མདོ་ལྷོའི་ཚེར་མས་སྦྱར་བའི་སྙན་རྩོམ་ཕྲ་མོ་འགའ་འོས་སྦྱོར།
རྩོམ་པ་པོ།:ཚེར་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-23 09:10:00
ཀློག་གྲངས།:
བརྗེད་མི་ཐུབ་པའི་ཁྱོད་ཉིད།
བརྩེ་བའི་འདུན་མ་ཐལ་དྲགས་ཞིང་དུང་བའི་སྲབ་ཁ་བསྒྱུར་ཐབས་བྲལ་བའི་
སེམས་ངོགས་གཞུང་དྲང་གཤིས་འཇམ་གྱི་ན་ཆུང་མ་ཞིག་ལ།
ཚེར་མ།༼མདོ་ལྷོ༽
༡
མཐོང་མ་མྱོང་བའི་སྐར་མདའ་ཞིག་གི་གཟི་ཉམས།།
འཐེན་མ་མྱོང་བའི་དུ་བ་ཞིག་གི་མངར་ཁ།།
བཏུང་མ་མྱོང་བའིི་ཝུ་ཆང་ཞིག་གི་བཟི་ངར།།
བརྗོད་མ་ཐུབ་པའི་སེམས་པ་ཞིག་གི་ན་ཟུག།
༢
བཤད་མ་ཐུབ་པའི་སྙིང་གཏམ་གང་མང་ཞིག།
རྨི་མ་མྱོང་བའི་རྨིི་ལམ་གང་མང་ཞིག།
བཀླཊ་མ་མྱོང་བའི་གཏམ་རྒྱུད་གང་མང་ཞིག།
རྗོད་མི་ཚར་བའི་སྡུག་བསྔལ་གང་མང་ཞིག།
༣
སེམས་པ་ནི་སྔར་བཞིན་ཁྱོད་ཕྱོགས་སུ།།
འཐེན་མི་ཐུབ་པའི་རྟ་ཕོ་ཞིག་གི་སྲབ་ཁ།།
བསྒྱུར་མི་ཐུབ་པའི་སྤྲིན་པ་ཞིག་གི་ཁ་ཕྱོགས།།
ཡོད་ཚད་འགྱུར་དུ་མེད་པའི་ཆོས་ཉིད་ཞིག།
༡
ཇི་ལྟར་བཙལ་ཀྱང་རྙེད་མ་སོང་།།
ཇི་ལྟར་བཤད་ཀྱང་གོ་མ་སོང་།།
ཇི་ལྟར་བསྒྲུབས་ཀྱང་འགྲུབ་མ་སོང་།།
ཇི་ལྟར་སོང་ཀྱང་ཐོན་མ་སོང་།།
༢
ཅི་ཞིག་བསྒྲུབས་ཀྱང་རྙེད་སྲིད་དམ།།
ཅི་ལྟར་བཤད་ན་གོ་སྲིད་དམ།།
ཅི་ལྟར་སོང་ན་འགྲུབ་སྲིད་དམ།།
ཡོད་ཚད་བདེ་ལེགས་སུ།།
༣
བཙལ་མ་ཐུབ་པའི་ཁྱོད་ཀྱི་བརྩེ་བ།།
ཤེས་མ་སོང་བའི་སྤྱི་ཚོགས་ཀྱི་གསང་བ།།
བཤད་མ་ཐུབ་པའི་བདག་གི་སྙིང་གཏམ།།
བྲིས་མ་ཚར་བའི་བརྩེ་དུང་གི་སྙན་ཚིག།
༤
ཡོད་ཚད་འབྲི་བསམ་ཀྱང་ཁག་པོ་ཞིག།
ཡོད་ཚད་གླེང་བསམ་ཀྱང་སྡུག་བསྔལ་ཞིག།
ཡོད་ཚད་ཀྱི་ཡོད་ཚད་སྡུག་བསྔལ་ཞིག།
ཡོད་ཚད་ཀྱི་ཡོད་ཚད་ཁག་པོ་ཞིག
སྟོང་བ་ཉིད།
སྟོང་བ་ནི་སྔར་བཞིན་སྟོང་བ་ཉིད།།
རྨས་མ་ནི་སྔར་བཞིན་རྨས་མ་ཉིད།།
རྗོད་གཞི
འདས་ཟིན་གྱི་ལོ་ཟླའི་འཁོར་སྐྱོད་རེ་རེ
ཡོད་ཚད་སུ་ཞིག་གིས་རྨས་སོང་ངམ
ཕྱོགས་གང་ཞིག་ནས་གཡུགས་པ་བཞིན
ཡོད་ཚད་བེམ་པོི་དུར་གནས་སུ་གྱུར
སུ་ཞིག་གིས་ནས་བརླག་སོང་བ་རེད
ཀྱེ་ཧུ།
སྨྲ་མི་ཤེས་བའི་རྗོད་གཞི་གང་མང་ཞིག
འབྲི་མི་ཐུབ་གནད་ཚིག་གང་མང་ཞིག
ཡོད་ཚད་སྟོང་བ་ནི་སྟོང་བ་ཉིད་དུ
རྨས་མ་ནི་སྔར་བཞིན་རྨས་མ་ཉིད་དུ
ཁ་སང དེ་རིང སང་ཉིད
གང་ལྟར
ཁ་སང་འབྲི་མ་ཐུབ་དེ་གནད་ཚིག་སྟེ
དེ་རིང་བརྗོད་མ་ཐུབ་པ་རྗོད་གཞི་དེ་དག
སང་ཉིད་བཤད་འདོད་པའི་སྐད་ཆ་དེ་དག
སུ་ཞིག་གིས་འབྲི་ཐུབ
སུ་ཞིག་གིས་རྗོད་ཐུབ
སུ་ཞིག་གིས་བཤད་ཐུབ
ན་ནིང ད་ལོ ཕྱིར་ལོ
ཁོ་ཁྱོད་ཀྱི་ཆེད་དུ་འདི་ལྟར་བཞུད་སོང
ཁོ་རྩྭ་སའི་ཆེད་དུ་མི་རིགས་ནང་དམེ་བྱས
ཀྱེ་ཧུ།
བརྩེ་བའི་འདུན་མ་ཐལ་དྲགས་ཞིང་དུང་བའི་སྲབ་ཁ་བསྒྱུར་ཐབས་བྲལ་བའི་
སེམས་ངོགས་གཞུང་དྲང་གཤིས་འཇམ་གྱི་ན་ཆུང་མ་ཞིག་ལ།
ཚེར་མ།༼མདོ་ལྷོ༽
༡
མཐོང་མ་མྱོང་བའི་སྐར་མདའ་ཞིག་གི་གཟི་ཉམས།།
འཐེན་མ་མྱོང་བའི་དུ་བ་ཞིག་གི་མངར་ཁ།།
བཏུང་མ་མྱོང་བའིི་ཝུ་ཆང་ཞིག་གི་བཟི་ངར།།
བརྗོད་མ་ཐུབ་པའི་སེམས་པ་ཞིག་གི་ན་ཟུག།
༢
བཤད་མ་ཐུབ་པའི་སྙིང་གཏམ་གང་མང་ཞིག།
རྨི་མ་མྱོང་བའི་རྨིི་ལམ་གང་མང་ཞིག།
བཀླཊ་མ་མྱོང་བའི་གཏམ་རྒྱུད་གང་མང་ཞིག།
རྗོད་མི་ཚར་བའི་སྡུག་བསྔལ་གང་མང་ཞིག།
༣
སེམས་པ་ནི་སྔར་བཞིན་ཁྱོད་ཕྱོགས་སུ།།
འཐེན་མི་ཐུབ་པའི་རྟ་ཕོ་ཞིག་གི་སྲབ་ཁ།།
བསྒྱུར་མི་ཐུབ་པའི་སྤྲིན་པ་ཞིག་གི་ཁ་ཕྱོགས།།
ཡོད་ཚད་འགྱུར་དུ་མེད་པའི་ཆོས་ཉིད་ཞིག།
༢༠༡༥.༣.༢༤ཉིན།
ཅི་ལྟར་བྱ།༡
ཇི་ལྟར་བཙལ་ཀྱང་རྙེད་མ་སོང་།།
ཇི་ལྟར་བཤད་ཀྱང་གོ་མ་སོང་།།
ཇི་ལྟར་བསྒྲུབས་ཀྱང་འགྲུབ་མ་སོང་།།
ཇི་ལྟར་སོང་ཀྱང་ཐོན་མ་སོང་།།
༢
ཅི་ཞིག་བསྒྲུབས་ཀྱང་རྙེད་སྲིད་དམ།།
ཅི་ལྟར་བཤད་ན་གོ་སྲིད་དམ།།
ཅི་ལྟར་སོང་ན་འགྲུབ་སྲིད་དམ།།
ཡོད་ཚད་བདེ་ལེགས་སུ།།
༣
བཙལ་མ་ཐུབ་པའི་ཁྱོད་ཀྱི་བརྩེ་བ།།
ཤེས་མ་སོང་བའི་སྤྱི་ཚོགས་ཀྱི་གསང་བ།།
བཤད་མ་ཐུབ་པའི་བདག་གི་སྙིང་གཏམ།།
བྲིས་མ་ཚར་བའི་བརྩེ་དུང་གི་སྙན་ཚིག།
༤
ཡོད་ཚད་འབྲི་བསམ་ཀྱང་ཁག་པོ་ཞིག།
ཡོད་ཚད་གླེང་བསམ་ཀྱང་སྡུག་བསྔལ་ཞིག།
ཡོད་ཚད་ཀྱི་ཡོད་ཚད་སྡུག་བསྔལ་ཞིག།
ཡོད་ཚད་ཀྱི་ཡོད་ཚད་ཁག་པོ་ཞིག
སྟོང་བ་ཉིད།
སྟོང་བ་ནི་སྔར་བཞིན་སྟོང་བ་ཉིད།།
རྨས་མ་ནི་སྔར་བཞིན་རྨས་མ་ཉིད།།
རྗོད་གཞི
འདས་ཟིན་གྱི་ལོ་ཟླའི་འཁོར་སྐྱོད་རེ་རེ
ཡོད་ཚད་སུ་ཞིག་གིས་རྨས་སོང་ངམ
ཕྱོགས་གང་ཞིག་ནས་གཡུགས་པ་བཞིན
ཡོད་ཚད་བེམ་པོི་དུར་གནས་སུ་གྱུར
སུ་ཞིག་གིས་ནས་བརླག་སོང་བ་རེད
ཀྱེ་ཧུ།
སྨྲ་མི་ཤེས་བའི་རྗོད་གཞི་གང་མང་ཞིག
འབྲི་མི་ཐུབ་གནད་ཚིག་གང་མང་ཞིག
ཡོད་ཚད་སྟོང་བ་ནི་སྟོང་བ་ཉིད་དུ
རྨས་མ་ནི་སྔར་བཞིན་རྨས་མ་ཉིད་དུ
ཁ་སང དེ་རིང སང་ཉིད
གང་ལྟར
ཁ་སང་འབྲི་མ་ཐུབ་དེ་གནད་ཚིག་སྟེ
དེ་རིང་བརྗོད་མ་ཐུབ་པ་རྗོད་གཞི་དེ་དག
སང་ཉིད་བཤད་འདོད་པའི་སྐད་ཆ་དེ་དག
སུ་ཞིག་གིས་འབྲི་ཐུབ
སུ་ཞིག་གིས་རྗོད་ཐུབ
སུ་ཞིག་གིས་བཤད་ཐུབ
ན་ནིང ད་ལོ ཕྱིར་ལོ
ཁོ་ཁྱོད་ཀྱི་ཆེད་དུ་འདི་ལྟར་བཞུད་སོང
ཁོ་རྩྭ་སའི་ཆེད་དུ་མི་རིགས་ནང་དམེ་བྱས
ཀྱེ་ཧུ།
༢༠༡༥. ༣. ༡༤ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།