བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་གནང་བ།
རྒྱ་བཟའ་ཀོང་ཇོ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ལྷ་ས་རུ་རྒྱ་བཟའ་ཀོང་ཇོ་ལ་བསུ་མ་བྱེད་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
རྒྱ་བཟའ་ཀོང་ཇོས་ཁྲང་ཨན་ནས་ཇོ་བོ་ཤཱཀྱ་མུ་ནེ་བོད་དུ་ཞུས་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ལྷ་ས་ཆོས་ཀྱི་ཞིང་ཁམས། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བྲོ་གར་འཁྲབ་སྟོན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་རྒྱལ་སྲོང་བཙན་སྒམ་པོ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བློན་པོ་མགར་སྟོང་བཙན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ལས་མཐུན་གསེར་གྱི་ཉི་ཟླ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ལས་མཐུན་གསེར་གྱི་ཉི་ཟླ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་རྒྱ་གཉེན་དུ་སྡེབ་པར་བཀྲ་ཤིས་པའི་དགའ་སྟོན་ལ་རོལ་བ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་རྒྱ་གཉེན་དུ་སྡེབ་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ལས་མཐུན་གསེར་གྱི་ཉི་ཟླ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ཞེས་པའི་མཚོ་ལྷོ་ཁུལ་གྱི་འཁྲབ་སྟོན་ཡོངས་སུ་མཇུག་སྒྲིལ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
《གསེར་གྱི་ཉི་ཟླ》ནི་མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་ན་གཞོན་གསར་རྩོམ་རུ་ཁག་གིས་ཐོག་དང་པོར་འགན་བླངས་ཏེ་རང་སྒྲིག་རང་འཁྲབ་བྱས་པ་ཡིན་ལ། གཙོ་ཆེར་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དམངས་སྲོལ་རྨང་གཞིར་བཟུང་ཐོག་ཅུང་ཁ་སྣོན་བྱས་པ་ཞིག་ཡིན། དཀའ་ཚགས་གང་མང་བརྒྱུད་དེ་ཉིན50ཡི་ནང་འཁྲབ་སྦྱོང་གི་འོས་འགན་འགྲུབ་པ་མ་ཟད་ཟླ5བའི་ནང་ཡར་ཞུའི་འཁྲབ་སྟོན་གནང་སྟེ་ལས་རིགས་ཁྱབ་ཁོངས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གདེང་འཇོག་དང་བསྟོད་བསྔགས་མི་དམན་པ་གནང་། རྒྱལ་ཡོངས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྒྲིག་འཁྲབ་བྱས་པའི་པར་གཞི7ཡོད་ནའང་། མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་གསར་རྩོམ་གནང་བའི་བརྩམས་ཆོས་འདིར་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཡོད་དེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་མོ་དང་བྲོ་གར་ལ་སྦྱར་ཏེ་འཁྲབ་རྒྱ་ཆེ་ཞིང་གླུ་གར་གྱི་རྣམ་པ་དོད་པས་ཡུལ་དངོས་ཀྱི་གཟིགས་མོ་བས་ཁས་ལེན་དང་གདེང་འཇོག་ལེགས་པོ་བྱེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com