ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > འཁྲབ་ཁྲིད་པ་བློ་བསྟན་གྱི«རྒྱང་རིང»སྐབས20པའིFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་འདུག
འཁྲབ་ཁྲིད་པ་བློ་བསྟན་གྱི«རྒྱང་རིང»སྐབས20པའིFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་འདུག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-07-02 14:30:41
ཀློག་གྲངས།:
སྐབས20པའིFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་གློག་བརྙན་མིང་ཐོ་གཏན་ལ་ཕབ་ཡོད་ཅིང་། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་བློ་བསྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་རིང་གྲས«རྒྱང་རིང»གཙོ་འགྲན་སྡེ་ཚན་དུ་ཚུད། ཐེངས་འདིའིFIRSTགློག་བརྙན་འགྲེམ་སྟོན་སྐབས་སུ་འཛམ་གླིང་ཡོངས་སུ་ཐོག་མའི་གཟིགས་འབུལ་བྱ་རྒྱུ་རེད། གློག་བརྙན་གྱི་རྒྱལ་སྤྱིའི་ལས་ཚབ་མི་ཕམ་རིག་གནས་ཀྱིས་གཏམ་བཟང་འདི་ཡོངས་སུ་བསྒྲགས་པ་ཡིན།

རྒྱལ་ཡོངས་ཀྱི་ན་གཞོན་གློག་བརྙན་སྔོག་འདོན་དང་དེའི་གསར་རྩོམ་ལ་རྒྱབ་སྐྱོར་གནང་བའིFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱིས་གསར་ཐོན་དང་རྣམ་དག གདོང་ལེན་བཅས་ཀྱི་གསར་རྩོམ་མཐོང་སྣེ་སྤྱད་དེ། ལོ་གཅིག་གི་འཇོན་མི་གསར་བ་དག་གི་བརྩམས་ཆོས་བསལ་འདེམ་གནང་གིན་ཡོད་པས། རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་ན་གཞོན་གློག་བརྙན་དགའ་སྟོན་གྱི་ཚད་ཤིང་དུ་བརྩིས་ཆོག ཐེངས་འདིའིFIRSTཡི་གཙོ་འགྲན་ལ་རྒྱལ་ཡོངས་ཀྱི་གསར་བྱུང་གློག་བརྙན་རིང་གྲས་ཕུལ་དུ་བྱུང་བ་རྣམས་འདུས་ཡོད་ཅིང་། གློག་བརྙན་དགའ་སྟོན་གྱི་ཡོ་ལང་སྣ་ཚོགས་གནའ་མཁར་ཟི་ལིང་ནས་འཚུབ་རྒྱུ་རེད། «རྒྱང་རིང»ནི་དེ་དག་ལས་ཆེས་དགའ་བསུ་ཐོབ་པའི་བོད་ཀྱི་གློག་བརྙན་ཏེ། ཐེངས་འདིའི་གཙོ་འགྲན་དུ་ཚུད་པ་དང་དུས་མཚུངས་སུ་འཛམ་གླིང་ཡོངས་སུ་ཐོག་མའི་གཟིགས་འབུལ་བྱེད་རྒྱུ་ཡིན་པ་དེས་གློག་བརྙན་གྱི་གསར་རྩོམ་ཁྱད་ཆོས་དང་རིག་གནས་བརྗོད་སྙིང་། སྒྱུ་རྩལ་སྤྲོས་བརྗོད་ལ་ཁས་ལེན་མཐོན་པོ་ཐོབ་པ་མཚོན། བོད་ཡུལ་གྱི་སྙན་ངག་གི་ཉམས་དང་ལྡན་པའི་གློག་བརྙན་འདི་འཛམ་གླིང་ཡོངས་སུ་གཟིགས་འབུལ་གནང་བའི་དོན་སྙིང་དམིགས་གསལ་བ་དང་ལྷན་དུ། རྒྱལ་ནང་གི་ན་གཞོན་གློག་བརྙན་གྱི་གཙོ་འགྲན་གར་སྟེགས་སུ་འགྲེང་ཡོད།

གློག་བརྙན་གྱི་ལེགས་བདམས་བརྙན་པར།
«རྒྱང་རིང»ནི་འཁྲབ་ཁྲིད་པས་བོད་རང་གི་འབྲོག་པའི་འཚོ་བར་དཔྱོད་འཇུག་བྱས་ཏེ་བགྲང་བྱ་དུ་མར་སེམས་སུ་བསྙལ་བའི་འདང་བརྩེ་ཅན་གྱི་བརྩམས་ཆོས་ཤིག་ཡིན་ལ། བརྗོད་བྱ་ནི་འཚོ་བ་དངོས་ལས་ཐོན་པའི་མྱོང་རྟོགས་ཏེ། བོད་ཀྱི་ཚེ་སྲོག་ལ་བཟུང་བའི་རྣམ་འགྱུར་དང་ཁེར་རྐྱང་གི་སྙན་རོ་གཉིས་དངོས་བརྒལ་གྱི་ལམ་དུ་དྲངས་པའི་སྤྲོས་རྗོད་བྱེད་སྟངས་ཤིག གློག་བརྙན་དུ་དུས་རབས་གོང་མའི་དུས་མཇུག་གི་བོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་སུ་བདམས་ནས། རྒ་བའི་ཁུར་གྱིས་མནན་པའི་རྒན་པོ་བསྟན་པས་རང་གི་སྐྱ་ཡའི་སེམས་ཀྱི་འདུན་པ་མངོན་དུ་མ་གྱུར་བ་གང་དེ་ཡིད་ལ་བཅངས་ནས་གནས་མཇལ་གྱི་ལམ་བུ་རྡོག་པས་མནན། ལམ་བར་དུ་དེང་རབས་ཀྱི་འགྲོས་མྱུར་བའི་སྤྱི་ཚོགས་འཆིང་རྒྱ་ལས་ཐར་ཅིང་རང་དབང་གིས་འཁྱམས་པའི་སྙན་ངག་པ་ཞིག་དང་འཕྲད། ཁེར་རྐྱང་གི་རྣམ་ཤེས་གཉིས་མཉམ་དུ་ལམ་ལ་ཆས་ཏེ། ཐོག་མའི་ཆ་མེད་རྒྱུས་མེད་ཀྱི་སྣང་བ་ནས་ཕན་ཚུན་གོམས་འདྲིས་སུ་གྱུར་བའི་བརྒྱུད་རིམ་ལས། ལམ་ཐག་རིང་པོར་ཚེ་ཡི་སྙིང་པོར་བརྟགས་པས་ཁེར་རྐྱང་གི་གདུང་བ་ངང་གིས་ཞི། མཐའ་མར་དྲོད་ཀྱིས་གཏམས་ཤིང་ཡིད་སེམས་འཁུལ་བའི་འགྲུལ་བཞུད་ཐེངས་ཤིག་རྫོགས་པར་བྲིས།

གློག་བརྙན་གྱི་ལེགས་བདམས་བརྙན་པར།
གློག་བརྙན་དུ་བློ་བསྟན་ཁོ་རང་རྟག་ཏུ་བཀོལ་བར་གོམས་པའི་ཞིབ་ཅིང་རྣོ་ལ་སྙག་ངག་གི་ཉམས་ཀྱིས་ཕྱུག་པའི་ཁྱད་ཆོས་ཀྱི་རྒྱུན་བསྲིངས་ཡོད་པ་དང་། ཛ་དྲག་གི་གར་གྱི་འགལ་འདུ་ཕལ་བར་བསྐྱུར་ནས་དལ་ཅིང་རྒྱུན་རིང་བའི་སྤྲོས་བརྗོད་བྱེད་སྟངས་ལས་བོད་ཀྱི་དད་མོས་དང་འདོད་བློ། ད་དུང་དེང་རབས་ཀྱི་མིའི་མི་ཚུལ་བསམ་གཞིག་བཅས་གཏིང་ཟབ་ཏུ་འདྲེས་པར་བྱས་ཡོད། རྨི་ལམ་ཁྲོད་དུ་བང་གིས་རྒྱུག་པའི་རྟ་མཆོག་དཀར་པོ་དང་བབ་ཆགས་པའི་མཐོ་སྒང་གི་ཆོས་དངོས། མི་དང་མིའི་བར་དུ་བསྐུངས་པའི་མངོན་ཆུང་གི་འཆིང་རྒྱ་བཅས་ཀྱིས་བོད་ཡུལ་གྱི་སྣང་བ་རང་ཡན་དང་ཟབ་བརླིང་སྒམ་ཚུགས་གཉིས་མངོན་དུ་བྱས་ཡོད་ཅིང་། ཚེ་ཡི་འདུ་བྱེད་རྫོགས་པའི་ཡར་སྔོན་གྱི་བག་ཕེབས་དང་ཁེར་རྐྱང་། དྲོད་ཁོལ་བཅས་ཞིབ་གསལ་དུ་བསྟན་པ་ལས། ཚེ་ཡི་སྙིང་པོ་དང་འདུ་བྲལ་སོགས་རྟག་བརྟན་གྱི་བརྗོད་གཞི་ལ་དཔྱད་གླེང་ཟབ་མོ་བྱས་འདུག FIRSTགློག་བརྙན་འགྲེམ་སྟོན་གྱིས་བོད་ཡུལ་ཁོ་ནའི་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་གློག་བརྙན་འདི་ཆ་ཚང་བར་སྟོན་ངེས་ལ། ལྟ་མཁན་ཐམས་ཅད་ལ་གློག་བརྙན་དུ་བསྐུངས་པའི་མཐོ་སྒང་གི་རི་ཆུའི་བར་གྱི་ཚེ་སྲོག་གི་ཟབ་བརླིང་ལ་ངེས་ཤེས་བསྐྱེད་དུ་འཇུག་ནུས།

གློག་བརྙན་གྱི་ལེགས་བདམས་བརྙན་པར།
བློ་བསྟན་ནི་རྒྱལ་ནང་གི་བོད་ཀྱི་གསར་སྐྱེས་འཁྲབ་ཁྲིད་པ་འཐུས་ཚབ་ཏུ་རུང་བ་ཞིག་སྟེ། ཁོ་རང་མཚོ་སྔོན་པོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཕ་ཡུལ་གྱི་ཟམ་མི་ཆད་པའི་གཏམ་རྒྱུད་ཁྲོད་ནས་སྒྱུ་རྩལ་གསར་རྩོམ་ལ་གཞོལ་མཁན་ཞིག་ཀྱང་རེད། ཁོ་རང་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ལོ་ངོ་དུ་མར་ཁོས་བོད་ཡུལ་གྱི་རིག་གནས་དང་གཏམ་རྒྱུད་སྲོག་ཏུ་བཟུང་ནས། ཞིབ་ཅིང་རྣོ་ལ་སྙན་ངག་གི་ཉམས་ཀྱིས་ཕྱུག་པ། མི་སྒེར་གྱི་ཁྱད་ཆོས་མངོན་པར་གསལ་བའི་གློག་བརྙན་སྐད་བརྡས་བབ་ཆགས་རྣམ་དག་གི་མཐོ་སྒང་གཏམ་རྒྱུད་འཆད་བཞིན། རྒྱལ་ནང་གི་ན་གཞོན་གློག་བརྙན་གསར་རྩོམ་ཁྱབ་ཁོངས་སུ་སྒེར་ཆོས་མངོན་པར་གསལ་བའི་གསར་རྩོམ་པ་ཞིག་རེད།

གློག་བརྙན་གྱི་ལེགས་བདམས་བརྙན་པར།
ཁོའི་བརྩམས་ཆོས་ཐོག་མ«དགུན་ལམ་རིང་མོ»ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གསར་རྩོམ་བྱེད་བཞིན་པའི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་མྱོང་ལ། སྨིན་ཐག་ཆོད་པའི་སྤྲོས་བརྗོད་བྱེད་སྟངས་དང་སྒེར་ཆོས་རབ་ཏུ་གསལ་བའི་ཕ་ཡུལ་གྱི་རིག་གནས་མཐོང་སྣེ་ལ་གློག་བརྙན་ལས་རིགས་ཁྱབ་ཁོངས་ཀྱི་ཁས་ལེན་མཐོན་པོ་ཐོབ་ཡོད། གློག་བརྙན་བཟོས་ཚར་རྗེས་བསྟུད་མར་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མེ་བྱ་རྟགས་མའི་གཙོ་འགྲན་སྡེ་ཚན་དང་། པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འབྱུང་འགྱུར་ལ་དོ་སྣང་ཞེས་པའི་སྡེ་ཚན་སོགས་བརྙན་སྟེགས་གལ་ཆེན་དག་ཏུ་ཚུད་ཅིང་། པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཆེས་དོ་སྣང་ཅན་གྱི་སྒྱུ་རྩལ་བྱས་རྗེས་བྱ་དགའ་ཐོབ་སྟེ། ཚད་མི་འདྲ་བ་ནས་ཟབ་བརླིང་གི་གསར་རྩོམ་རྨང་རྐང་དང་རྩོམ་མཁན་གྱི་སྒེར་ཆོས་མངོན་དུ་གསལ་བར་བྱས། ཐེངས་འདིར་གློག་བརྙན་རིང་གྲས«རྒྱང་རིང»བསྣམས་ནསFIRSTགློག་བརྙན་དུས་སྟོན་དུ་བསྐྱོད་དེ་ཐོག་མའི་གཟིགས་འབུལ་གྱི་སྒོ་མོ་ངང་གིས་ཕྱེས་པ་ནི། ཁོའི་གསར་རྩོམ་མི་ཚེའི་ཁྲོད་ཀྱི་ཐོད་བརྒལ་གལ་ཆེན་ཞིག་ཡིན།

FIRSTན་གཞོན་པའི་གློག་བརྙན་འགྲེམ་སྟོན་དུ་ཚུད་པའི་བརྙན་བྱང་།
ཐེངས་འདིར་གློག་བརྙན་བརྩམས་ཆོསFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པ་དང་གནའ་མཁར་ཟི་ལིང་དུ་ཐོག་མའི་གཟིགས་འབུལ་བྱ་རྒྱུ་དེ། «རྒྱང་རིང»གི་གསར་རྩོམ་འགྲུད་བཞུད་ཁྲོད་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ལ། འབྱུང་འགྱུར་མི་ཕམ་རིག་གནས་ཀྱིས་ཐེངས་འདིའིFIRSTའཛམ་གླིང་གི་ཐོག་མའི་གཟིགས་འབུལ་ནས་མགོ་བརྩམས་ཏེ། གློག་བརྙན་གྱི་འགྲེམ་སྤེལ་དང་ཁྱབ་གདལ་ལ་རོགས་ཁྲིད་བྱས་ཏེ། མི་རིགས་ཀྱི་དྲོད་ཁོལ་དང་རིག་གནས་ཀྱི་ཟབ་ཚད་མངའ་བའི་བོད་ཀྱི་གློག་བརྙན་འདི་ཀོ་ལྟ་མཁན་ཀུན་གྱི་སེམས་ཀྱི་གསོས་སུ་སྩོལ་འཆར་ཡིན། གློག་བརྙན་གྱི་ཐོག་མའི་གཟིགས་འབུལ་ཡོངས་སུ་རྫོགས་ནས། བོད་ཡུལ་གྱི་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་ཚེ་སྲོག་གི་འགྲུལ་བཞུད་ལ་ཐེངས་ཤིག་རོལ་བར་རེ་བས་གཏམས་པ་ལགས་སོ། །

འཁྲབ་ཁྲིད་པའམ་འཁྲབ་གཞུང་རྩོམ་པ་པོ་བློ་བསྟན། མཚོ་སྔོན་པོའི་ལྷོ་རྒྱུད་དུ་འཚར་ལོངས་བྱུང་། པེ་ཅིང་གློག་བརྙན་སློབ་ཆེན་དུ་འཁྲབ་ཁྲིད་པའི་ཆེད་ལས་ནས་སློབ་མཐར་ཕྱིན། སྐུ་ཞབས་པདྨ་ཚེ་བརྟན་གྱི་གློག་བརྙན«དབུགས་སྒང»སོགས་སུ་ཞུགས་མྱོང་། 2019ལོར་ཁོའི་བརྩམས་ཆོས་རང་གྲས་ཐོག་མ«དགུན་ལམ་རིང་མོ»ཧྲེང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་དེ་བྱ་དགའ་ཐོབ་མྱོང་བ་མ་ཟད་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུའང་ཚུད། སྔ་གཞུག་དུ་ཁོའི་གློག་བརྙན«བག་མ»དང«རྟེན་འབྲེལ»སོགས་ལའང་རྒྱལ་ཕྱི་ནང་གི་གློག་བརྙན་དུས་སྟོན་གང་མང་ནས་བྱ་དགའ་ཆེ་མ་ཆུང་གསུམ་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号