ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > «བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས»ཀྱི་ཐིག་འགྲེམས་རི་མོ་དགུ།
«བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས»ཀྱི་ཐིག་འགྲེམས་རི་མོ་དགུ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-16 08:30:29
ཀློག་གྲངས།:
དེབ་འདིའི་སྤྱི་ཁོག་ངོ་སྤྲོད།
དེབ་འདིར་རྩོམ་པ་པོས་བོད་རྒྱ་དབྱིན་གསུམ་གྱི་ཡིག་ཆ་འབོར་ཆེན་ལ་བརྟེན་ནས་ལོ་ངོ་བདུན་བརྒྱ་ལྷག་རིང་གི་བོད་ཀྱི་རྩོམ་གཞུང་དར་འཕེལ་གྱི་རྒྱུན་དང་། སྐབས་སོ་སོའི་རྩོམ་གཞུང་སྨྲ་བ་དག་གི་བསམ་བློ་ལ་དཔྱད་པ་གཙོར་བྱས། དེ་ཡང་ལྟ་བའི་སྐོར་གྱི་དཔྱད་པ་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་རྩོམ་གཞུང་གི་ཁྲིད་ལུང་གི་རྒྱུན་མཚོན་པའི་ཐིག་འགྲེམས་རི་མོ་དགུ་ལྷག་བཀོད་པ་དང་། ཟུར་བཀོད་ཀྱི་ཚུལ་དུ་བོད་ཀྱི་རྩོམ་གཞུང་དང་འབྲེལ་བའི་བརྩམས་ཆོས་གལ་ཆེན་དག་གི་ཐོ་བདུན་བརྒྱ་ལྷག་བཀོད་འདུག་པས། སློབ་གཉེར་པ་ཀུན་ལ་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་དང་སྟབས་བདེ་ཆེན་པོ་ཡང་བསྐྲུན་ཡོད། མ་ཟད། བོད་ཀྱི་རྩོམ་གཞུང་དང་འབྲེལ་བའི་གནད་འགག་མང་པོའི་ཐད་རྩོམ་པ་པོ་རང་གི་ལྟ་བ་མང་དུ་བཏོན་ཡོད་པས་དེ་དག་ལ་ཟུར་ལྟའི་རིན་ཐང་ཡོད་སྙམ། དེབ་འདིའི་མཇུག་བྱང་དུ་གསལ་བ་ལྟར། འདི་ག་བོད་ཀྱི་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་། སྙན་ངག་མེ་ལོང་མའི་འཕེལ་འགྱུར་གྱི་ལོ་རྒྱུས། བོད་ཀྱི་གནའ་དེང་མཁས་པ་མང་པོའི་རྩོམ་རིག་བསམ་བློ་དང་མཛད་རྗེས་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱ་རྒྱུར་ཕན་ཐོགས་ཡོད་ངེས་སྙམ།
འདིར་དེབ་ཀྱི་རྩོམ་པ་པོའི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་རྩོམ་གཞུང་གི་ཁྲིད་ལུང་གི་རྒྱུན་མཚོན་པའི་ཐིག་འགྲེམས་རི་མོ་དགུ་སྡེབ་གཅིག་ཏུ་བཀོད་ཡོད་པས་མཁོ་ཅག་དག་གིས་བེད་སྤྱད་ཆོག །











ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号