ངོས་དང་པོ > སྒྱུ་རྩལ། > རྡོ་བརྐོས། > རྫ་ཆུ་ཁའི་སྒོ་མདོའི་བྲག་བརྐོས་རི་མོ་ལ་ཡུལ་དངོས་བརྟག་དཔྱད་བྱས་པ།
རྫ་ཆུ་ཁའི་སྒོ་མདོའི་བྲག་བརྐོས་རི་མོ་ལ་ཡུལ་དངོས་བརྟག་དཔྱད་བྱས་པ།
རྩོམ་པ་པོ།:ཚེ་རིང་འཕེལ་བློ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2025-02-26 09:03:31
ཀློག་གྲངས།:
དང་པོ། ས་གནས་ལོ་རྒྱུས་མདོར་བསྡུས།
རྫ་ཆུའི་ཡན་ལག་ཏུ་གྱུར་པའི་སྒོ་ཆུ་བཞུར་བཞིན་པའི་ལུང་པ་ལ་སྒོ་ཁོག་ཟེར། སྒོ་ཁོག་གི་གཞི་བདག་སྒོ་རྒྱལ་བཙུན་མོ་དང་གནས་བདག་རི་མོ་དབང་ཞུ། མ་ཟད་གདོད་མའི་རང་བྱོན་དུ་གྲགས་པའི་བྲག་རིས། གླིང་གེ་འབྲུག་སྐབས་ཀྱི་བསང་གི་མ་ཎི་རྡོ་མཁར་ཆེན་མོ་སོགས་ལོ་རྒྱུས་རིག་གནས་ཤུལ་བཞག་དེ་དག་གིས་སྒོ་ཞེས་པའི་གནའ་བོའི་གཞུང་ལམ་འདིའི་ལོ་རྒྱུས་ཀྱི་རིན་ཐང་དང་ལོ་ཚིགས་ཀྱི་གལ་གནད་མང་པོ་ཞིག་བདེན་དཔང་བྱས་ནས་ཡོད། དེའི་ཕྱིར་ཐེངས་འདིའི་བརྗོད་གཞི་གཙོ་བོ་ཡང་རང་ཉིད་སྒོ་མདོའི་ཤུག་པ་གནས་རི་ལ་ཐེངས་འགར་ཡུལ་དངོས་རྟོག་ཞིབ་ཏུ་སོང་བའི་མཐོང་ཐོས་མྱོང་གསུམ་མམ་རྒྱུས་ལོན་གྱི་གྲུབ་དོན་དེ་ཉིད་གཙོ་བོར་འབྲི་རྒྱུ་ཡིན། ས་གནས་འདི་ལ་ཤུག་པ་གནས་རི། རྒྱ་ཚའི་སྐུ་ཐང་། ཡང་ན་སྒོ་མདོའི་མ་ཎི། ད་དུང་འབྲུག་མོའི་སྦྲ་ཤུལ་སོགས་མིང་གི་རྣམ་གྲངས་མང་པོ་ཞིག་ཡོད།
གཉིས་པ། སྒོ་མདོའི་ཤུག་པ་གནས་རིའི་བྲག་བརྐོས་ངོ་སྤྲོད།
Aས་ཚིགས་ཀྱི་བྲག་བརྐོས་རི་མོ།
འཕྲེང་༡ ། །ཨོཾ་བ་ཛྲྀ་ཀྲོ་དྷ་མ་ཧ་བྷ་ལ།
འཕྲེང་༢ ཧུམ་པད་སྭ་ཧ། །གསང་པེེ་མཚན་ནྀ་
འཕྲེང་༣ ཕུན་སུམ་ཚོགས། །ཤེས་རབ་ཡོད་པ་སྟོབས་
འཕྲེང་༤ པོ་ཆེ། །སྤྱྀ་བོར་དབང་སྐུར་ཡིད་ཀྱང་རྣོ། །མཚྣ་
འཕྲེང་༥ དང་ཡང་དག་ལྡན་པའོ། །སྦྱིན་པ་ཚུལ་ཁྲིམས་
འཕྲེང་༦ ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་བ་སྟོབས་པོ
འཕྲེང་༧ ཆེ། །བསོད་ནམས་ཆེ་བ་མཐུ་ཡང་ཆེ། །ཡྣོ་
འཕྲེང་༨ ཏན་སྩེ་མོ་སྟོབས་པོ་ཆེ། །རྫུ་འཕྲུལ་ཆེན
འཕྲེང་༩ པོ་ཁྱོད་ལ་ཕྱག་འཚལ་ལོ།ཿ།སྔགས་དྔ་
འཕྲེང་༡༠ ཚིག་བཆང་འདྀ་གྱིར་པེེ་ཡོན་གྱིས་བཙན་པོ་ཡབ་སྲས་སྐུ་
འཕྲེང་༡༡ ཚེ་རིང་དྔ་སེམས་ཆན་ཐམས་ཆད་བླ་ན་མྱེད་པེེ་
འཕྲེང་༡༢ བྱང་ཆུབ་དུ་གྲུབ་པར་སྨོན་ཏོ། །འགྲེ་ན་ལེགས་ཀོང་གིས་བྲྀསོ།། །།
སྒོ་མདོར་ཡོད་པའི་ཡི་གེ་དང་རི་མོ་ལ་དཔྱད་པ་བཏང་རྗེས། བསྡོམས་ཚིག་ཉུང་ངུ་ཞིག་འབྲི་འདོད་བྱུང་བ་ནི།
༡ ཡིག་མགོའི་གཉིས་ཤད་བར་ལ་ཉིས་ཚེག་བྲིས་པ།
༢ རྐོས་ཡིག་ལ་ཚེག་བྲིས་ཡོད་པ། ཚེག་ལའང་གཅིག་ཚེག་དང་། ཉིས་ཚེག །དཀྱིལ་ཚེག་དུ་བྲིས་པ།
༣ ཚིགས་བཅད་རེའི་མཚམས་སུ་ཉིས་ཤད་འབྲི་བ་མང་། གཏེར་ཚེག་བྲིས་པ་ཡང་འདུག
༤ རྫོགས་ཚིག་གི་མཐར་གཡུང་དྲུང་དང་གཏེར་ཚེག་གཉིས་རེ་བྲིས་པ།
༥ དབྱངས་ཡིག་གི་གུ་ཕལ་ཆེར་ཕྱིར་ལོག་ཏུ་བྲིས་པ།
༦ མིང་གཞི་ཙ་དང་ཚ། ཅ་དང་ཆ་བརྗེས་ནས་བྲིས་པ།
༧ མིང་གཞི་མ་ལ་ཡ་བཏགས་བྲིས་པ།
༨ འབྲེལ་སྒྲ་འི་དེ་འགྲེང་བུ་ཉིས་བརྩེགས་སུ་བྲིས་པ།
༩ བྲག་བརྐོས་ཡི་གེ་བརྐོ་སྟངས་གཏིང་ཟབ་ལ་གཟོང་ཁ་ལ་སྦོམ་ཕྲ་མེད་པ།
༡༠ རྗེས་འཇུག་མ་ཡིག་ཀླད་གོར་ལྟར་བྲིས་པ།
༡༡ ཡི་གེ་མ་ཤོང་བ་དག་བརྩེགས་ཡིག་ལྟར་བྲིས་པ། དཔེར་ན། ཡིད་འོང་ལ་ཡྡི་འྔོ།
༡༢ ཡང་འཇུག་ད་ཡིག་བྲིས་པ།
རི་མོའི་ཁྱད་ཆོས་ལ་སྤྱིར་ན་བཙན་པོའི་སྐུ་དུས་ཀྱི་བྲག་བརྐོས་ལྷ་སྐུའི་རིགས་མང་། ཁྱད་པར་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། སྒྲོལ་མ་སོགས་ལོངས་སྐུའི་ཆ་བྱད་མང་དུ་མཐོང་། ཤུག་པ་གནས་རིའི་བྲག་བརྐོས་འདི་དག་ལ་ཆོས་སྐུ་དང་ལོངས་སྐུ་ཡོད་པར་མ་ཟད། བོད་བཙན་པོའི་སྐུ་ཆས་ཅན་དང་མཆོད་པའི་ལྷ་མོ། བཙན་པོའི་དུས་ཀྱི་རྨ་བྱའི་རི་མོ་སོགས་འདུག དེ་འདྲའི་ལོ་རྒྱུས་ཀྱི་ཤུལ་བཞག་གལ་ཆེན་ལ། ད་སྔོན་སྔ་རྗེས་སུ་རྡོ་བརྐོས་ཞིབ་འཇུག་པ་གང་མང་ཕེབས་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་དཔྱད་བརྗོད་གྱ་ནོམ་པ་བྱས་ཡོད། འདིར་ཡང་བསྐྱར་བཀོད་པར་རིན་ཐང་ལྡན་མིན་མི་ཤེས་རུང་། ཅུང་ཞིབ་ཆ་ལྡན་པ་ཞིག་བཀོད་ཡོད། སྤྱིར་ན་ས་གནས་འདིའི་སྔོན་བྱོན་སྐྱེས་ཆེན་དག་གིས་བསང་གསོལ་དག་ཀྱང་འདིར་བཀོད་བསམ་མོད་དེ་གནས་སྐབས་དུས་དེབ་ཐོག་གི་རྩོམ་ལ་ཡིག་འབྲིའི་ཚད་གྲངས་ཡོད་པས་བཀོད་ཐབས་བྲལ། ཕྱིས་སུ་རྣམ་པའི་སྤྱན་ལམ་དུ་ཕུལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། རང་ངོས་ནས་ལོ་རྒྱུས་ཆེད་སྦྱངས་པ་དང་རྡོ་བརྐོས་རིག་གནས་ཞིབ་འཇུག་པ་སོགས་གང་ཡང་མིན་རུང་། སྒོ་མདོ་འདི་ལོ་རྒྱུས་ཀྱི་གནད་གལ་ལ་བསམ་ནས་ཆེད་དུ་ཟིན་ཐོ་ཙམ་འདི་བཀོད་འདོད་བྱུང་། ཀུན་ལ་དགེ་ལེགས་འཕེལ། །
ཚེ་རིང་འཕེལ་བློས་བྲིས་ཤིང་པར་མཁོ་འདོན་བྱས།
སེར་ཤུལ་རྫོང་ནི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ལ་གནས། སི་ཁྲོན་ཞིང་ཆེན་ལ་མཚོན་ན་ཆེས་ནུབ་བྱང་གི་རྫོང་སྒོ་དེ་ཡིན། རྫོང་གི་ཤར་ཕྱོགས་གསེར་རྟ་དང་སྡེ་དགེ་ལ་འདབས་འབྲེལ། ལྷོ་ཕྱོགས་བོད་ལྗོངས་འཇོ་མདའ་དང་འདབས་འབྲེལ། ནུབ་ཕྱོགས་མཚོ་སྔོན་ཡུས་ཧྲུའུ་ཁུལ་གྱི་ཁྲི་འདུ་རྫོང་དང་འདབས་འབྲེལ། བྱང་ཕྱོགས་མཚོ་སྔོན་མགོ་ལོག་ཁུལ་དར་ལག་རྫོང་དང་འདབས་འབྲེལ་ནས་ཡོད།

ཤུག་པ་གནས་རིའི་དཔེ་སྟོན་རི་མོ།

གྲོང་གསེབ་གཞུང་ལམ001པོ།
སེར་ཤུལ་རྫོང་སྒོ་མདོའི་བྲག་བརྐོས་རི་མོ་ནི་སེར་ཤུལ་རྫོང་ཁྲོམ་རྫ་འགབ་མ་ཡུལ་ཤོག་རུ་ཁག་བདུན་པའི་ས་ཆ། གཞུང་ལམ001ཡི་ཉེ་འགྲམ། སྒོ་ཆུ་དང་རྫ་ཆུའི་འདུས་མདོ། ཡོངས་གྲགས་སུ་སྒོ་མདོའམ་ཡང་ན་ཤུག་པ་གནས་རི་ཞེས་པའི་ས་ཆར་ཡོད། ཤུག་པ་གནས་རིའི་རི་ངོས་སུ་བླ་མ་མཚམས་པ་གཉིས་དུས་ཡུན་རིང་པོར་སྒོམ་སྒྲུབ་བྱས་ནས་བཞུགས་པའི་རྒྱུ་མཚན་གྱིས། མི་མང་པོ་ཞིག་གིས་ས་གནས་དེ་ཤེས་ཚོར་བྱུང་ཡོད། ཡིན་ནའང་ཤུག་པ་གནས་རིའི་མཚན་སྙན་གྲགས་ནི་མཚམས་པ་ཁོང་གཉིས་ཀྱི་བྱིན་རླབས་ཁོ་ན་ཙམ་གྱིས་མ་ཡིན་པར། ལོ་རྒྱུས་ཀྱིས་གནང་སྦྱིན་བྱས་པའི་ས་ཚིགས་གལ་ཆེན་ཞིག་ཀྱང་ཡིན། སྒོ་མདོ་ནི་བོད་བཙན་པོའི་སྐུ་དུས་ཀྱི་རྒྱ་བཟའ་དང་གླིང་གེ་འབྲུག་གི་སྐབས་ཀྱི་རླངས་བླ་བྱང་ཆུབ་འདྲེ་བཀོལ། ཕྱིས་སུ་དྲེལ་དཀར་ངག་དབང་པདྨ་སོགས་སྐྱེས་ཆེན་གང་མང་ཞིག་གིས་ཞབས་ཀྱིས་བཅགས་མྱོང་བའི་ས་གནས་དམིགས་གསལ་བ་ཞིག་ཏུ་གྱུར་ཡོད།རྫ་ཆུའི་ཡན་ལག་ཏུ་གྱུར་པའི་སྒོ་ཆུ་བཞུར་བཞིན་པའི་ལུང་པ་ལ་སྒོ་ཁོག་ཟེར། སྒོ་ཁོག་གི་གཞི་བདག་སྒོ་རྒྱལ་བཙུན་མོ་དང་གནས་བདག་རི་མོ་དབང་ཞུ། མ་ཟད་གདོད་མའི་རང་བྱོན་དུ་གྲགས་པའི་བྲག་རིས། གླིང་གེ་འབྲུག་སྐབས་ཀྱི་བསང་གི་མ་ཎི་རྡོ་མཁར་ཆེན་མོ་སོགས་ལོ་རྒྱུས་རིག་གནས་ཤུལ་བཞག་དེ་དག་གིས་སྒོ་ཞེས་པའི་གནའ་བོའི་གཞུང་ལམ་འདིའི་ལོ་རྒྱུས་ཀྱི་རིན་ཐང་དང་ལོ་ཚིགས་ཀྱི་གལ་གནད་མང་པོ་ཞིག་བདེན་དཔང་བྱས་ནས་ཡོད། དེའི་ཕྱིར་ཐེངས་འདིའི་བརྗོད་གཞི་གཙོ་བོ་ཡང་རང་ཉིད་སྒོ་མདོའི་ཤུག་པ་གནས་རི་ལ་ཐེངས་འགར་ཡུལ་དངོས་རྟོག་ཞིབ་ཏུ་སོང་བའི་མཐོང་ཐོས་མྱོང་གསུམ་མམ་རྒྱུས་ལོན་གྱི་གྲུབ་དོན་དེ་ཉིད་གཙོ་བོར་འབྲི་རྒྱུ་ཡིན། ས་གནས་འདི་ལ་ཤུག་པ་གནས་རི། རྒྱ་ཚའི་སྐུ་ཐང་། ཡང་ན་སྒོ་མདོའི་མ་ཎི། ད་དུང་འབྲུག་མོའི་སྦྲ་ཤུལ་སོགས་མིང་གི་རྣམ་གྲངས་མང་པོ་ཞིག་ཡོད།
གཉིས་པ། སྒོ་མདོའི་ཤུག་པ་གནས་རིའི་བྲག་བརྐོས་ངོ་སྤྲོད།
སྒོ་མདོའི་ཤུག་པ་གནས་རི་ལ་བོད་བཙན་པོའི་སྐུ་དུས་ཀྱི་རྡོ་བརྐོས་ཡི་གེ་དང་རི་མོ་སོགས་འབོར་ཆེན་ཡོད། ཡུལ་ངོས་སུ་རྟོག་ཞིབ་བྱེད་སྐབས། དེར་རི་མོའི་རིགས་དང་ཡི་གེའི་རིགས་མི་འདྲ་བ་བསྡོམས་པའི་ཚན་པ་བཅུ་དགུ་འདུག ཡི་གེའི་ནང་དོན་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དབུ་རྨོགས་དར་བར་སྨོན་པ་དང་། གཟུངས་སྔགས་སོགས་དང་། རི་མོའི་ནང་ལ་ཆོས་སྐུ། ལོངས་སྐུ་ཆ་བྱད་ཅན། གཞན་གཡུང་དྲུང་གི་རི་མོ། བོད་བཙན་པོའི་སྐུ་ཆས་ཅན། བཙན་པོའི་དུས་ཀྱི་བྱ་དང་མཆོད་པའི་ལྷ་མོ་སོགས་སྣ་མང་འདུག་པས་གཤམ་དུ་ང་ཚོས་ཅུང་ཞིབ་ཆ་ལྡན་པ་ཞིག་རྒྱུས་ལོན་བྱེད།

བྲག་བརྐོས་རི་མོ002པའི་དཔེ་མཚོན་རི་མོ།
ཤུག་པ་གནས་རི་དེ་པར002ཀྱིས་མཚོན་རྒྱུ་བྱེད། པར་ངོས་ཀྱི་བྲག་བརྐོས་དང་པོ་ནི་དབུ་མེད་པའི་འབུར་སྐུ་བརྐོས་མ་ཞིག་ཡིན་པ་དང་། ས་ཚིགས་དེ་ལAས་ཚིགས་ཞེས་འབོད་པར་བྱ། མཚམས་པ་རྣམ་གཉིས་བཞུགས་སརBས་ཚིགས་ཞེས་བརྗོད། Aས་ཚིགས་དངBས་ཚིགས་གཉིས་ཀྱི་བྲག་བརྐོས་ལ་རྒྱུས་ལོན་བྱས་དུས། སེར་ཤུལ་རྫོང་ནས་ཨ་རིག་རྫ་ཤང་བརྒྱུད་དེ་ཤུག་པ་གནས་རི་ལ་སོང་ན། ཤུག་པ་གནས་རི་འདི་གཞུང་ལམ01པོའི་གཡོན་ཕྱོགས་སུ་ཡོད། པར་ངོས་ལྟར་ན་དང་པོAས་ཚིགས་ལ་ཐོན་འགྲོ། དེའི་མར་སྨི་ལྔ་བཅུའི་མཚམས་སུBས་ཚིགས་ཡོད། སྒོ་མདོའི་ལྷོ་ཕྱོགས་སུ་རྫ་ཆུ་དང་སྒོ་ཆུ་གཉིས་བསྡོངས་ནས་ཤར་ཕྱོགས་སུ་བཞུར་བཞིན་ཡོད། སྒོ་མདོ་ཞེས་པའི་མིང་ཡང་དེ་ལས་བྱུང་། Aས་ཚིགས་ལ་རི་མོ་གཅིག་དང་ཡི་གེ་གཅིག་བཅས་ཡོད། Bས་ཚིགས་ལ་རི་མོ་དང་ཡི་གེ་བསྡོམས་ན་ཚན་པ་བཅུ་བདུན་ལས་གྲུབ། བླ་མ་མཚམས་པ་གཉིས་ཀྱི་སྒོ་འགྲམ་དང་ཁོང་རྣམ་པའི་ཤག་གི་ནང་དུའང་ཡི་གེ་དང་རི་མོ་འདུག །པར་གྱི་ཐོག་གི་མཆོད་རྟེན་ཡོད་ས་དེ་སྒོ་མདོའི་མ་ཎི་རེད། དེའི་མར་ལེ་བར་གཅིག་ཙམ་གྱི་མཚམས་སུ་ཁྲོམ་རྫ་འགབ་མ་ཡུལ་ཚོ་མི་དམངས་སྲིད་གཞུང་ཆགས་ཡོད།Aས་ཚིགས་ཀྱི་བྲག་བརྐོས་རི་མོ།
Aས་ཚིགས་ཀྱི་སྣ་ཁ་དེར་རྡོ་བརྩིགས་ལས་གྲུབ་པའི་ཁང་པ་ཆུང་ཆུང་ཞིག་ཡོད། དེའི་སྒོ་ཚང་མ་དར་དཀར་བཀབ་ནས་འདུག །དར་དཀར་ཡར་བཀྱགས་ནས་ཁང་ཆུང་ནང་ལ་བལྟས་ཚེ། ཁང་ཆུང་དེའི་ནང་ལ་མཐོ་ཚད་སྨི་གཅིག་ཅན་གྱི་ཆོས་སྐུའི་ཆ་བྱད་ཀྱི་རྡོ་སྐུ་ཞིག་འདུག །དེ་ནི་ངག་རྒྱུན་དུ་རྒྱ་ཚྭའི་སྐུ་ཐང་དུ་གྲགས་པའི་སྐུ་དེ་རེད། སྤྱི་ཚོགས་རྙིང་པའི་སྐབས་སུ་སྐུ་དེ་ལ་དབུ་མེད། དེ་རྗེས་རྫོགས་ཆེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སྐུ་ཕྲེང་དང་པོས་དབུ་སྤྲད་ནས་སྐུ་ཁང་བཞེངས། སྤྱི་ལོ1990ཡས་མས་སུ་ཡུལ་མི་སྨར་ཁམས་མི་ཡོས་ཞེས་པ་དེས་སྦྱིན་བདག་བྱས་ནས་སྐུ་དེ་ལ་དབུ་གསར་དུ་བཟོས་པ་རེད་ཟེར། སྐུ་ཁང་དེའི་ཅུང་མར་ཙམ་ནི་མཐོ་ཚད་སྨི་བདུན་དང་ཞིང་ལ་སྨི་ལྔ་ཡོད་པའི་བྲག་ངོས་ལེབ་མོ་ཡར་བསླངས་ནས་ཡོད་པ་ཞིག་འདུག །སྤྱི་ལོ2022ལོར་འཇུ་དགོན་སྤྲུལ་དང་ཕུ་བོ་བསོད་ནམས་འཕེལ་རྒྱས་བཅས་ཆེད་དུ་བྲག་ངོས་དེ་ལ་རྒྱུས་ལོན་ཞིག་བྱས་པ་ཡིན། བྲག་ངོས་ཀྱི་བྲག་རྩི་བཀྲུས་ནས་ལྟ་དུས། བྲག་རྩིའི་འོག་གི་བོད་ཡིག་དག་མཐོང་བྱུང་། ཡིན་ནའང་དེའི་ཉིན་ལག་ཆ་ཞན་པའི་རྒྱུ་མཚན་གྱིས་བྲག་ངོས་ཆུང་ཆུང་ཞིག་ལས་བཀྲུ་མ་ནུས། ཐེངས་འདིར་སླར་ཡང་དྲེལ་དཀར་དགོན་པའི་པདྨ་བདེ་གསལ་དང་ལྷན་དུ་བྲག་ངོས་བཀྲུས་ནས་ཡི་གེ་ཨེ་མཐོང་བལྟས། བྲག་ངོས་ཀྱི་བྲག་རྩི་སྟུག་པོ་རེད། བྲག་ངོས་ལ་སྐྱོན་མི་ཞུགས་པའི་རྨང་གཞིའི་ཐོག་ནས་བྲག་ངོས་ལེགས་པོ་འཁྲུད་དགོས་དུས། ཕག་སྤུ་དང་ཡང་ན་རག་སྐུད་ཕྲ་མོ་ལས་གྲུབ་པའི་སྤུར་ལེབ་ནི་མེད་དུ་མི་རུང་སྙམ། བྲག་ངོས་འདི་གཞན་པའི་བྲག་དང་བསྡུར་ན་ངོས་ཆེན་པོ་ཡོད་པས། གཙང་མར་དཀྲུ་བ་ལ་དཀའ་ལས་ཆེན་པོ་འཕྲད། གང་ལྟར་ད་ཐེངས་ཀྱང་བསམ་ཚོད་ཀྱི་འབྲས་བུ་མ་ཐོབ། ཡི་གེའི་མང་ཉུང་ལ་བལྟས་ན་བཟང་སྤྱོད་བྲིས་ཡོད་པ་ཡིན་ནམ་སྙམ། མདོར་ན་མི་འགྱང་བར་ཁ་གསལ་ཞིག་ཤེས་ཐུབ་པའི་རེ་བ་བཅངས་ཡོད།

བྲག་བརྐོས་རི་མོA01པ།
Aས་ཚིགས་ཐོག་གི་བྲག་བརྐོས་རི་མོ་གཉིས་དེའི་པར་ཨངA01ནི་བྲག་གཡའ་མ་ལ་འབུར་དུ་བརྐོས་པའི་སངས་རྒྱས་ཀྱི་སྐུ། དབུ་གསར་དུ་བཟོས་པ་དེ་རེད། པར་ཨངA02ནི་བྲག་ངོས་ཆེན་པོ་ཞིག་ན་བོད་བཙན་པོའི་སྐུ་དུས་ཀྱི་ཡིག་གཟུགས་དང་མཚུངས་པའི་ཡིག་ཕྲེང་འགའ་ཡོད་པ་ཞིག་རེད། བྲག་ངོས་དེར་ཉི་ཟེར་དང་ཆར་ཆུ། གྲང་ངར་དང་བསེར་བུ་ཡིས་དུས་ཡུན་རིང་པོར་བརྡུང་བའི་རྒྱུ་མཚན་གྱིས་ཡི་གེ་གསལ་པོ་ཞིག་མཐོང་ཐུབ་ཀྱི་མི་འདུག བོད་ཡིག་ཡིན་པ་ཤེས་ཙམ་གྱི་ཚད་རེད།

བྲག་བརྐོས་རི་མོA02པ།
Bས་ཚིགས། ཤུག་པ་གནས་རི། བཙན་པོའི་སྐུ་དུས་ཀྱི་ཡི་གེ་དང་བྲག་བརྐོས་རི་མོ།
Bས་ཚིགས་ནི་སྒོ་མདོའི་གདོང་སྣའི་བྲག་བརྐོས་ནང་དོན་ཕུན་སུམ་ཚོགས་པ་ཡོད་པའི་ས་ཆ་དེ་རེད། ཡོངས་གྲགས་སུ་ཤུག་པ་གནས་རི་ཞེས་འབོད། སྨི་གྲུ་བཞི་མ་སུམ་བརྒྱ་ཡས་མས་ཀྱི་ས་ཆར། བྲག་བརྐོས་རི་མོ་དང་ཡི་གེ་སོགས་ཚན་པ་བཅུ་བདུན་ཡོད། འབྲུག་གོང་མ་འགྲོ་འདུལ་དཔའ་བོའི་སློབ་མ་ཨ་དྲེལ་སྐལ་དར་ཟེར་བ་ཞིག་སྒྲུབ་ཕུག་དེར་མཚམས་བཞུགས་རབས་འདུག །དེ་རྗེས་སྤྱི་ལོ1985ལོ་ནས་བཟུང་བླ་མ་གུ་རུ་དང་བླ་མ་ཐོལ་གླུ་གཉིས་དེར་མཚམས་ལ་བཞུགས། ཁོང་གཉིས་ལ་ཨ་འཛོམས་འབྲུག་པའི་དབང་ལུང་ཐོབ་ནས་དེར་མཚམས་བཞུགས་པ་ཡིན་གསུངས། དེར་བཞུགས་ནས་མི་ལོ་བཞི་བཅུ་ཡས་མས་རེད་འདུག་ལ། དེའི་ནང་གི་ལོ་ཉི་ཤུ་ཙམ་ངག་ཡོངས་སུ་བཅད་ནས་མཚམས་བཞུགས་པ་ཡིན་གསུངས། རྣམ་པ་གཉིས་ནས་གསུངས་པ་ལྟར་ན། ས་ཆ་དེ་ནི་གུ་རུ་རིན་པོ་ཆེ་དང་རླངས་སྟོན་བྱང་ཆུབ་འདྲེ་བཀོལ། གླིང་རྗེ་གེ་སར་རྒྱལ་པོ། དྲེལ་དཀར་ངག་དབང་པདྨ་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པས་གནས་གལ་ཆེན་ཡིན་གསུངས། དེ་ནས་ང་ཚོས་བྲག་ངོས་ཀྱི་རི་མོ་དང་ཡི་གེ་དག་ལ་རྒྱུས་ལོན་བྱེད་སྐབས། དེ་ནི་བྲག་བརྐོས་རི་མོའི་ནང་དོན་ཕུན་སུམ་ཚོགས་པ། ཡི་གེའི་གྲངས་འབོར་མང་པ། བརྡ་རྙིང་དང་དབྱངས་ཡིག་ཕྱིར་ལོག་ཅན་སོགས་ཞིབ་འཇུག་གི་རིན་ཐང་ཅན་གྱི་རི་མོ་དང་ཡི་གེ་མང་དུ་འདུག

Bས་ཚིགས།
བྲག་བརྐོསB01ནི་བཙན་པོའི་སྐུ་ཆས་ཅན། །དབུ་ལ་བཙན་པོའི་ལ་ཐོད་སྤྲས། །ལ་ཐོད་ཕྱི་ལ་རྒྱན་ཆས་བརྒྱན། །འོད་འཁོར་ཕྱི་ལ་མེ་རི་མཆེད། །ལྭ་རིང་གྱོན་པ་རྒྱལ་པོའི་ཆས། །དབུ་སྐྲ་བསླས་ནས་གཡས་གཡོན་བསྣར། །ཕྱག་གཡས་པདྨའི་སྡོང་པོ་འཛིན། །པདྨའི་ཐོག་ལ་འཇའ་འོད་འཕྲོ། །གཡོན་པས་པདྨའི་སྡོང་པོ་མཆོད། །གདོང་ལ་ཞི་བའི་ཉམས་དང་ལྡན། །དེ་འདྲའི་རི་མོའི་མཐོ་ཚད་ལ་སྨི1དང་ཞེང་ལ་སྨི0.2འདུག །སྤྱིར་ན་བོད་བཙན་པོའི་སྐུ་དུས་སུ་བརྐོས་པའི་བྲག་བརྐོས་ནི་མདོ་དབུས་ཁམས་གསུམ་ཀུན་ཏུ་ཡོད་པ་ཞིག་རེད། ཡིག་ཆ་ལྟར་ན་གྲངས་འབོར་ཡང་མང་དགོས་པའི་ཚོད་རེད། བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་གང་མང་བརྐོས་ཡོད་པ་འདྲ། དེ་དག་ལས་མང་ཤོས་ནི་ལྷ་སྐུ་ཡིན་པར་འདོད། ནང་དོན་ཡང་བོད་ཡུལ་སྐྱོང་པའི་རིམ་གྲོ་དང་སངས་རྒྱས་བསྟན་པ་དར་བའི་སྨོན་ལམ་སོགས་གཙོ་བོ་བརྐོས་འདུག །དེ་ལས་ཡི་གེ་ཡོད་པ་དང་ཁྱད་པར་དུ་ལོ་རྒྱུས་མཚོན་པའི་བཙན་པོའི་སྐུ་ཆས་ཅན་དེ་དཀོན་པའི་ཚོད་དུ་འདུག

བྲག་བརྐོས་རི་མོB01པ།
བྲག་ངོསB02ནི་ཡི་གེ་སུམ་ཅུ་སོ་ལྔ་ལས་གྲུབ་པ་དང་། ཡི་གེ་འགའ་རེ་གཏན་ནས་མི་མཐོང་། ཡིག་འཕྲེང་བདུན་ཡོད། མཐོ་ཚད་ལ་སྨི0.34དང་ཞེང་ལ་སྨི0.35འདུག །གཞན་པའི་རི་མོ་སོགས་གང་ཡང་མེད། བྲག་ངོས་འདིའི་ནང་དོན་གསོལ་སྨོན་ཚིག་བཞི་ཞིག་རེད། དེང་དུས་ཀྱི་རྡོ་བརྐོས་དང་མི་འདྲ་ས་ནི་ཡིག་ཚེག་ཡོད་པ། གཟོང་བརྐོས་ཀྱི་སོ་ཁ་ལ་སྦོམ་ཕྲ་མེད་པ། བརྐོས་པ་གཏིང་ཟབ། རྗེས་འཇུག་མ་དེ་ཀླད་གོར་གྱི་ཚུལ་དུ་བྲིས་པ་དང་། དབྱངས་ཡིག་གི་གུ་དེ་ཕྱིར་ལོག་ཏུ་བྲིས་པ་སོགས་ཁྱད་ཆོས་ལྡན།

བྲག་བརྐོས་རི་མོB02པ།
བྲག་བརྐོསB03ནི་འབུར་བརྐོས་རིགས། བྲག་བརྐོས་རི་མོ་འདིར་དབུ་ལ་འོད་འཁོར་ཡོད་པའི་བཞེངས་སྐུ། ཕྱག་གཡོན་པ་སྙིང་ཁར་མེ་ཏོག་པདྨ་འཛིན་པ། ལུས་ལ་ལྭ་བ་རིང་པོ་གྱོན་པ། ཆས་ནི་བོད་དམ་རྒྱ་ནག་ལུགས། ཞབས་ལ་པད་ཁྲི་གཅིག་བརྩེགས། པད་ཁྲིའི་འོག་ལ་ཁྲི་གདན་གྲུ་བཞི་ཅན། རི་མོའི་མཐོ་ཚད་ལ་སྨི100དང་ཞེང་ལ་སྨི20འདུག

བྲག་བརྐོས་རི་མོB03པ།
བྲག་བརྐོསB04ནི་འབུར་བརྐོས་རིགས། དཀྱིལ་དུ་སངས་རྒྱས་ཀྱི་སྐུ་འབུར་དུ་བརྐོས་པ། དབུ་མི་བཞུགས་ལ་སྐུ་སྟོད་ལ་ཆོས་གོས་མནབས་པའི་སྐུ་དབྱིབས་གསལ་པོར་དོད་ཡོད། སྐུ་སྨད་ཀྱི་ཕྱི་དབྱིབས་ཙམ་བཞུགས། ཕྱག་གཉིས་མཉམ་བཞག །ཞབས་གདན་པད་གདན་གཅིག་བརྩེགས་ཁ་ཡར་འཁོར་བ། དེ་ལས་གཡས་ཕྱོགས་ཀྱི་པད་འདབ་ལྔ་ཙམ་མཐོང་ཐུབ། སངས་རྒྱས་སྐུའི་གཡས་ཕྱོགས་སུ་མི་སྐྱའི་ཚུལ་དུ་པུས་མོ་གཉིས་ས་ལ་བཙུགས་ནས་གདན་ཐོག་ལ་བཞུགས་པ། གཡོན་ཕྱོགས་སུ་རབ་བྱུང་གི་ཚུལ་དུ་པུས་མོ་གཉིས་ས་ལ་བཙུགས་པ། ཧྭ་ཤང་དང་འདྲ་པོ་འདུག །མདུན་དཀྱིལ་དུ་མཆོད་རྫས་རྐང་གསུམ་ཐོག་ལ་གང་རུང་ཞིག་མཆོད་ནས་ཡོད་པ་ཞིག་ཡོད། རི་མོའི་མཐོ་ཚད་ལ་སྨི0.6དང་ཞེང་ལ་སྨི0.42འདུག

བྲག་བརྐོས་རི་མོB04པ།
བྲག་བརྐོསB05ནི་གཟུངས་སྔགས་རིགས། སྔགས་ཀྱི་ནང་དོན་གདུགས་དཀར་གྱི་གཟུངས་སྔགས་རིགས་ཡིན་པར་འདོད། ཡིག་ཚེག་ཚང་མ་དཀྱིལ་ཙམ་ལ་ཡོད་པ། དབྱངས་ཡིག་གི་གུ་ཕྱིར་ལོག་ཏུ་བྲིས་པ། སྭ་ཧཱ་ཞེས་པའི་ཧ་ལ་འ་དེ་རྗེས་འཇུག་གི་ཚུལ་དུ་བྲིས་པ། ཉིས་ཤེད་དང་གཏེར་ཚེག་གཉིས་བརྩེགས་ཅན་བྲིས་པ་སོགས་སྔགས་ཡིག་འདིའི་ཁྱད་ཆོས་གཙོ་བོར་མཐོང་། རི་མོའི་མཐོ་ཚད་ལ་སྨི0.4དང་ཞེང་ལ་སྨི0.75འདུག

བྲག་བརྐོས་རི་མོB05པ།
བྲག་བརྐོསB06ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དབུ་རྨོག་མཐོ་བར་སྨོན་པའི་ཡི་གེ། རི་མོའི་མཐོ་ཚད་ལ་སྨི0.43དང་ཞེང་ལ་སྨི0.74འདུག །ཡིག་འབྲུའི་བར་ལ་དཀྱིལ་ཚེག་ཡོད་པ། རྫོགས་ཚིག་གི་རྗེས་སུ་ཉིས་ཤད་གཉིས། ཉིས་ཤེད་བར་ལ་གཡུང་དྲུང་རི་མོ卍ཡོད། མིང་གཞི་ཙའི་ཚབ་ལ་ཚ་བྲིས་པ། རྗེས་འཇུག་མ་ཀླད་གོར་གྱི་ཚུལ་དུ་བྲིས་པ། མིང་གཞི་མ་ལ་ཡ་བཏགས་བྲིས་པ་སོགས་ཁྱད་ཆོས་ཆེ།

བྲག་བརྐོས་རི་མོB06པ།
བྲག་བརྐོསB07ནི་རི་མོའི་མཐོ་ཚད་ལ་སྨི0.75དང་ཞེང་ལ་སྨི0.37ཅན་གྱི་བྱ་གཟུགས་རི་མོ་ཞིག་རེད། བྱ་གཟུགས་རི་མོ་འདི་ནི་བོད་བཙན་པོའི་དུས་ཀྱི་རྨ་བྱའི་འབྲི་སྟངས་ཡིན་པར་གྲགས། བོད་བཙན་པོའི་སྐུ་དུས་ཀྱི་གནའ་གོས་སོགས་ཀྱི་ཐོག་ལའང་བྱ་གཟུགས་འདིར་འདྲ་བ། མཆུ་ལ་རྒྱན་ཆའམ་གང་རུང་འཛིན་པ། མགོ་ལ་སྒྲོ་སྤུའམ་ར་ལྟ་བུ་གཉིས་ཡོད་པ། ལུས་ལ་རི་མོ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འདུག །འདི་འདྲའི་རི་མོའི་རིགས་ཀྱིས་ཆ་འཕྲིན་གང་ཞིག་དང་གོ་དོན་གང་ཞིག་རྗོད་བཞིན་ཡོད་པ་སོགས་ཆེད་ལས་དཔྱད་ལྡན་དག་གིས་གསུང་བར་འཚལ།

བྲག་བརྐོས་རི་མོB07པ།
བྲག་བརྐོསB08ནི་ཆོས་སྐུ་འོད་འཁོར་ཅན་དང་ཡི་གེ་ལས་གྲུབ་པའི་བྲག་བརྐོས་རི་མོ་ཞིག་རེད། བྲག་བརྐོས་ཡི་གེ་འདི་ལ་གཟོང་གི་སོ་ཁ་ལ་སྦོམ་ཕྲ་མེད་པ། ཡིག་འབྲུའི་བར་ལ་ཉིས་ཚེག་བྲིས་པ། རྗེས་འཇུག་མ་ཡིག་ཀླད་གོར་གྱི་ཚུལ་དུ་བྲིས་པ། དབྱངས་ཡིག་གི་གུ་ཕྱིར་ལོག་ཏུ་བྲིས་པ། རྗེས་འཇུག་བརྩེགས་ཡིག་གི་ཚུལ་དུ་བྲིས་པ་སོགས་ཁྱད་ཆོས་ལྡན་ཞིང་། ཡི་གེ་དེ་དག་གིས་སྐུ་བསྐོར་ནས་ཡོད།
སྐུ་འདི་ལ་འོད་འཁོར་གཉིས་བརྩེགས་དང་འོད་འཁོར་རྩེ་མོ་རྣོན་པོ་ཅན། འོད་འཁོར་གྱི་ནང་དུ་མེ་ལྕེ་མཆེད་པ། སྐུའི་སྤྱི་གཙུག་ལ་མེ་ལྕེ་འདྲ་བའི་རི་མོ་ཡོད་པ། སྐུ་སྟོད་ཀྱི་ན་བཟའ་ཉུང་ལ་ཡོངས་སུ་སྐུ་ལུས་ལ་འཁྱུད་པ། སྐུའི་ལག་པ་གཡས་གཡོན་ལ་དཔུང་རྒྱན་ཡོད་པ། ཕྱག་གཉིས་མཉམ་བཞག་ཕྱག་རྒྱ། སྐུ་སྨད་ཀྱི་ཤམ་ཐབས་ནི་ལུས་ལ་ཡོངས་སུ་འཁྱུད་པའི་ཐོག་སེན་རིས་ཧ་ཅང་མང་བ། ཞབས་ཀྱི་པད་འདབ་ནི་གོང་འོག་གཉིས་བརྩེགས་ཅན་ལ་པད་འདབ་གོང་མ་ཆེ་ལ་འོག་མ་ཕྲ་བའི་ཁྱད་ཆོས་ལྡན། རི་མོའི་མཐོ་ཚད་ལ་སྨི1.8དང་ཞེང་ལ་སྨི0.72འདུག

བྲག་བརྐོས་རི་མོB08པ།
བྲག་བརྐོསB09ནི་ཡི་གེ་དང་སྐུ་གཉིས་ལས་གྲུབ་པའི་བྲག་བརྐོས་ཤིག་རེད། སྐུ་དེ་ནི་སངས་རྒྱས་སྐུ་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་འོད་འཁོར་ཕྱི་ལ་མེ་ལྕེ་མཆེད་པ། དབུ་ལ་རིགས་གསུམ། རིགས་གསུམ་ཐོག་ལ་ལ་ཐོད་སྤྲས་པ། ཞབས་ལྡན་པད་འཁོར་ཉིས་བརྩེགས་ཅན། པད་འདབ་གོང་མ་ལ་ལོ་མ་བདུན་དང་འོག་མ་ལ་པད་འདབ་ལོ་མ་ལྔ་ཡོད་པ། པད་ཁྲིའི་མདུན་དཀྱིལ་དུ་གོར་གོར་གཉིས་བྲིས་པ་ཞིག་རེད།
རྡོ་བརྐོས་ཡིག་འབྲུའི་བར་ལ་ཉིས་ཚེག་ཅན། ཚིགས་བཅད་རྐང་མཐར་ཉིས་ཤད། ཚིག་མཚམས་སུ་གཏེར་ཚེག་དང་རྫོགས་མཚམས་སུ་བཞི་ཤད། བར་ལ་གཡུང་དྲུང་རི་མོ་ཡོད་པ། རྗེས་འཇུག་མ་དེ་ཀླད་གོར་གྱི་ཚུལ་དུ་བརྐོས་པ། དབྱངས་ཡིག་གི་གུ་ཕྱིར་ལོག་ཏུ་བརྐོས་པ། མིང་གཞི་ཅ་དང་ཆ་བརྗེས་པ། འབྲེལ་སྒྲ་འི་ཡིག་ཏེ་འགྲེང་བུ་ཉིས་བརྩེགས་སུ་བརྐོས་པ། མིང་གཞི་མ་ལ་ཡ་བཏགས་སྦྱར་པ། བསྩལ་ལ་ཡང་འཇུག་ད་སྦྱར་བ་སོགས་ཁྱད་ཆོས་སུ་འདུག །རི་མོའི་མཐོ་ཚད་ལ་སྨི1.7དང་ཞེང་ལ་སྨི1.6འདུག

བྲག་བརྐོས་རི་མོB09པ།
བྲག་བརྐོསB10ནི་ཡིག་འཕྲེང་བདུན་ལས་གྲུབ་པའི་བསམ་ལྷུན་སྨོན་ཚིག་ཅིག རྗེས་འཇུག་མ་དེ་ཀླད་གོར་གྱི་ཚུལ་དུ་བྲིས་པ། དབྱངས་ཡིག་ཕྱིར་ལོག་ཏུ་བྲིས་པ། མིང་གཞི་མ་ལ་ཡ་བཏགས་བྲིས་པ། དང་གི་རྗེས་འཇུག་ང་དེ་དའི་འོག་ཏུ་བྲིས་པ། བླ་མེད་གཡུང་དྲུང་གྲུབ་པར་སྨོན་ཞེས་པའི་ཚིག་གིས་བོན་ཆོས་ཞིག་མཚོན་བཞིན་ཡོད་དམ་སྙམ། རི་མོའི་མཐོ་ཚད་ལ་སྨི54དང་ཞེང་ལ་སྨི89འདུག

བྲག་བརྐོས་རི་མོB10པ།
བྲག་བརྐོསB11ནི་གནའ་བོའི་ལོངས་སྐུ། ཕྱག་གཡས་ཆོས་འཆད་གོང་ལ་མེ་ཏོག་གམ་ཅི་ཞིག་ཡོད་པ། གཡོན་མཉམ་བཞག དབུ་ལ་རིགས་གསུམ་མནབས་པ། འོད་འཁོར་ཡོད་པ། པད་ཁྲི་ཉིས་བརྩེགས། པད་འདབ་གོང་མ་ལ་ལོ་མ་བདུན། འོག་མ་ལ་པད་འདབ་བཅུ་གཉིས་ཅན། རི་མོའི་ཐོག་ནས་བལྟས་ན་བོན་སྐུ་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་ནམ་སྙམ་སྟེ། གསལ་ཆ་མེད། རི་མོའི་མཐོ་ཚད་ལ་སྨི0.47དང་ཞེང་ལ་སྨི0.16འདུག

བྲག་བརྐོས་རི་མོB11པ།
བྲག་བརྐོསB12ནི་རྣམ་སྣང་གི་མཆོད་སྨོན། ཡིག་འཕྲེང་དྲུག་ལས་གྲུབ་པ། རྗེས་འཇུག་མ་ཡིག་ཀླད་གོར་གྱི་ཚུལ་དུ་བྲིས་པ། དབྱངས་ཡིག་གི་གུ་དེ་ཕྱིར་ལོག་ཏུ་བྲིས་པ། མིང་གཞི་མ་ལ་ཡ་བཏགས་བྲིས་པ། བྲག་ངོས་སུ་ཡི་གེ་མི་ཤོང་བའི་རིགས་བརྩེགས་མར་བྲིས་པ། ཡིག་ཚེག་དག་དཀྱིལ་དུ་བྲིས་པ་སོགས་ནི་བྲག་བརྐོས་འདིའི་ཁྱད་ཆོས་གཙོ་བོར་འདུག །རི་མོའི་མཐོ་ཚད་ལ་སྨི0.64དང་ཞེང་ལ་སྨི1.40འདུག

བྲག་བརྐོས་རི་མོB12པ།
བྲག་བརྐོསB13ནི་དྲེལ་དཀར་སྐུ་ཕྲེང་དང་པོ་ངག་དབང་པདྨའི་སྐུ་དུས་སུ་བཞེངས་པར་གྲགས། རྡོར་སེམས་བརྐོས་སྐུ་དེའི་གཡས་ཕྱོགས་གོང་རོལ་ན་ངག་དབང་པདྨས་མཛད་པའི་བསང་ཡིག་དེ་གསལ་ལ་མི་གསལ་བར་ཡོད། མ་ཡིག་ལ་བལྟས་ནས་ཀློག་ན་ཤེས་ཐུབ་ཚོད་དུ་འདུག །བྲག་བརྐོས་འདིའི་རི་མོའི་དབྱིབས་ལ་བལྟས་ན་ལོ་རྒྱུས་ཧ་ཅང་རིང་པོ་མིན་པ་ཤེས་ནུས། རི་མོ་དང་ཡི་གེ་གཉིས་རྐོ་སྐབས་ཀྱི་གཟོང་སོའི་སྦོམ་ཕྲ་དང་ཡིག་ཚེག་ཡོད་མེད། རི་མོའི་གཏིང་ཟབ་བཞིན་སོགས་ཚང་མས་གང་འཚམས་ཤེས་ནུས། སྐུ་དེ་ནི་མཚམས་ཁང་གི་སྒོའི་མདུན་ཕྱོགས་ཀྱི་བྲག་ངོས་སུ་གནས།

བྲག་བརྐོས་རི་མོB13པ།
བྲག་བརྐོསB14ནི་མཚམས་པ་རྣམ་གཉིས་ཀྱི་སྒོ་འགྲམ་དུ་ཡོད། ཡིག་འཕྲེང་གཉིས་ཅན། ཡིག་འབྲུ་བཅུ་གཅིག་ལས་གྲུབ་པ། གཟོང་ཁ་ལ་སྦོམ་ཕྲ་མེད་པ། བརྐོས་པ་གཏིང་ཟབ་པ། ཡིག་མགོའི་ཤད་གཉིས་ཀྱི་བར་ལ་ཉིས་ཚེག་ཡོད་པ། ཡིག་འབྲུའི་བར་གྱི་ཚེག་དག་ཡི་གེའི་དཀྱིལ་དུ་ཡོད་པ། དབྱངས་ཡིག་ཕྱིར་ལོག་བྲིས་པ་དང་། རྗེས་འཇུག་མ་ཡིག་ཀླད་གོར་གྱི་ཚུལ་དུ་བྲིས་པ་ནི་བྲག་བརྐོས་འདིའི་ཁྱད་ཆོས་གཙོ་བོར་འདུག །རི་མོའི་མཐོ་ཚད་ལ་སྨི0.13དང་ཞེང་ལ་སྨི0.75འདུག

བྲག་བརྐོས་རི་མོB14པ།
བྲག་བརྐོསB15ནི་མཚམས་པ་རྣམ་གཉིས་ཀྱི་ཤག་ཏུ་ཡོད། རི་མོའི་ངོ་བོ་ནི་མཆོད་པའི་ལྷ་མོ་དབུ་ལ་ལ་ཐོད་སྤྲས་པ། དར་གྱིས་བརྒྱན་པ། ལུས་ལ་གཤོག་པ་ཅན། ཕྱག་གཡས་གཡོན་དུ་མེ་ཏོག་ཐོགས་པ། སྤྲིན་ལ་ཞོན་པ་ཞིག་རེད། མཆོད་པའི་ལྷ་མོ་འདི་རིགས་ནི་བོད་བཙན་པོའི་སྐུ་དུས་ཀྱི་མཆོད་པའི་ལྷ་མོའི་འབྲི་སྲོལ་རེད་ཅེས་རྒན་ཚེ་རིང་འགྱུར་མེད་ལགས་ཀྱིས་གསུངས། རི་མོའི་མཐོ་ཚད་ལ་སྨི0.64དང་ཞེང་ལ་སྨི0.16འདུག

བྲག་བརྐོས་རི་མོB15པ།
བྲག་བརྐོསB16ནི་མཚམས་པ་རྣམ་པ་གཉིས་ཀྱི་ཤག་ཏུ་ཡོད། ཡིག་འཕྲེང་བཞི་ལས་མཐོང་མ་ནུས། མཚམས་པ་གཉིས་ནས་གསུང་པ་ལྟར་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། རྡོ་རྗེ་དང་པོ་ཀུན་ཏུ་བཟང་ཞེས་བརྐོས་འདུག་གསུང་། ཡིན་ནའང་ང་རང་གིས་ནི་གོང་གི་དེ་དག་ལས་མཐོང་ཐུབ་མ་སོང་། བྲག་བརྐོས་ཡི་གེ་འདི་རྗེས་འཇུག་འ་དེ་བརྩེགས་མར་བྲིས་པ་དང་། རྗེས་འཇུག་མ་ཀླད་གོར་གྱི་ཚུལ་དུ་བྲིས་པ། ཡིག་ཚེག་དཀྱིལ་དུ་ཡོད་པ། བརྐོས་པ་གཏིང་ཟབ་པ་སོགས་ནི་བྲག་བརྐོས་འདིའི་ཁྱད་ཆོས་སུ་འདུག །རི་མོའི་མཐོ་ཚད་ལ་སྨི1.2དང་ཞིང་ལ0.87སྨི་འདུག

བྲག་བརྐོས་རི་མོB16པ།
བྲག་ངོས་འདི་མཚམས་ཁང་དང་ཧ་ཅང་ཐག་ཉེ་བས། པར་ཡག་པོ་ལེན་ཐབས་བྲལ། དེས་ན་གཤམ་དུ་ཡི་གེ་དེ་དག་ཡིག་འཕྲེང་ལྟར་བཀོད་པ་ནི། འཕྲེང་༡ ། །ཨོཾ་བ་ཛྲྀ་ཀྲོ་དྷ་མ་ཧ་བྷ་ལ།
འཕྲེང་༢ ཧུམ་པད་སྭ་ཧ། །གསང་པེེ་མཚན་ནྀ་
འཕྲེང་༣ ཕུན་སུམ་ཚོགས། །ཤེས་རབ་ཡོད་པ་སྟོབས་
འཕྲེང་༤ པོ་ཆེ། །སྤྱྀ་བོར་དབང་སྐུར་ཡིད་ཀྱང་རྣོ། །མཚྣ་
འཕྲེང་༥ དང་ཡང་དག་ལྡན་པའོ། །སྦྱིན་པ་ཚུལ་ཁྲིམས་
འཕྲེང་༦ ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་བ་སྟོབས་པོ
འཕྲེང་༧ ཆེ། །བསོད་ནམས་ཆེ་བ་མཐུ་ཡང་ཆེ། །ཡྣོ་
འཕྲེང་༨ ཏན་སྩེ་མོ་སྟོབས་པོ་ཆེ། །རྫུ་འཕྲུལ་ཆེན
འཕྲེང་༩ པོ་ཁྱོད་ལ་ཕྱག་འཚལ་ལོ།ཿ།སྔགས་དྔ་
འཕྲེང་༡༠ ཚིག་བཆང་འདྀ་གྱིར་པེེ་ཡོན་གྱིས་བཙན་པོ་ཡབ་སྲས་སྐུ་
འཕྲེང་༡༡ ཚེ་རིང་དྔ་སེམས་ཆན་ཐམས་ཆད་བླ་ན་མྱེད་པེེ་
འཕྲེང་༡༢ བྱང་ཆུབ་དུ་གྲུབ་པར་སྨོན་ཏོ། །འགྲེ་ན་ལེགས་ཀོང་གིས་བྲྀསོ།། །།
བྲག་བརྐོསB17ནི་མཚམས་པ་རྣམ་གཉིས་ཀྱི་སྒོ་འགྲམ་དུ་ཡོད། འདི་ནི་ཡིག་ཕྲེང་བཅུ་གཉིས་ལས་གྲུབ་པའི་ཡི་གེ་ཆ་ཚང་གསལ་པོར་མཐོང་པའི་བྲག་བརྐོས་ཡི་གེ་ཞིག་རེད། ཡིག་ཚེག་ཚང་མ་ཡི་གེའི་དཀྱིལ་དུ་ཡོད་པ་དང་། རྐོས་ཀྱི་གཟོང་ཁ་ལ་སྦོམ་ཕྲ་མེད་པ། རྐོས་པ་གཏིང་ཟབ་པ། འབྲེལ་སྒྲ་འི་དེ་འགྲེང་བུ་ཉིས་བརྩེགས་སུ་བྲིས་པ། དབྱངས་ཡིག་གི་གུ་ཕྱིར་ལོག་ཏུ་བྲིས་པ། རྗེས་འཇུག་བརྩེགས་མའི་ཚུལ་དུ་བྲིས་པ། བྲག་ཡིག་འབྲི་མཁན་གྱི་མིང་ཡོད་པ་སོགས་ནི་ཁྱད་ཆོས་གཙོ་བོར་མཐོང་། རི་མོའི་མཐོ་ཚད་ལ་སྨི2.1དང་ཞེང་ལ་སྨི1.17འདུག

བྲག་བརྐོས་རི་མོB17པ།
གསུམ་པ། སྒོ་མདོའི་བྲག་བརྐོས་ཀྱི་ཁྱད་ཆོས་གླེང་བ།སྒོ་མདོར་ཡོད་པའི་ཡི་གེ་དང་རི་མོ་ལ་དཔྱད་པ་བཏང་རྗེས། བསྡོམས་ཚིག་ཉུང་ངུ་ཞིག་འབྲི་འདོད་བྱུང་བ་ནི།
༡ ཡིག་མགོའི་གཉིས་ཤད་བར་ལ་ཉིས་ཚེག་བྲིས་པ།
༢ རྐོས་ཡིག་ལ་ཚེག་བྲིས་ཡོད་པ། ཚེག་ལའང་གཅིག་ཚེག་དང་། ཉིས་ཚེག །དཀྱིལ་ཚེག་དུ་བྲིས་པ།
༣ ཚིགས་བཅད་རེའི་མཚམས་སུ་ཉིས་ཤད་འབྲི་བ་མང་། གཏེར་ཚེག་བྲིས་པ་ཡང་འདུག
༤ རྫོགས་ཚིག་གི་མཐར་གཡུང་དྲུང་དང་གཏེར་ཚེག་གཉིས་རེ་བྲིས་པ།
༥ དབྱངས་ཡིག་གི་གུ་ཕལ་ཆེར་ཕྱིར་ལོག་ཏུ་བྲིས་པ།
༦ མིང་གཞི་ཙ་དང་ཚ། ཅ་དང་ཆ་བརྗེས་ནས་བྲིས་པ།
༧ མིང་གཞི་མ་ལ་ཡ་བཏགས་བྲིས་པ།
༨ འབྲེལ་སྒྲ་འི་དེ་འགྲེང་བུ་ཉིས་བརྩེགས་སུ་བྲིས་པ།
༩ བྲག་བརྐོས་ཡི་གེ་བརྐོ་སྟངས་གཏིང་ཟབ་ལ་གཟོང་ཁ་ལ་སྦོམ་ཕྲ་མེད་པ།
༡༠ རྗེས་འཇུག་མ་ཡིག་ཀླད་གོར་ལྟར་བྲིས་པ།
༡༡ ཡི་གེ་མ་ཤོང་བ་དག་བརྩེགས་ཡིག་ལྟར་བྲིས་པ། དཔེར་ན། ཡིད་འོང་ལ་ཡྡི་འྔོ།
༡༢ ཡང་འཇུག་ད་ཡིག་བྲིས་པ།
རི་མོའི་ཁྱད་ཆོས་ལ་སྤྱིར་ན་བཙན་པོའི་སྐུ་དུས་ཀྱི་བྲག་བརྐོས་ལྷ་སྐུའི་རིགས་མང་། ཁྱད་པར་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། སྒྲོལ་མ་སོགས་ལོངས་སྐུའི་ཆ་བྱད་མང་དུ་མཐོང་། ཤུག་པ་གནས་རིའི་བྲག་བརྐོས་འདི་དག་ལ་ཆོས་སྐུ་དང་ལོངས་སྐུ་ཡོད་པར་མ་ཟད། བོད་བཙན་པོའི་སྐུ་ཆས་ཅན་དང་མཆོད་པའི་ལྷ་མོ། བཙན་པོའི་དུས་ཀྱི་རྨ་བྱའི་རི་མོ་སོགས་འདུག དེ་འདྲའི་ལོ་རྒྱུས་ཀྱི་ཤུལ་བཞག་གལ་ཆེན་ལ། ད་སྔོན་སྔ་རྗེས་སུ་རྡོ་བརྐོས་ཞིབ་འཇུག་པ་གང་མང་ཕེབས་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་དཔྱད་བརྗོད་གྱ་ནོམ་པ་བྱས་ཡོད། འདིར་ཡང་བསྐྱར་བཀོད་པར་རིན་ཐང་ལྡན་མིན་མི་ཤེས་རུང་། ཅུང་ཞིབ་ཆ་ལྡན་པ་ཞིག་བཀོད་ཡོད། སྤྱིར་ན་ས་གནས་འདིའི་སྔོན་བྱོན་སྐྱེས་ཆེན་དག་གིས་བསང་གསོལ་དག་ཀྱང་འདིར་བཀོད་བསམ་མོད་དེ་གནས་སྐབས་དུས་དེབ་ཐོག་གི་རྩོམ་ལ་ཡིག་འབྲིའི་ཚད་གྲངས་ཡོད་པས་བཀོད་ཐབས་བྲལ། ཕྱིས་སུ་རྣམ་པའི་སྤྱན་ལམ་དུ་ཕུལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། རང་ངོས་ནས་ལོ་རྒྱུས་ཆེད་སྦྱངས་པ་དང་རྡོ་བརྐོས་རིག་གནས་ཞིབ་འཇུག་པ་སོགས་གང་ཡང་མིན་རུང་། སྒོ་མདོ་འདི་ལོ་རྒྱུས་ཀྱི་གནད་གལ་ལ་བསམ་ནས་ཆེད་དུ་ཟིན་ཐོ་ཙམ་འདི་བཀོད་འདོད་བྱུང་། ཀུན་ལ་དགེ་ལེགས་འཕེལ། །
ཚེ་རིང་འཕེལ་བློས་བྲིས་ཤིང་པར་མཁོ་འདོན་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།