ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > བོད་བརྙན«དབྱར་གྱི་ནམ་ཟླ»མི་འགྱངས་པར་གཟིགས་འབུལ་ཞུ་རྒྱུ་རེད།
བོད་བརྙན«དབྱར་གྱི་ནམ་ཟླ»མི་འགྱངས་པར་གཟིགས་འབུལ་ཞུ་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-10-05 08:32:00
ཀློག་གྲངས།:
བོད་ཀྱི་གཞོན་ནུ་འཁྲབ་ཁྲིད་པ་གངས་སྒྲོན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ«དབྱར་གྱི་ནམ་ཟླ»ཞེས་པ་འདི་ཟླ10ཚེས2ཉིན་ལྷ་ས་ནས་གཟིགས་འབུལ་ཞུས་པ་དང་། ཟླ10ཚེས13ཉིན་རྒྱལ་ཡོངས་སུ་གཟིགས་འབུལ་ཞུ་རྒྱུ་རེད།
གློག་བརྙན་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་། བོད་ཀྱི་དེང་རབས་གྲོང་ཁྱེར་གྱི་འཚོ་བ་བརྗོད་དོན་བྱས་པའི་གློག་བརྙན་ཐོག་མ་དེ་ཡིན་ལ། བོད་ཀྱི་གློག་བརྙན་རྒྱལ་སྤྱིའི་རིགས་ཀ་པའི་དུས་ཆེན་གྱི་འགྲན་བསྡུར་ཚན་པའི་ནང་ཚུད་པའི་གློག་བརྙན་ཐོག་མ་དེ་ཡང་ཡིན།

གློག་བརྙན་འདི་སྔ་རྗེས་སུ་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་གློག་བརྙན་འགྲེམས་སྟོན་ཐོག་གཟི་བརྗིད་ཅན་གྱི་མཚན་སྙན་མང་པོ་ཐོབ་པ་དང་། སྐབས༣༨པའི་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཨེ་ཤ་ཡའི་མ་འོངས་པའི་འགྲན་བསྡུར་སྡེ་ཚན་ནང་ཞུགས་པར་མ་ཟད་ཆེས་ལེགས་པའི་གློག་བརྙན་གྱི་མིང་ཁོངས་སུ་ཚུད་པ་རེད། སྐབས༥༠པའི་ཞང་ཀང་རྒྱལ་སྤྱི་གློག་བརྙན་དུས་ཆེན་ཐོག་རྒྱ་སྐད་འགྲན་བསྡུར་གྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཏེ་མེ་བྱའི་བྱ་དགའ་ཆེན་པོ་དང༼རྒྱལ་སྤྱིའི་གློག་བརྙན་དཔྱད་གཏམ་པའི་མནའ་འབྲེལ་བྱ་དགའ༽བཅས་བྱ་དགའ་ཆེན་པོ་གཉིས་ཐོབ་པ་རེད། སྐབས༢༨པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱ་སྐད་སྡེ་ཚན་ཐོག་གཟིགས་འབུལ་བྱས་པ་དང་། པུའུ་དབྱི་ནོ་སི་ཨེ་རི་སིའི་རྒྱལ་སྤྱིའི་རང་ཚུགས་གློག་བརྙན་དུས་ཆེན་གྱི་ཨ་ཀེན་ཐིན་གྱི་པར་ལེན་མཐུན་ཚོགས་ཀྱིས་དམིགས་སུ་བཀར་ནས་གླེང་ཞིང་། སོ་ཆི་ཡོ་རོབ་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད། ཝུའུ་ཏི་ནེ་རྒྱང་ཤར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། པ་སེ་ལུའོ་ནའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། དབུན་ཀེ་ཧྭ་རྒྱལ་སྤྱིའི་བརྙན་འཕྲིན་དུས་ཆེན་སོགས་རྒྱལ་སྤྱིའི་བརྙན་འཕྲིན་དུས་ཆེན་སོགས་ཀྱི་སྡེ་ཚན་ནང་ཚུད་པ་དང་། ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དཔྱད་ཞིབ་ཚོགས་པས་གློག་བརྙན་འདིར་དོན་བརྗོད་གྲུབ་ཆར་བསམ་གཞིགས་ཀྱིས་ཁེངས་པར་མ་ཟད། ཕ་ཡུལ་གྱི་ས་ཁོངས་ཉམས་འགྱུར་དང་རིག་གནས་ཀྱི་སྲོག་ཤིང་ལ་ཐུན་མོང་མ་ཡིན་པའི་འཚོལ་ཞིབ་བྱས་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད།

མང་ཚོགས་ཀྱི་བག་ཆགས་ནང་གི་བོད་ཀྱི་གཟུགས་བརྙན་དང་མི་འདྲ་བར། «དབྱར་གྱི་ནམ་ཟླ»ཞེས་པ་འདིའི་ནང་བོད་ཀྱིZམི་རབས་ཀྱི་གཞོན་ནུ་ཞིག་བརྗོད་དོན་གཙོ་བོར་བྱས་ནས། གློག་བརྙན་གྱི་བལྟ་བྱ་ཉན་བྱའི་སྐད་ཆ་གསར་རྐྱང་སྤྱད་དེ། པེ་ཅིང་ནས་ལྷ་སར་ལོག་པའི་ན་གཞོན་འཁྲབ་ཁྲིད་པ་སངས་རྒྱས་སྐྱིད་ཀྱི་བྱིས་དུས་དང་འབྲེལ་བ་ཡོད་པའི་གློག་བརྙན་ཞིག་པར་བླངས་ཡོད། མཚན་གཅིག་གི་བསྐྱར་འཛོམས་ཀྱིས་དབྱར་དུས་གསུམ་གྱི་དྲན་ཤེས་སྦྲེལ་མཐུད་བྱས་པ་དང་། གློག་བརྙན་གྱི་གྲུབ་ཆའི་ནང་འཚར་ལོངས་ཁྲོད་ཀྱི་གྱེས་བྲལ་དང་། ཕྱིར་ལོག ངོས་འཛིན་བྱེད་པ་བཅས་རིམ་པ་རེ་རེ་བཞིན་ཞིབ་འབྲི་བྱས་ཡོད། གློག་བརྙན་གྱི་འཁྲབ་ཁྲིད་པ་རང་ངོས་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ། ཐུན་མོང་མ་ཡིན་པའི་ལྟ་ཕྱོགས་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་གཞོན་ནུའི་གསོན་ཉམས་དོད་པ་དང་རང་ཚུགས་ཅན་གྱི་བསམ་པའི་འཇིག་རྟེན་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་འདི2026ལོའི་ཟླ10པའི་ཚེས2ཉིན་རྒྱལ་ཡོངས་སུ་ཐོག་མར་གཟིགས་འབུལ་ཞུས་པ་དང་། ས་ཚིགས་དང་པོ་ལྷ་སར་ཐོག་མར་གཟིགས་འབུལ་ཞུ་རྒྱུའི་མཛད་སྒོ་སྤེལ་རྒྱུ་དང་། ཟླ10པའི་ཚེས3ཉིན་དང་ཟླ10པའི་ཚེས4ཉིན་ལྷ་སར་གཟིགས་འབུལ་ཞུ་རྒྱུའི་ཆེད་དོན་བྱེད་སྒོ་སྤེལ་ལ། ཟླ10པའི་ཚེས5ཉིན་དང་ཟླ10པའི་ཚེས6ཉིན་ནག་ཆུ་དང་ལྷོ་ཁ་ས་ཁུལ་དུ་གཟིགས་འབུལ་ཞུ་རྒྱུའི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་དང་། ཟླ10པའི་ཚེས8ཉིན་པེ་ཅིང་དུ་ཐོག་མར་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཟླ10པའི་ཚེས13ཉིན་གློག་བརྙན་འདི་རྒྱལ་ཡོངས་སུ་གཟིགས་འབུལ་ཞུ་རྒྱུ་རེད།
གློག་བརྙན་འདིའི་བརྗོད་དོན་ལ་བོད་ཀྱི་དུས་རབས་གསར་པའི་ན་གཞོན་འཁྲབ་ཁྲིད་པས་བསམ་གཞིགས་ཀྱིས་ཁེངས་ཡོད། དེ་བས་གཟིགས་འདོད་ཆེ་བའི་རྒྱ་ཆེའི་ལྟད་མོ་བ་རྣམས་གློག་བརྙན་ཁང་དུ་ཕེབས་ནས་དགྱེས་གཟིགས་གནང་བར་དགའ་བསུ་ཞུ།
གློག་བརྙན་འདིའི་བརྗོད་དོན་ལ་བོད་ཀྱི་དུས་རབས་གསར་པའི་ན་གཞོན་འཁྲབ་ཁྲིད་པས་བསམ་གཞིགས་ཀྱིས་ཁེངས་ཡོད། དེ་བས་གཟིགས་འདོད་ཆེ་བའི་རྒྱ་ཆེའི་ལྟད་མོ་བ་རྣམས་གློག་བརྙན་ཁང་དུ་ཕེབས་ནས་དགྱེས་གཟིགས་གནང་བར་དགའ་བསུ་ཞུ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号