ཨེ་ཛིའི་འགོ་ནད་སྔོན་འགོག་ཤེས་བྱའི་དྲིས་ལན།

རྩོམ་པ་པོ།:དབང་རྒྱལ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-28 11:39:00 ཀློག་གྲངས།:

26. ཨེ་ཛིའི་ནད་དུག་འགོས་ཡོད་མཁན་གྱི་ཁྱིམ་མིས་ཇི་ལྟར་བྱེད་དགོས།
        གལ་སྲིད་ཁྱིམ་ཚང་ནང་ཨེ་ཛིའི་ནད་དུག་འགོས་ཡོད་མཁན་ཡོད་ཚེ། དེ་ལ་ཞེད་སྣང་སྐྱེས་མི་དགོས། རྒྱུ་མཚན་ནི་དུས་རྒྱུན་གྱི་འཚོ་བ་ལས་ཨེ་ཛིའི་ནད་ཀྱི་ནད་དུག་འགོ་ཁྱབ་མི་ཡོིང་ངོ་། ། རྒྱལ་ཁབ་ཕྱི་ནང་གི་དཔེ་དོན་མང་པོ་ཞིག་གིས་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་པའི་ཁྱིམ་ཚང་གི་ནང་མི་རྣམས་ནད་འགོས་ཡོད་མཁན་དང་འབྲེལ་འདྲིས་བྱས་ཀྱང་འགོ་མི་ཡོང་བ་བརྡར་ཤ་བཅད་ཡོད། ནད་འགོས་ཡོད་མཁན་གྱི་ནང་མིས་བསྒྲུབ་པར་བྱ་བ་ནི།
        (1) བཟའ་ཟླའི་བར་འཁྲིག་པ་སྤྱོད་དུས་སྦྲུམ་འགོག་འགྱིག་ཤུབས་ བེད་སྤྱོད་ཡང་དག་བྱེད་པ་རྒྱུན་འཁྱོངས་བྱ་དགོས།
        (2) སོ་འདྲད་དང་སྨྲ་ར་བཞར་གྲི   སེན་འདྲ་སོགས་པགས་སྐྱིའམ་འབྱར་སྐྱི་རལ་བར་བྱེད་སླ་བའི་དངོས་ཆས་སོ་སོར་བཀོལ་དགོས།
        (3) བཟའ་ཟླ་དང་དགའ་རོགས་ཀྱིས་དུས་ཚོད་ནང་ལྟར་སྨན་ཁང་ཚད་ལྡན་དུ་ཕྱིན་ཏེ་བརྟག་དཔྱད་ཚད་ལེན་བྱས་ཏེ་སྨན་པའི་མཛུབ་སྟོན་ལ་ཉན་དགོས། ནད་འགོས་ཡོད་མཁན་ལ་དུས་རིམ་མི་འདྲ་བའི་ནང་དུ་བཟའ་མིའི་བརྩེ་སེམས་དང་རྒྱབ་སྐྱོར་མི་འདྲ་བ་ཐོབ་དགོས། ནད་རྟགས་བག་ལ་ཞ་བའི་དུས་ཡུན་ནང་བསམ་པའི་སྟེང་གི་བརྩེ་བ་ནི་ཤིན་ཏུ་གལ་ཆེ། དེ་དང་ཆབས་ཅིག་ཏུ་ངལ་རྩོལ་དང་འཚོ་བའི་སྟེང་དུའང་བདག་སྐྱོང་གང་འཚམ་བྱེད་དགོས་ཤིང་། ཚེགས་ཆེ་བའི་ལས་ཀར་འཛེམ་ན་ལེགས། གང་ཐུབ་ཅི་ཐུབ་ཀྱིས་ནད་འགོས་ཡོད་མཁན་གྱི་འཚོ་བཅུད་ལ་འགན་སྲུང་བྱེད་དགོས། ཁྱིམ་ཚང་ནང་དུ་རྟག་པར་སྤྱིར་བཏང་གི་སྨན་རྫས་རེ་གྲ་སྒྲིག་བྱེད་དགོས། དཔེར་ན་རྨ་ཁའི་སྦྱར་སྨན་དང་སེང་རས། གཉན་གསོད་ཀྱི་སྨན་སོགས།གོ་སྐབས་རང་བཞིན་གྱི་འགོ་ཐེབས་ལ་གཡོལ་བར་དོ་སྣང་བྱ་དགོས། འགོ་ཐེབས་བྱུང་ཚེ་ལམ་སང་སྨན་ཁང་དུ་ཕྱིན་ཏེ་གསོ་བཅོས་བྱེད་དགོས། ནད་སྐྱེད་པའི་དུས་སྐབས་སུ། ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དག་ལ་ནད་པ་གཞན་པ་ལྟར་བདག་སྐྱོང་བྱ་དགོས། ཨེ་ཛིའི་ནད་པའི་ནད་འགོག་ནུས་སྟོབས་ཤིན་ཏུ་ཞན་རྐྱེན། བདག་སྐྱོང་བྱེད་དུས་རང་གི་ལུས་སྟེང་གི་ནད་དུག་ཨེ་ཛིའི་ནད་པར་འགོ་བར་དོ་སྣང་ཆེན་པོ་བྱེད་དགོས། ཁྱིམ་ཚང་ནང་དུ་གཙང་སྤྲ་ལེགས་པོ་བྱེད་དགོས་པ་དང་། ཁང་བའི་ནང་དུ་ཁ་དབུགས་རྒྱུ་བར་བྱེད་དགོས། སྨན་པ་དང་ཡང་ན་ནད་གཡོག་པས་སྤྱིར་བཏང་གི་སྨན་བཅོས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དང་ཧུར་ཐག་གིས་དམིགས་གཞི་ཡོད་པའི་སྨན་བཅོས་བྱེད་དགོས།
27. མིག་སྔར་སྲིད་གཞུང་གིས་ཨེ་ཛིའི་ནད་པར་སྲིད་ཇུས་ཡག་པོ་གང་དག་ཡོད་པ་དང་། སྨན་བཅོས་བྱེད་དུས་གནད་གང་དག་ལ་དོ་སྣང་བྱེད་དགོས།
        གཟིགས་སྐྱོང་སྲིད་ཇུས་ལྟར་ན། སྲིད་གཞུང་གིས་ནད་གཞི་གཏན་འཁེལ་བྱུང་བའི་ཨེ་ཛིའི་ནད་པའི་ཁྲོད་ཀྱི་འཚོ་བ་དཀའ་ངལ་ཅན་དང་། ལས་ཀ་གཏན་འཇགས་མིན་པ། འཚོ་བའི་འགན་སྲུང་མེད་པ། ཡོང་འབབ་དམའ་བའི་ནད་པར་རིན་པ་མི་ལེན་པར་དུག་འགོག་གསོ་བཅོས་བྱེད་ཅིང་། ནད་པར་དུག་འགོག་གསོ་བཅོས་བྱེད་པར་ནད་འཕེལ་སྨན་བཅོས་ནན་མོ་བྱེད་དགོས་པ་མ་ཟད། གཏན་འཁེལ་བྱས་ཡོད་པའི་སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་ཚད་ལེན་བྱེད་དགོས་པ་དང་། དུག་འགོག་སྨན་བཅོས་ཀྱི་ཚད་གཞི་ལ་བསླེབས་པ་ཡིན་ན། དུག་འགོག་སྨན་བཅོས་བྱས་ཆོག དུག་འགོག་སྨན་རྫས་ལ་དུག་ཤེད་ཆེ་བས་སྨན་འཐུང་མཚམས་འཇོག་དཀའ་བར་འགྱུར་སླ་བས། ནད་པས་སྨན་པའི་མཛུབ་སྟོན་འོག་སྨན་བསྟེན་དགོས་པ་དང་། སྨན་གང་བསྟེན་ན་དེ་ཚེ་གང་བོར་བསྟེན་དགོས།
28. “དར་ཁྲ་དམར་པོའི”མཚོན་དོན་ནི་ཅི།
        “དར་ཁྲ་དམར་པོ”ཡིས་ཨེ་ཛིའི་ནད་དུག་འགོས་ཡོད་མཁན་དང་ཨེ་ཛིའི་ནད་པར་བརྩེ་སེམས་དང་རོགས་སྐྱོར་བྱེད་པ་མཚོན་ཞིང་། ཚེ་སྲོག་ལ་དགའ་ཞེན་དང་འདྲ་མཉམ་ལ་རེ་སྨོན་བྱེད་པ་མཚོན་ལ། བྱང་སེམས་བཅངས་ནས་ཨེ་ཛིའི་ནད་ཀྱི་འགོག་བཅོས་བྱ་བར་འཇུག་དགོས་པ་མཚོན།
29. ཨེ་ཛིའི་ནད་ཀྱི་མ་བུའི་འགོ་ཁྱབ་དང་དེ་མཚམས་གཅོད་སྟངས་ག་འདྲ་ཡིན།
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། 2000ལོར་ཨེ་ཛིའི་ནད་ལས་ཤི་བའི་མི་གྲངས་ཧ་ལམ་ཁྲི་ཚོ300ཡོད་པ་དང་། དེའི་ནང་གི་ཁྲི་ཚོ50ནི་ལོ15མན་གྱི་བྱིས་པ་ཡིན་ཕྱིན། རྗེས་ཀྱི་ལོ10ནང་། བྱིས་པ་ཁྲི་ཚོ500ནས་ཁྲི་ཚོ1000ལ་ཨེ་ཛིའི་ནད་འགོ་ཡོང་། ཨེ་ཛིའི་ནད་འགོ་ཁྱབ་བྱུང་བ་ནས་བཟུང་བའི་སྦྲུམ་མ་ཁྲི་ཚོ600དང་ལོ15མན་གྱི་བྱིས་པ་ཁྲི་ཚོ500བརྒལ་བ་ལ་ནད་དུགHIVའགོས་པར་འགྱུར། དེའི་ཁྲོད་ཀྱི་མི་ཁྲི་ཚོ400ཨེ་ཛིའི་ནད་ལས་ཤི་བ་དང་། 90%ཡན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་ནས་བྱུང་བ་རེད། གལ་སྲིད་སྔོན་འགོག་གི་བྱེད་ཐབས་མ་སྤྱད་ན་འཛམ་གླིང་ཧྲིལ་བོར་ཉིན་རེར་བྱིས་པ1600ཨེ་ཛིའི་ནད་ཀྱི་ནད་དུག་འགོ་མཁན་དུ་ཆགས་འགྲོ
        མ་བུའི་འགོ་ཁྱབ་ནི་བཙས་མ་ཐག་པའི་ཁྱེའུ་དང་ལོ་ཆུང་བྱིས་པར་འགོ་བའི་བརྒྱུད་ལམ་ཉག་གཅིག་ཡིན་ལ། བཙས་མ་ཐག་པའི་ཁྱེའུ་ལ་ཨེ་ཛིའི་ནད་འགོས་པའི་ནང90%ནི་མ་བུའི་འགོ་ཁྱབ་བརྒྱུད་ནས་འགོས་པ་རེད། ཐེ་གཏོགས་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། ནད་དུགHIVམ་བུའི་འགོ་ཁྱབ་བརྒྱུད་ནས་རང་བྱུང་ཁྱབ་ཚད་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ25%-40%ཡིན་པ་དང་། འབྱོར་ལྡན་རྒྱལ་ཁབ་དུ15%-5%ཡིན། ཨ་ཧྥེ་རི་ཁ་གླིང་གིས་འཛམ་གླིང་མི་གྲངས་ཀྱི10%ལས་ཟིན་མེད་ནའང་། ས་དེའི་ནད་འགོས་ཡོད་པའི་བྱིས་པའི་གྲངས་ཀ་ནི་འཛམ་གླིང་ཡོངས་ཀྱི90%ལ་ཉེ། གནས་ཚུལ་འདིའི་རིགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་ཧྥེ་རི་ཁའི་སྦྲུམ་མར་འགོས་ཚད་མཐོ(40%ཡིན)བ་དང་མི་གྲངས་སྐྱེ་ཚད་མཐོ་ན་ཡང་། མ་བུའི་འགོ་ཁྱབ་གཅོད་པའི་ནུས་ཡོད་ཀྱི་བྱེད་ཐབས་མ་སྤྱད་པས་ལན་པ་རེད།
        ནད་དུགHIVཡི་མ་བུའི་འགོ་ཁྱབ་ནི་བུ་རོགས་དང་མངལ་གྲོལ། ཨ་མའི་ནུ་ཞོ་ལྡུད་པ་བཅས་བརྒྱུད་ལམ་གསུམ་ལས་འགོས་པ་ཡིན། དེའི་ཁྲོད་ཀྱི་མངལ་གྲོལ་དུས་འགོ་བ་ཡིས70%ཟིན། དེའི་སྔོནའགོག་བྱེད་ཐབས་གཙོ་བོ་ལ་དུག་འགོག་སྨན་རྫས་སྤྱོད་པ་དང་། གདམ་གསེས་རང་བཞིན་གྱིས་གྲོད་གཤག་བུ་བཙའ་དང་མིས་བཟོས་གཉོར་སྐྱོང་བྱེད་པ་དེ་ཡིན། ཕྱོགས་བསྡུས་སྔོན་འགོག་བྱས་རྗེས། མ་བུའི་འགོ་ཁྱབ་ཀྱི་ཚད8%-10%ལ་མར་འབབ་པ་དང་ཐ་ན2%ནང་དུ་ཚོད་འཛིན་བྱེད་ཐུབ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།