བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་གནང་བ།
བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་གནང་། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ཐང་ཐེའེ་ཙོང་ལི་ཧྲིའུ་མིན་གྱིས་ཀོང་ཇོ་བོད་དུ་སྐྱེལ་བ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》འཁྲབ་སྟོན་བྱེད་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
བློན་པོ་མགར་སྟོང་བཙན་རྒྱ་ནག་ཏུ་ཀོང་ཇོ་བསུ་རུ་ཕྱིན་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
རྒྱ་བཟའ་ཀོང་ཇོ་ཁྲང་ཨན་མཁར་ལ་གྱེས་ཏེ་བོད་དུ་བསྐྱོད་པ། (ལྷ་སྐྱིད་སྒྲོལ་མས་པར་བླངས)
ནུབ་མཚོའི་ལས་མཐུན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་བྲོ་གར་འཁྲབ་སྟོན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་བྲོ་གར་འཁྲབ་སྟོན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་བྲོ་གར་འཁྲབ་སྟོན། (ལྷ་སྐྱིད་སྒྲོལ་མས་པར་བླངས)
སྤྱི་ཟླ8པའི་ཚེས19ཉིན་གྱི་དགོང་མོ། བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ཞེས་པ་མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དུ་འཁྲབ་སྟོན་བྱས་ཏེ་གཟིགས་མོ་བ་ཀུན་གྱི་དགའ་བསུ་མི་དམན་པ་ཐོབ།
བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》ཞེས་པའི་འཁྲབ་གཞུང་ནི2012ལོ་ནས་བཟུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་གིས་དུས་ཡུན་ལོ3ཀྱི་རིང་ལོ་རྒྱུས་ཀྱི་དཔྱད་ཡིག་བཀླགས་ཏེ་ཐང་བོད་གནའ་ལམ་དང་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་མཚོ་ལྷོའི་ལོ་རྒྱུས་གཏམ་རྒྱུད་བརྗོད་གཞིར་བཟུང་སྟེ་སྦྱར་བ་ཞིག་ཡིན་ཞིང་། བོད་རྒྱ་གཉེན་སྡེབ་དང་མི་རིགས་མཐུན་སྒྲིལ། ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ། དམངས་སྲོལ། རང་བྱུང་མཛེས་རྣམ། ལོ་རྒྱུས་རིག་གནས་ཤུལ་བཞག་སོགས་འབུར་དུ་བཏོད་ཡོད། འཁྲབ་གཞུང་འདིས་རྒྱ་ནག་ཐང་ནས་ལྷ་སའི་པོ་ཏ་ལ་བར་དུ་བསྡོམས་པས་ལེའུ་དྲུག་ཏུ་བགར་ཏེ་ལོ་ངོ1300ལྷག་གི་སྔོན་དུ་བོད་རྒྱ་གཉེན་དུ་སྡེབ་སྟེ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྗོད་པ་ཡིན། 2014ལོའི་ལོ་མཇུག་ཏུ་འཁྲབ་གཞུང་འདིའི་ཐོག་མའི་དཔྱད་འབེབས་གནང་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོས་འཁྲབ་གཞུང་འདི་རྒྱ་ཡིག་ཏུ་བསྒྱུར་བ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་བཀྲ་ཤིས་དར་རྒྱས་ཀྱིས་འཁྲབ་གཞུང་འདིར་དབྱངས་བརྩམས་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com