-
ཉེ་ཆར།གསར་འགོད་པས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་ནས་རྒྱུས་ལོན་བྱས་པར་གཞིགས་ན།ལྷོ་ནུབ་ཟློས་གར་འགྲེམས་སྟོན་ལ་ལོ80འཁོར་བར་དྲན་གསོ་ཞུ་བ་དང་།རྒྱལ་ཡོངས་ཀྱི་གཏམ་བརྗོད་ཟློས་གར་སྐབས་བརྒྱད་པར་ཕུལ་བྱུང་གི་ཟློས་གར་འཁྲབ་སྟོན་བྱེད་རིང་།ཚོགས་པ་དེ་གས་ཇུས་འགོད་ཞིབ་ཚགས་བྱས་པའི་གཏམ་བརྗོད་ཟློས་གར«བར་སྐོར་སྒོ་ར་བྱང»ཞེས་པར་ཐུན་མིན་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་སྤྱི་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་བརྟེན་ནས“ཟློས་གར་ཕུལ་བྱུང”གི་བྱ་དགའ་ཐོབ་པ་དེ་ཐེངས་འདིའི་འཁྲབ་སྟོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།...
2024-05-31 09:22:47 མཚོ་སྔོན་པོ་དྲ་བ། 12055 -
[གངས་ལྗོངས་ཀུན་གླེང་། ]
༄༅། །སློབ་འབྲིང་སློབ་མའི་སྦྱངས་རྩོམ་ལེགས་བཏུས«བྱང་སྐར་སྤུན་བདུན»པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་ཆར།བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་དང་པོའི་སློབ་མའི་རྩོམ་ཡིག་ལེགས་བཏུས«བྱང་སྐར་སྤུན་བདུན»དཔེ་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་ལྷ་སར་འཚོགས་ཡོད།དེབ་དེའི་ནང་འབྲི་རུ་རྫོང་སློབ་འབྲིང་དང་པོའི་སློབ་མ59ཡི་རྩོམ་ཡིག78ལེགས་འདེམས་བྱས་ཡོད་པ་དང་།སློབ་གྲྭ་དེའི་དགེ་རྒན་དགའ་བཟང་གིས་རྩོམ་སྒྲིག་འགན་འཁུར་ནས་དུས་ཡུན་ལོ་གསུམ་རིང་ཞུ་དག་དང་རྩོམ་སྒྲིག་བྱས་པ་བརྒྱུད།མཐར་བདེ་བླག་ངང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ནས་ཀློག་པ་པོའི་སྤྱན་སྔར་ཕུལ་ཡོད།...
2024-05-29 08:59:15 མཚོ་སྔོན་པོ་དྲ་བ། 10822 -
སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་དེ་ད་ལྟ་སྤྱི་ལོ༡༧༢༩ལོར་བཞེངས་པའི་པའི་སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་།༡༧༠༣ལོ་ནས་བཟུང་པར་བརྐོ་འགོ་ཚུགས་ཤིང་།ད་བར་གནའ་བོའི་པར་གཞི༢༢༨༨༡༤ཆ་ཚང་ཉར་ཚགས་བྱས་ཡོད།པར་ཤིང་འདི་དག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་ཡོད་པར་མ་ཟད།ད་དུང་གནམ་རིག་སྐར་རྩིས་དང་།སྐད་བརྡ།ལོ་རྒྱུས།གསོ་རིག་སོགས་རིག་གཞུང་ཚན་ཁག་གི་གསུང་རྩོམ་མང་པོ་ཡོད།མང་ཆེ་བ་བོད་ཡིག་ཡིན་ལ།ལཉྩ་དང་ཝརྟུ་ཡང་ཡོད།ཡིག་རིགས་པར་གཞི་རིགས་ཆེ་གྲས་དྲུག་ཡོད་པ་ཕུད།ད་དུང་ཐང་ག་སོགས་རི་མོའི་པར་གཞི་ཆེ་གྲས་གསུམ་ཡོད།...
2024-05-09 08:26:18 མཚོ་སྔོན་པོ་དྲ་བ། 10657 -
[གངས་ལྗོངས་ཀུན་གླེང་། ]
མཚོ་ལྷོའི་མཐོ་འབྲིང་འདི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་སློབ་མའི་ཐོན་ཁུངས་གཙོ་གྲས་སུ་བདམས་འདུག
རྒྱལ་ཡོངས་ཀྱི་མཐོ་འབྲིང་བཅུ་བདམས་ཏེ་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་།དེའི་ཁྲོད་ཀྱི་སློབ་གྲྭ་བཞི་ལ་ཕུལ་བྱུང་སློབ་མའི་ཐོན་ཁུངས་ཀྱི་རྟེན་གཞིའི་མཚན་བྱང་གནང་།དགའ་འོས་པ་ཞིག་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ལའང་ཕུལ་བྱུང་སློབ་མའི་ཐོན་ཁུངས་ཀྱི་རྟེན་གཞིའི་མཚན་བྱང་བསྩལ་ཅིང་།འདི་ནི་ཐེངས་འདིའི་ཕུལ་བྱུང་སློབ་མའི་ཐོན་ཁུངས་ཀྱི་གྲས་སུ་ཚུད་པའི་བོད་ཀྱི་མཐོ་འབྲིང་གཅིག་པུར་ཆགས་ཡོད།...
2023-12-14 08:53:39 མཚོ་སྔོན་པོ་དྲ་བ། 10361 -
[གངས་ལྗོངས་ཀུན་གླེང་། ]
མཚོ་སྔོན་ཞིང་ཆེན་གྱི་བོད་སྨན“བཙོ་ཐལ”འདུལ་སྦྱོང་ལ་རྒྱལ་ཁབ་རིམ་པའི་གསར་གཏོད་ཆེད་ཁེའི་དཔང་ཡིག་ཐོབ།
ཟླ11པའི་ཚེས22ཉིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན།མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་བོད་སྨན་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་རེ་ཞུ་བྱས་པའི«འདུར་རྫ་བཀོལ་ནས་བོད་སྨན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་བྱ་ཐབས»ལ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་གསར་གཏོད་ཆེད་ཁེའི་དཔང་ཡིག་སྤྲད།...
2023-11-27 11:08:23 མཚོ་སྔོན་པོ་དྲ་བ། 11735