མདོ་ལྷོའི་ཚེར་མས་སྦྱར་བའི་སྙན་རྩོམ་ཕྲ་མོ་འགའ་འོས་སྦྱོར།

རྩོམ་པ་པོ།:ཚེར་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-23 09:10:00 ཀློག་གྲངས།:

                                  མནར་གཅོད།
གནམ་སྔོན་པོའི་མེ་ལོང་འོག་ན།
ས་དོག་མོའི་གོས་ལྗང་སྟེང་ན།
ས་ཨ་མཆོག་བདེ་མོའི་ཐང་ནི།
ངའི་ཡ་ཆུང་སེམས་པ་ཤོར་ས།
ངའི་ཟུར་མིག་མདའ་མོ་འཕེན་ས།
སེམས་དམར་པོའི་སྙིང་གཏམ་གླེང་ས།
སྙིང་བརྩེ་བའི་ལ་གཞས་ལེན་རོགས།
ཚེ་གཅིག་གི་འདུན་མ་བསྒྲིགས་རོགས།
ངའི་སྙིང་གྲོགས་ཟླ་བ་སྒྲོལ་མ།
ངའི་ཡ་ཆུང་སེམས་ཀྱི་མེ་ཏོག
ངའི་འདོད་པའི་མེ་ཏོག་འཐུ་རོགས།
སེམས་བརྩེ་བའི་ཟེའུ་འབྲུ་གཏོར་རོགས།
སྡུག་ཡོད་ན་མཉམ་དུ་འཁུར་རོགས།
སྐྱིད་ཡོད་ན་མཉམ་དུ་རྒྱག་རོགས།
ངའི་སྙིང་གྲོགས་ཟླ་སྒྲོལ་ངེད་གཉིས།
སེམས་བརྩེ་བ་མདུད་པ་དགུ་མདུད།
ངེད་གཉིས་ཀྱི་སེམས་ཀྱི་འདུན་མ།
ཚེ་གཅིག་ལ་མཉམ་དུ་འདུག་རྒྱུ།
ལག་གཉིས་ཀ་ཐལ་མོ་སྦྱར་ནས།
ལྷ་དཀོན་མཆོག་གསུམ་པའི་མདུན་ནས།
ཡིད་སྨོད་ལམ་གཅིག་ཏུ་འདེམས་བཞིན།
ཚེ་གཅིག་འདུན་མ་བསྒྲིགས་འདོད།
དུས་ལོ་ཟླའི་འཁོར་སྐྱོད་བར་ནས།
ཉིན་ཞིག་གི་ས་སྲོས་ཤིག་ལ།
རོགས་ཆུང་ལོའི་ཁྱིམ་མི་ཞིག་གིས།
ངའི་ལག་ཏུ་འཕྲིན་ཞིག་ཐོན་ཐལ།
འཕྲིན་དེ་ཡི་བར་གསེང་ཞིག་ན།
རོགས་ཆུང་ལོ་ཡུལ་ལ་ཤོག་ཟེར།
སེམས་སྤྲོ་སྐྱིད་གཡང་ཁང་གྲུ་བཞིར།
སྡུག་སྨུག་པས་གཡོགས་པ་ཚོར་བྱུང།
རོགས་ཆུང་ལོ་ཟླ་བ་སྒྲོལ་མས།
ངའི་སྐེད་ལ་དམ་པོ་འཐམ་ནས།
ངའི་སེམས་ཀྱི་རོགས་ལོ་དགའ་བོ།
ཡིད་མ་སྡུག་རོགས་ལོ་ང་ནི།
ཅང་མི་འགོར་མྱུར་དུ་ཐོན་ངེས།
ཕྱིར་མིག་ཟུར་ཡང་ཡང་འཕེན་བཞིན།
སེམས་སྐྱ་མོ་མལ་ཁང་ཕྱོགས་ལས།
དེ་གཞན་པའི་བྱ་ཐབས་ཟད་འདུག
ཉིན་ཞིག་གི་སྔ་དྲོ་ཞིག་ལ།
ངའི་སྙིང་གྲོགས་རོགས་ལོའི་ཕྱོགས་ནས།
གཏམ་འདྲ་མིན་སྣ་ཚོགས་ཐོས་བྱུང།
དུས་འཁོར་བའི་བར་གསེང་ཞིག་ནས།
དྲིན་དགེ་རྒན་བྱམས་སེམས་ཅན་པོས།
དེ་ད་ཐེངས་གཟའ་འཁོར་འདི་ལ།
ངེད་སློབ་གྲྭས་དབྱར་གནང་སྟེར་རྒྱུ།
ཁྱོད་ཡ་རབས་སློབ་གྲོགས་རྣམས་ཀྱི།
དུས་རྟག་ཏུ་སློབ་སྦྱོང་བརྩོན་རྒྱུར།
ཁྲིམས་གཏན་ཁེལ་སློབ་གྲྭའི་འགྲིག་ལ།
ཁྱེད་རྣམ་པ་འགལ་དུ་མ་འཇུག
གཟའ་གཅིག་གི་དུས་ཡུན་དེ་ནི།
མིག་རྡེབ་དབང་ཙམ་གྱི་དུས་ཚོད།
ངའི་རེ་བ་སྟོང་ཟད་མ་གཏོང།
ངའི་སེམས་ཀྱི་འདོ་རིགས་རྟ་ཕོ།
ཁ་ལྷོད་འཐེན་བྱ་རྒྱུ་མེད་ཀི།
དེ་ལྷོད་འཐེན་ཡོད་ཀྱང་ མི་སྲིད།
ཉིན་བདུན་གྱི་དུས་ཚོད་དེ་ནི།
ངའི་སེམས་ཀྱི་ཟབ་ས་ཞིག་ནས།
ལོ་བདུན་གྱི་སྣང་བ་ཤར་ཀི།
དེ་ཤར་ཡང་བྱ་ཐབས་མི་འདུག
འདས་དཀའ་བའི་ཉི་མ་དེ་དག།
སེམས་སུན་པའི་ངང་་ནས་འདས་ཐལ།
ངེད་སློབ་གྲྭའི་ཟླ་གནང་བྱིན་བྱུང།
ཉིན་དེ་ཡི་ཕྱི་དྲོ་དེ་ལ།
ང་མྱུར་དུ་ཡུལ་ལ་ལོག་དུས།
དྲིན་ཕ་མས་སྔོན་བསུ་བྱེད་ཀི
ཁྱིམ་གོ་ཁར་ཙོག་མ་ཐོག་ཏུ།
དྲིན་མ་ལོས་ཨེ་དཀའ་འདྲི་བཞིན།
ལག་དཀར་ཡོལ་འབྲུག་རིས་ནང་དུ།
ཞིམ་འོ་ཇ་མངར་མོབླུགས་ཐལ།
དྲིན་ཕ་ལོས་སློབ་སྦྱོང་ཟེར་ཀི
ངའི་རྣ་བའི་ཟུར་དུ་མ་བབས།
ངའི་སེམས་སུ་སྙིང་གྲོགས་དྲན་ཀི
དྲིན་ཕ་མར་འདྲི་སྲོལ་མེད་ཀི
ངས་ཕུ་བོ་གར་སོང་དྲིས་ན།
དྲིན་མ་ལོས་རྫི་ལ་བུད་ཐལ།
ངའི་སེམས་ཀྱི་འདོ་རིགས་རྟ་ཕོ།
སུ་ཡིན་ཡང་འགོག་ཐབས་མེད་ཀི
ཅང་མ་འགོར་ཕུ་བོ་ཐོན་ཐལ།
ངའི་སེམས་སུ་དགའ་སྤྲོ་སྐྱེས་བྱུང་།
སྤུན་ཕུ་བོས་དྲོས་ཇ་འཐུང་རྗེས།
ཕྱིེར་རྫི་ལ་འགྲོ་གྲབས་བྱས་བྱུང་།
ཁོ་འགྲོ་བའི་བར་སྐབས་དེ་ལ།
ཁོས་གསང་བའི་བརྡ་ཞིག་སྟོན་ཀི
ངས་ཕར་བལྟ་ཚུར་བྱེད་བཞིན།
ང་ཕུ་བོའི་རྗེས་སུ་བུད་སོང་དུས།
དྲིན་ཕུ་བོས་ང་ལ་བཤད་རྒྱུར།
ཁྱོའི་སྙིང་གྲོགས་ཟླ་བ་སྒྲོལ་མ།
མོའི་ཕ་མས་གནས་ལ་བརྫངས་ཐལ།
དེ་གོ་ནས་བུ་ངའི་སེམས་སུ།
དྲིན་ཕ་མ་ཁ་ཆེ་དབང་ཆེན།
མ་བུ་མོ་ཁ་ཆུང་དབང་ཆུང་།
ཨ་་ལོ་ལོ་རྒད་པོ་དོན་འགྲུབ།
རྒྱ་ཚོང་བའི་སྒོར་མོ་རིག་ན།
ཁྱེད་ཕ་བུའི་བརྩེ་འདང་བཅད་འགྲོ
ཁྱེད་རང་རིགས་ཅི་ཡིན་མི་ཤེས།
རྒྱུ་ནོམ་པ་བཙལ་ན་རྙེད་ཀི
ཁྱིམ་བུ་ཕྲུག་རྙེད་རྒྱུ་མེད་ཀི
ཉིན་ཞིག་གི་སྔ་དྲོ་ཞིག་ལ།
བུ་ང་རང་སྙིང་གྲོགས་ཕྱོགས་སུ།
འགྲོ་འདོད་པའི་འདུན་མ་ཇེ་་དྲག།
བསམ་འདོད་རུང་འགྲོ་དབང་མེད་ཀི
ཉིན་ཞིག་གི་ནངས་མོ་ཞིག་ལ།
སྤུན་ཕུ་བོས་ལོགས་སུ་བོས་ནས།
ཁྱོའི་སྙིང་གྲོགས་ཟླ་བ་སྒྲོལ་མ།
དེ་ཁ་སང་ཡུལ་ལ་ལོག་འདུག
ང་དགའ་སྤྲོ་དཔག་མེད་སྐྱེས་ནས།
ལག་ཅ་ནེ་ཐང་ལ་བཞག་ནས།
མོའི་ཕྱོགས་སུ་བརྒྱུགས་ནས་སོང་དུས།
སྐྱི་གཡའ་བའི་དོན་དག་བྱུང་སོང་།
བུ་ང་ཡི་སེམས་ཀྱི་མཛའ་མོ།
ནུབ་བདེ་བ་ཅན་དུ་བུད་སོང་།
མགོན་སྐྱབས་གནས་གསོལ་བ་འདེབས་བཞིན།
ཕྱིར་མི་ལོག་ཀ་མེད་བྱུང་སོང་།
ཨ་རྒད་པོ་དོན་འགྲུབ་ལོ་ལོ།

ཚེར་མ་ནས།
༢༠༡༤ལོའི་ཟླ༡༡ཚེས༢༦ཉིན།
 མལ་ཁང་ནས་གཤར་མར་བྲིས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།