༢༠༡༧ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་མཁན་འཛམ་གླིང་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-24 08:16:26 ཀློག་གྲངས།:
       འཛམ་གླིང་ནི་སའི་གོ་ལའི་གྲོང་ཚོ་ཞིག་ཡིན་པས་རྒྱལ་ཁབ་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་བདེ་སྡུག་མཉམ་མྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། འདི་ནི་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་དོན་གཉེར་གྱི་དམིགས་འབེན་ཡིན་ལ་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་དུ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཀྱང་ཡིན། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཡོང་བར་བྱས་ཏེ། སྲོལ་རྒྱུན་གྱི་བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པའི་ནགས་ཁྲོད་འགྲིག་ལམ་དོར་ནས། གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། གྲོགས་པོ་སྒྲིག་པ་ལས་མནའ་འབྲེལ་དུ་མི་ཞུགས་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་འགྲོ་འོང་བྱེད་པའི་འགྲོ་ལམ་གསར་པ་ཞིག་གཏོད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས། ཀྲུང་གོའི་ཕུགས་འདུན་ནང་ཀྲུང་གོའི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་གྱི་མཐུན་ཆ་ཆེ་ཤོས་འདུས་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་རེ་སྨོན་བྱེད་པའི་མཐུན་ཆ་ཆེ་ཤོས་འདུས་ཡོད།
—༢༠༡༧ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་མཁན་འཛམ་གླིང་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད། (༢༠༡༧ལོའི་ཟླ༡༡ཚེས༣༠ཉིན།) «མི་དམངས་ཉིན་རེའི་ཚགས་པར།» ༢༠༡༧ལོའི་ཟླ༡༢ཚེས༡ཉིན།
  世界是一个地球村,各国相互依存、休戚与共。中国将推动构建新型国际关系,推动构建人类命运共同体。这是新时代中国外交追求的目标,也是世界各国共同努力的方向。推动构建新型国际关系,就是要秉持相互尊重、公平正义、合作共赢,摒弃传统的以强凌弱的丛林法则,走出一条对话而不对抗、结伴而不结盟的国与国交往新路。推动构建人类命运共同体,就是要建设持久和平、普遍安全、共同繁荣、开放包容、清洁美丽的世界。中国梦汇聚了中国人民对美好生活向往的最大公约数,人类命运共同体汇聚着世界各国人民对和平、发展、繁荣向往的最大公约数。
—在会见出席“二O一七从都国际论坛”的世界领袖联盟成员时的谈话(2017年11月30日),《人民日报》2017年12月1日
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།