་དེའི་གནས་ནི་ཞུ་དང་མ་ཞུའི་བར་ན་གནས་ཞེས་པར་ཕོ་ བའི་ནང་ལ་ཡོད་པར་འདོད་པ་དང་། Pancreas ཞེས་པའི་དངོས་པོ་འདི་ནི་འཇུ་བྱེད་ཀྱི་དབང་པོ་ཞིག་ཡིན་པ་ལ་འཇུ་རྩི་དང་ལྡན་པ་ཞིག་ལ་གནས་ནི་ཕོ་བ་དང་རྒྱུ་མའི་བར་ན་ཡོད་པ་དང་དེར་སྐབས་རེ་གཤེར་ཤ་རྨེན་བུ་ཞེས་འབོད་པའང་འདུག གང་ལྟར་གནས་དང་བྱེད་ལས་གཉིས་ཀའི་དབང་གིས་མཁྲིས་པ་འཇུ་བྱེད་ཀྱི་གནས་ཡིན་པར་མཐོང་། གནས་འདི་ལ་གཉན་ཁ་ལ་སོགས་པའི་ནད་རིགས་འབྱུང་སྐབས་མཁྲིས་ནད་ཀྱི་རྟགས་དང་བཅོས་ཀྱང་དེ་མཚུངས་བྱས་པ་ཕན་པ་མྱོང་ཚོར་དང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་གི་ ཚིག་མཛོད་དུའང་ཕོ་བ་ལ(Amashey)དང་རྒྱུ་མར(Pakvashey)དངPancreas ལ(Agnishey)ཞེས་འཁོད་འདུག་པརAma ནི་མ་ཞུ་བ་དངSheyནི་གནས་ཕོ་བར་འཇུག Pakvaནི་ཞུ་བ་དངSheyནི་གནས་ཡིན་པས་ཞུ་བའི་གནས་རྒྱུ་མར་འཇུག Agni ནི་མེ་དངShey ནི་གནས་བཅས་མེ་གནས་ཞེས་མཁྲིས་པ་འཇུ་བྱེད་ཀྱི་གནས་ལ་འདོད་པར་འཐདAgni ཞེས་པའི་མེ་ནི་མཁྲིས་པ་འཇུ་བྱེད་ཀྱི་མིང་གི་རྣམ་གྲངས་ཡིན་པར་རྒྱ་གར་ཚེ་ཡི་ རིག་བྱེད་ཀྱི་བསྟན་བཅོས་དག་ལས་བཤད་པ་དང་། དེ་ཡང་མེ་འདི་ལུས་གནས་པས་ལུས་ཟུངས་དང་སྟོབས་དང་མདངས་དང་ཚེ་འཕེལ་བའི་རྒྱུ་གཙོ་བོར་བཤད་ཡོད། བོད་ཀྱི་གསོ་རིག་གཞུང་དུ་མཁྲིས་པ་འཇུ་བྱེད་ཕོ་བར་གནས་པར་བཤད་པ་དེ་དཔྱད་པ་ཞིབ་ཏུ་བྱས་ན་ཕོ་བའི་སྨད་ཟངས་ཚགས་སུ་རྒྱུ་མ་དང་མེ་གནས་སྣོད་མཁྲིས་མཐུད་མཚམས་ཡིན་པས་དེར་འབྲེལ་བ་ཆགས་པ་དང་དེར་བརྒྱུད་མཁྲིས་པ་འཇུ་བྱེད་ཀྱི་ཆ་ཤས་དྲོད་དེ་ཕོ་བའི་ནང་ལ་ཞུགས་ནས་ཁ་ཟས་འཇུ་བར་བྱེད་པ་ལས་མཁྲིས་པ་འཇུ་བྱེད་ཀྱི་གནས་དེ་ཕོ་བར་བཟུང་ན་ནི་ཕོ་བ་བད་ཀན་གྱི་གནས་ཡིན་པས་དེར་མཁྲིས་པ་འཇུ་བྱེད་མེའི་རང་བཞིན་ཡོད་པར་བཤད་པ་ནི་བསམ་བློར་འཇུག་པར་དཀའ་བས་ན་རྒྱུད་དུའང་བད་ཀན་ ཚ་བར་ལྡན་པས་འཐབ་པར་གྱུར། །མི་མཐུན་མི་གཉིས་ས་གཅིག་འཚོགས་དང་མཚུངས།།གསུངས་པས་ཀྱང་གོ་ཐུབ། མེ་དང་མེའི་དྲོད་གཉིས་ལ་དབྱེ་འབྱེད་ཀྱིས། མེའི་དྲོད་ཀྱིས་བསིལ་བ་ཆུ་ཡང་དྲོད་ཐུབ་པ་ལས་མེ་ཐོག་ཏུ་ཆུ་བླུགས་པས་འཐབས་པས་ མེད་དུ་གྱུར་བ་ནི་མཚན་ཉིད་རེད། འོན་ཀྱང་དྲོད་ཀྱིས་འཇུ་ཐུབ་པའི་དཔེ་ནི། རྒྱུད་དུའང་། ཕོ་བའི་གནས་སུ་སྨན་ལྟར་སྐོལ་བར་བྱེད། །ཅེས་གསུངས་པ་དང་ཡང་མེ་དང་མེ་དྲོད་ཀྱི་ཁྱད་པར་ཡོད་པའང་རྒྱུད་དུ། ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །ཞེས་པས་ཀྱང་མེ་དང་མེའི་དྲོད་ཀྱི་ཁྱད་པར་ཡོད་པ་བསྟན་པར་བསམ། རྒྱུད་དུའང་། བད་ཀན་མྱག་བྱེད་ཀྱིས་མྱགས་པར་བྱེད་པ་དང་བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་ཞུ་བ་ དེ། ཐ་མ་མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མཁན་གསུམ་པོར་ཕོ་བའི་མེ་དྲོད་རྣམ་གསུམ་ཞེས་གསུངས་པས་ཀྱང་གོ་ཐུབ་པ་བཞིན་མེ་དྲོད་ཀྱི་བྱེད་ལས་སྟོབས་དང་ལྡན་པས་ སྟོབས་དང་མདངས་དང་ལུས་ཟུངས་དང་ཚེ་བཅས་འཕེལ་བ་དང་སྟོབས་ཞན་པས་ཁ་ཟས་མ་ཞུ་བ་དང་མ་ཞུ་བ་དེས་རྐྱེན་བྱས་ནད་རིགས་ཤིན་ཏུ་མང་པོ་འཕེལ་བ་ནི་གོང་དུ་ཞུས་ཟིན་པ་ལྟར་ཕོ་བའི་མེ་དྲོད་འདི་ལུས་ཁམས་བདེ་ཐང་གི་ཆེད་དུ་གནད་འགག་ཇི་ཡོད་མེད་ནི་རྒྱུད་དུ། ལུས་ཟུངས་བཟོ་རྒྱུ་འདྲ་བ་ཆུད་མི་གསན། །ཕོ་བ་ཞིང་ས་འདྲ་བའི་མེ་དྲོད་གསོ། །དེ་ལྟར་ཤེས་ན་འཚོ་བྱེད་སྨན་པ་ཡིན། །ཞེས་གསུངས་པའི་དགོས་པའང་ནད་མེད་བདེ་བར་གནས་ཐབས་སུ་གཙོ་བོར་དགོངས་ནས་གསུངས་ཡོད།
མཐའ་ཡས་གསོ་རིག་རྒྱུད་དོན་ནམ་མཁའ་ལ།།
རང་བློ་མ་རིག་མུན་པའི་སྤྲིན་ཐིབས་ཀྱིས།།
མི་ཤེས་སྨྲ་བ་ཐལ་བའི་འབྲུག་སྒྲ་ཡིས།།
ཤེས་ལྡན་ཐུགས་ཁྲེལ་སོང་བ་བཟོད་གསོལ་ཞུ།། །།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།