• དཔྱད་རྩོམ་འདིའི་བརྗོད་གཞི་གཙོ་བོ་ནི། བོད་ཀྱི་ལོ་རྒྱུས་ཐོག་གི་ཁྲིམས་ཡིག་སྔ་ཤོས་གང་ཡིན་པ་ལ་དཔྱད་པ་བྱ་རྒྱུ་དེ་ཡིན། ཁྲིམས་ནི་དབང་སྒྱུར་གྲལ་རིམ་གྱིས་གཞན་ལ་དབང་སྒྱུར་བྱེད་ཐབས་ཀྱི་ལག་ཆས་གཙོ་བོ་ཞིག་རེད། ཁྲིམས་ཡིག་ནི་དབང་སྒྱུར་གྲལ་རིམ་གྱིས་སྒྲིག་གཞི་སྲུང་སྐྱོབ་དང་། ཁོ་ཚོའི་དབང་ཤུགས་མུ་མཐུད་ནས་བདག་སྐྱོང་བྱེད་ཆོག་པའི་བདེན་དཔང་ཞིག་རེད། དེས་ན་བོད་ཀྱི་ལོ་རྒྱུས་ཐོག་གི་ཁྲིམས་ཡིག་སྔ་ཤོས་ནི་ལྡེའུ་ཆོས་འབྱུང་ནང་འཁོད་པའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་སྤྱིའི་རྩ་འཛིན་ལྟ་བུ་ཞིག་ཡོད་པ་འདི་ཡིན། ...

    2021-01-25 10:06:08 དངོས་གྲུབ་སྒྲོལ་མ། 9867
  • ད་ལྟའི་བར་དུ་དབྱིན་ཡིག་སོགས་སུ་དཔེ་ཆ་དང་།དུས་དེབ།ཚགས་པར།དྲྭ་ལམ།རིག་གཞུང་དཔྱད་རྩོམ་བཅས་སུ་མིང་བརྡ་དེ་གཅིག་གྱུར་ཏུ་སྤྱད་ཡོད།རྒྱལ་ནང་དུའང་གཞུང་དང་སྒེར་ཚང་མས་རྒྱ་ཡིག་གིས“藏医”དང“藏药”ཞེས་པའམ།ཡང་ན“藏医药”ཞེས་གཅིག་མཐུན་ཡིན།བོད་སྐད་དང་བོད་ཡིག་སྟེང་དུའང་“བོད་ཀྱི་གསོ་བ་རིག་པ”དང་།“བོད་ལུགས་གསོ་བ་རིག་པ”།“བོད་སྨན”།“བོད་ལུགས་སྨན་ཁང་”།“བོད་སྨན་ཞིབ་འཇུག”“བོད་སྨན་སློབ་གསོ་”སོགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད།...

    2021-01-21 15:02:41 དཀོན་མཆོག་རྒྱལ་མཚན། 10070
  • ༄༅།།ཏུན་ཧོང་ནས་ཐོན་པའི་ཡིག་ཆ་P.T.1286ལས་“སྦྲང་”ཞེས་པའི་སྐོར་ལ་རགས་ཙམ་དཔྱད་པ།

    དཔྱད་རྩོམ་འདིའི་ནང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་P.T.1286《རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང》ཞེས་པའི་ཡིག་ཆའི་ནང་སྦྲང་ཞེས་པ་བཙན་པོའི་སྐབས་ཀྱི་བློན་པོ་ཞིག་གི་མིང་དུ་འབོད་སྐད།འོན་ཀྱང་འདི་ཉིད་ཡང་སྙིང་བློན་པོའི་རུས་རྒྱུད་ཀྱི་མིང་ལས་བྱུང་བའམ་ཡང་ན་བློན་པོ་གང་དེས་ས་ཁོངས་ཤིག་དབང་དུ་བསྡུས་རྗེས་སུ་ས་ཆ་ག་གེ་མོ་ཞིག་གི་མིང་དུ་འགྱུར་བ་གང་ཡིན་གསལ་ཆ་མེད་ཁར།ས་ཆ་དེ་དེང་དུས་ཀྱི་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་མིན་དེ་བས་དཔོག་དཀའ།རྩོམ་འདིར་ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་དང་།ས་ཡུལ་དངོས་ཀྱི་རྟོག་ཞིབ་ཟུང་འབྲེལ་གྱིས་སྦྲང་ཞེས་པ་ཡང་སྙིང་ས་ཆ་གང་དུ་ངོང་འཛིན་དགོས་མིན་སྐོར་ལ་དོགས་སློང་མཛད་འདུག...

    2021-01-20 09:35:03 དཔལ་ལྷུན་དགྲ་འདུལ། པ་སངས་ནོར་བ 5767
  • ༄༅།།མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་བོད་ཀྱི་རི་ཆུའི་རིག་གནས་སྐོར་གླེང་བ།

    མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལ་ཏང་དང་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་གི་ཡོད་པ་དང་།ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་དེའི་སྐོར་ལ་མཛུབ་སྟོན་དང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད།དེར་བརྟེན་ང་ཚོས་ཀྱང་ཁོང་གི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་སྟེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ལས་གཞི་དོན་དུ་གཉེར་བཞིན་ཡོད་ཅིང་།རྩོམ་འདིར་དེང་རབས་ཀྱི་འབྲེལ་ཡོད་ཚན་རིག་པའི་དཔྱད་འབྲས་དག་གཞིར་བཅོལ་ནས་མཚོ་བོད་མཐོ་སྒང་གི་བྱུང་བ་བརྗོད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བསྡོམས་ཚིག་གལ་ཆེན་ལ་གསེད་བཀྲོལ།མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་དང་ཁྱད་པར་དུ་བོད་ཀྱི་རི་ཆུའི་རིག་གནས་ཀྱི་བསམ་བློའི་སྐོར་ལ་དཔྱད་གླེང་དང་འབྲེལ།དེའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཕན་ནུས་བསྟན་ཡོད།...

    2021-01-19 09:18:41 བློ་བཟང་ལྷུན་གྲུབ་རྡོ་རྗེ། 6016
  • ༄༅།།གསར་དུ་རྙེད་པའི་བོད་ཀྱི་དཔེ་རྙིང་ཕྱག་བྲིས་མ་《ཆོས་འབྱུང་གསལ་བྱེད་མིག་ཐུར་གྱི་འགྲེལ་པ་》ལ་ཐོག་མར་དཔྱད་པ།

    གསར་དུ་རྙེད་པའི་བོད་ཀྱི་དཔེ་རྙིང་ཕྱག་བྲིས་མ་《ཆོས་འབྱུང་གསལ་བྱེད་དམིག་ཐུར་གྱི་འགྲེལ་པ་ཞེས་བྱ་བ་བཞུགསྷོ་》ཞེས་པ་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་པའི་བར་གྱི་གནའ་དཔེ་ཞིག་ཡིན་ལ།འདིར་དཔེ་རྙིང་འདིའི་བརྗོད་བྱ་དང་མཛད་དུས།མ་ཕྱི་སོགས་ཡིག་ཚང་རིག་པའི་ལམ་ནས་ངོ་སྤྲོད་གང་འཚམ་བྱས་ཤིང་།ད་དུང་ཆོས་འབྱུང་འདིར་བསྟན་པའི་བོད་ཀྱི་རྒྱལ་པོའི་ལོ་རྒྱུས་སྤྱི་དོན་དུ་བརྗོད་པ་ལས་གདུང་རྒྱུད་རྒྱལ་པོའི་སྤྱི་དོན་རྣམ་པ་བདུན་དང་གློ་བུར་རྒྱལ་པོའི་གླེང་ཚིག་ཕྱེད་དང་བདུན་གྱི་སྐོར་བཅས་དམིགས་སུ་བཏོན་ནས་བརྗོད་ཡོད།...

    2021-01-18 08:57:51 རྨོག་རུ་གནམ་ལྷ་ཚེ་རིང་། 6021
  • ༄༅།།གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་ལ་དཔྱད་པ།

    དཔྱད་རྩོམ་འདིར་དུས་རབས་རིམ་བྱུང་གི་ཡིག་ཆ་མི་འདྲ་བར་ཁུངས་བཅོལ་ཏེ།གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་རྩད་ཞིབ་དང་།གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འགངས་ཆེན་གསུམ་སྟེ།ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་འབབ་པ་དང་།སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོང་ཁུངས་གཅིག་པ།བན་བོན་མཉམ་འདྲེས་བཅས་ཀྱི་ལྟ་བ་གསུམ་སྤྱི་སྡོམ་དང་དེ་དག་གི་འཕེལ་འགྱུར་ལ་དཔྱད་ཞིབ་བྱས་པ་དང་།ལྟ་བ་འགངས་ཆེན་གསུམ་གྱི་རྨང་གཞིའི་སྟེང་དུ་བྱུང་བའི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ཡིས་བོད་ཀྱི་ཆོས་ལུགས་དང་།རིག་གནས།སྤྱི་ཚོགས་བཅས་ལ་ཐོན་པའི་དོན་སྙིང་ལ་དབྱེ་ཞིབ་བྱས་ཡོད།...

    2021-01-15 09:05:19 ཚེ་རིང་བྱམས། 5683
  • ༄༅།།བོད་ཀྱི་སྨན་གསར་རི་མོའི་འབྲི་ལུགས་ཀྱི་བྱུང་ཚུལ་ལ་དཔྱད་པ།

    སྨན་གསར་ལུགས་ནི་དུས་རབས་བཅུ་བདུན་པར་དབུས་གཙང་དུ་བྱུང་བའི་རི་མོའི་འབྲི་ལུགས་ཤིག་ཡིན་ཞིང་།འདི་ནི་སྨན་ཐང་ལུགས་ལ་དཔེ་བགྱིས་པའི་རྨང་གཞིའི་སྟེང་བྱུང་བས་སྨན་ལུགས་གསར་མ་ཞེས་མིང་བཏགས་པ་རེད།དཔྱད་རྩོམ་འདིར་སྨན་གསར་ལུགས་ཀྱི་སྲོལ་གཏོད་མཁན་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་སོགས་སུ་སྐུ་བརྙན་བཞེངས་པའི་བརྒྱུད་རིམ་དང་།དེ་མིན་སྐབས་དེའི་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་དང་སྦྱར་ཏེ།འབྲི་ལུགས་དེ་ཉིད་འཕེལ་རྒྱས་སུ་ཕྱིན་པའི་རྒྱུ་མཚན་དང་།སྨན་གསར་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ་སོགས་ལ་དཔྱད་པ་བཏང་ཡོད།...

    2021-01-14 09:24:26 ཡོ་ཆེ་ཤ་བོ་དོན་གྲུབ། 5672
  • དཔྱད་རྩོམ་འདིར་གནའ་བོའི་ཞང་ཞུང་གི་མངའ་ཁོངས་སུ་སྲིད་ཀྱིས་མངའ་བསྒྱུར་བའི་ཞང་ཞུང་གི་རྒྱལ་རབས་སྤྱི་དང་།ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད།སྒོས་སུ་དུས་རབས་བདུན་པའི་ནང་བྱུང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་རུས་རྒྱུད་དང་གདུང་སྲས་སོགས་ཀྱི་སྐོར་ལ་ཡིག་ཆ་ཁུངས་བཙུན་པ་མང་བོར་གཞི་བཅོལ་ཏེ་ཞིབ་འཇུག་བྱས་ཡོད།...

    2021-01-13 10:41:17 གཡུང་དྲུང་སྐྱབས། 10428
  • ༄༅།།མཁས་དབང་དགེ་འདུན་ཆོས་འཕེལ་གྱི《འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ》ལ་དཔྱད་པ།

    དཔྱད་རྩོམ་འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཆུང་གྲོགས་རྗེས་དྲན་ནམ་འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ་ལས་རྩོམ་འདིའི་ལོ་རྒྱུས་རྒྱབ་ལྗོངས།དེ་མིན་སྙན་རྩོམ་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིན་ཐང་ལ་རང་ནུས་ཀྱིས་རགས་ཙམ་དཔྱད་བརྗོད་བྱས་ཡོད།...

    2021-01-12 09:35:30 དཀའ་ཐུབ་རྒྱལ། 6666
  • ༄༅།།མིང་རྒྱལ་རབས་ཀྱིས་བསྐོས་པའི་བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་དང་དེའི་མཛད་རྗེས་སྐོར་རགས་ཙམ་གླེང་བ།

    ]མིང་རྒྱལ་རབས་ཀྱིས་བོད་ལ་དབང་སྒྱུར་བརྟན་པོ་ཡོང་ཆེད་གྲུབ་མཐའ་ཆེ་ཁག་དང་ཡུལ་ཁག་གི་ཚབ་མཚོན་མི་སྣར་འཇའ་ས་དང་ཆོ་ལོ་བསྩལ་ནས་རིན་ཆེན་ཆོས་རྗེ་དང་།ཐེག་ཆེན་ཆོས་རྗེ།བྱམས་ཆེན་ཆོས་རྗེ་ལྟ་བུ་བཅས་པ་བྱོན་ལ།དེ་བཞིན་དུ་མདོ་སྨད་མེན་ཇུ་(岷州)ནས་འཁྲུངས་པའི་བླ་ཆེན་དཔལ་ལྡན་བཀྲ་ཤིས་མཆོག་ལའང་གོང་མས་བློ་ཆེན་ཆོས་རྗེ་ཞེས་པའི་འཇའ་ས་བསྩལ་བར་མངོན་མོད།འོན་ཀྱང་ཆོས་རྗེ་གང་ཉིད་ཀྱི་རྣམ་ཐར་དང་མཛད་རྗེས་སྐོར་ལ་ཉེ་ཆར་རྣམ་ཐར་རྒྱ་འགྱུར་མའི་དཔེ་རྙིང་རྩ་ཆེན་ཞིག་ཀན་སུའུ་མེན་ཞན་རྫོང་(岷县)ནས་རྙེད་པ་ཙམ་ལས་ད་ཕན་བར་དུ་འདིའི་སྐོར་གྱི་ཡིག་ཆ་དང་ཞིབ་འཇུག་བྱས་པ་སྟོང་ཆར་ལུས་ཡོད།དེ་བས་འདིར་གསར་དུ་རྙེད་པའི་གང་ཉིད་ཀྱི་རྣམ་ཐར་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་ཡིག་ཆ་དག་གིས་ཟུར་བརྒྱན་ཏེ་བློ་ཆེན་ཆོས་རྗེའི་མཛད་རྗེས་སྐོར་ངོ་སྤྲོད་བྱས་པ་ཡིན།...

    2021-01-08 09:01:22 པདྨ་ཀུན་གྲོལ། 6017

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།