• ༄༅།།དགའ་ལྡན་ཕོ་བྲང་གི་སྲིད་ལུགས་འགྱུར་བའི་བརྟག་ཞིབ།

    དགའ་ལྡན་ཕོ་བྲང་གི་དུས་ནི་བོད་ཀྱི་སྲིད་ལུགས་ལ་འགྱུར་ལྡོག་མང་ཙམ་བྱུང་བའི་དུས་ཤིག་དང་།སྲིད་དོན་རིག་གནས་རྙོག་འཛིང་ཅན་དང་འགྱུར་བག་ཅན།ཟིང་ལྷོང་ཅན།འགལ་འཐབ་ཅན་གྱི་དུས་སྐབས་ཤིག་ཡིན།དུས་སྐབས་དེའི་སྲིད་ལུགས་ལ་འགྱུར་བ་ཆེན་པོ་རིམ་མཐུད་དུ་བྱུང་བ་ནི།ཐོག་མའི་བོད་སོག་མཉམ་འབྲེལ་གྱིས་སྲིད་སྐྱོང་བའི་སྡེ་སྲིད་སྲིད་དབང་གི་དུས་སྐབས་ནས།རིམ་གྱིས་སྐྱ་བོས་བོད་སྲིད་སྐྱོང་བའི་ཕྱོགས་སུ་གོམ་ཁ་བསྒྱུར་པ་དང་།དེ་ནས་བཀའ་ཤག་སྲིད་གཞུང་བྱུང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་དར་བ་ན།སྲིད་སྐྱོང་ལམ་ལུགས་ཀྱང་དེའི་ཞར་ལ་བོད་ཀྱི་སྲིད་ལུགས་འགྱུར་བའི་ལོ་རྒྱུས་སྟེང་མངོན་པར་བྱུང་སྟེ།བོད་ཀྱི་སྲིད་དོན་རིག་གནས་དང་སྤྱི་ཚོགས་འཕེལ་འགྱུར་ལ་ཤུགས་རྐྱེན་རྒྱུན་རིང་བ་ཐེབས།...

    2021-04-27 09:52:53 རྨེ་རུ་ཡུལ་ལྷ་ཐར། 6355
  • འཇང་གི་རྡོ་རིང་འདི་བོད་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་མངན་དཔོན་བློན་སྐྱེས་བཟང་ལ་གསེར་ཡིག་ཆེན་པོའི་ཡིག་ཚངས་དང་འཇང་གི་ལོང་ལ་དག་ལ་གཙང་ཆེན་ཡི་གེའི་ཡིག་ཚངས་དང་མཆད་པར་བཀའ་གཙིགས་གནང་བའི་ཆེད་བཙུགས་པ་ཡིན་ཞིང་།འདིར་རྡོ་རིང་ཡི་གེ་ཕབ་བཤུས་དང་དེ་ལ་དོན་འགྲེལ་མཛད་པ་མ་ཟད།རྡོ་རིང་ཐོག་ལ་རི་མོ་གང་ཡོད་མེད་དང་།རི་མོ་དེ་དག་གི་མཚོན་དོན་གང་ཡིན་མིན་སོགས་ཀྱི་སྐོར་ལ་དཔྱད་པ་བྱས་འདུག...

    2021-04-25 14:51:50 བསོད་ནམས་ཚེ་རིང་། 11239
  • ༄༅།།རྣམ་ཐར་ཞེས་པའི་ཐ་སྙད་དང་རྣམ་ཐར་རྩོམ་རིག་བྱུང་བའི་ཐོག་མའི་རྒྱུ་རྐྱེན་ལ་དཔྱད་པ།

    དཔྱད་རྩོམ་འདིར་རྣམ་ཐར་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་དང་གོ་དོན།དེ་རྗེས་རྣམ་ཐར་གྱི་ཐ་སྙད་རྐྱང་པ་ནས་རིམ་བཞིན་ཆོས་བྱེད་མི་སྣའི་མི་ཚེའི་བྱུང་བ་བརྗོད་པའི་ཐུན་མོང་མ་ཡིན་པའི་རྩོམ་ལུས་ཀྱི་རྣམ་པར་གྲུབ་ཚུལ་དང་།དེ་ལྟར་གྲུབ་པའི་རྒྱུ་རྐྱེན་སོགས་ལ་དཔྱད་པ་བྱས་འདུག...

    2021-04-22 09:16:56 ངག་དབང་རྡོ་རྗེ། 6299
  • 《བོད་ཀྱི་མཛེས་རྩལ་ཀུན་བཏུས》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ།བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས་༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་།འཇིམ་བཟོ།བཟོ་བཀོད།ལག་ཤེས་སྒྱུ་རྩལ།ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན།འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ།པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས།སྤུས་དག་ཤོས་དེ་ཡིན་ནོ།།...

    2021-04-21 09:42:59 མི་གསལ། 10560
  • དཔྱད་རྩོམ་འདིར་ལོ་རྒྱུས་ཡིག་ཚང་རིག་པ་དང་།ལོ་རྒྱུས་ཁུངས་འཚོལ་རྩད་ཞིབ་རིག་པ་ཟུང་འབྲེལ་གྱིས།《ཆོས་འབྱུང་མཁས་པའི་དགའ་སྟོན》གྱིས་གཙོས་པའི་བོད་ཀྱི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེར་སྲོང་བཙན་སྒམ་པོ་དང་།གུང་སྲོང་གུང་བཙན་གཉིས་ཕ་བུའི་འབྲེལ་བ་ཡིན་པར་སྨྲ་བའི་ལོ་རྒྱུས་ཡིག་རིགས་ལ་དཔྱད་པ་བྱས་ཏེ།རང་ལུགས་སུ་གུང་སྲོང་གུང་བཙན་ནི་སྲོང་བཙན་གྱི་བུ་མ་ཡིན་པར་སྲོང་བཙན་གྱི་གཅུང་པོ་བཙན་སྲོང་ཞུགས་ནམ་ཞུ་བ་དེ་ཡིན་པར་ལུང་རིགས་ཀྱིས་བསྒྲུབས་འདུག...

    2021-04-21 09:25:03 ལྕང་ཆུང་བསོད་ནམས་ཚེ་རིང་། 11472
  • རྩོམ་འདིར་ཐང་གི་ཡིག་ཚང་ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་ལོ་རྒྱུས་རིན་ཐང་སྐོར་སོགས་གསལ་བོར་བརྫོད་པའོ།...

    2021-04-20 09:21:07 མཐའ་བ་བཀྲ་ཤིས་དོན་འགྲུབ། 11203
  • ༄༅།།བོད་འབྲུག་བར་གྱི་སྲོལ་རྒྱུན་ཉོ་ཚོང་གི་རྣམ་པ་གསུམ་ལ་དཔྱད་པ།

    1959ལོའི་ཡར་སྔོན་དུ་ཀྲུང་གོའི་བོད་ལྗོངས་དང་འབྲུག་ཡུལ་དབར་གྱི་སྲོལ་རྒྱུན་ཉོ་ཚོང་གི་སྐོར་རྟོགས་མཁན་ཧ་ཅང་ཉུང་།རྩོམ་འདིར་བོད་རྒྱའི་ལོ་རྒྱུས་ཡིག་ཚགས་སྤྱད་དེ་ལོ་རྒྱུས་ཐོག་གི་ཀྲུང་གོའི་བོད་ལྗོངས་དང་འབྲུག་ཡུལ་མཐའ་མཚམས་ས་ཁུལ་གྱི་ཕག་རི་དང་།ས་སྦུག་(ཀླུང་བརྡོལ)ལྷ་ཁང་བཅས་ས་ཁུལ་གསུམ་གྱི་ཉོ་ཚོང་གནས་ཚུལ་གསལ་བཤད་བྱས་ཡོད།ས་གནས་དེ་དག་གི་མཐའ་མཚམས་ཉོ་ཚོང་ནི་ས་ཁམས་ཀྱི་ཁྱད་ཆོས་དང་།འགྲིམ་འགྲུལ་གྱི་ཆ་རྐྱེན།ཕྱོགས་གཉིས་པོའི་སྡེ་ཁུལ་དབར་གྱི་བར་ཐག་སོགས་ཀྱི་རྒྱུ་རྐྱེན་གྱིས་དབང་གི་རྣམ་པ་མི་འདྲ་བ་ཆགས་ཡོད་དེ།ཕག་རིའི་ཁྱད་ཆོས་ནི་“བྱ་ཚང་དུ་ལོག་པ་”ཡིན་ཞིང་འབྲུག་ཡུལ་དང་ཕག་རིའི་ཡུལ་མིའི་དབར་གཏན་འཇགས་ཀྱི་འབྲེལ་བ་ཆགས་པ་དང་།ས་སྦུག་(ཀླུང་བརྡོལ)གི་ཁྱད་ཆོས་ནི་དུས་བཀག་ལྟར་ཚོང་འདུས་འཚོག་པ་དེ་ཡིན།ལྷ་ཁང་གི་ཁྱད་ཆོས་ནི་གཞི་ཁྱོན་ངེས་ཅན་གྱི་ལས་ཚབ་ཉོ་ཚོང་གི་རྣམ་པ་ཆགས་ཡོད།ད་ལྟའི་དུས་སུ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག་ཨེ་ཤ་ཡ་ལྷོ་མ་དང་དཔལ་འབྱོར་ཉོ་ཚོང་བྱེད་པར་ཤུགས་སྣོན་རྒྱག་སྐབས་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཡུལ་བབ་དང་བསྟུན་པ་དང་སྟབས་བསྟུན་རྣམ་པ་མང་བའི་ཉོ་ཚོང་བྱེད་སྟངས་དེ་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད།...

    2021-04-19 09:21:22 ཨོ་རྒྱན། བཀྲ་ལོ། 5897
  • རྩོམ་འདིར་དུས་རབས་བཅུ་གསུམ་པའི་ནང་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་ང་བརྒྱད་མ་དང་།དུས་རབས་བཅོ་ལྔ་པར་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་ང་བརྒྱད་མ་གཉིས་སོ་སོར་དུས་ནམ་ཞིག་ལ་ཇི་ལྟར་མཛད་པའི་ཚུལ་དང་།དེ་གཉིས་ཀྱི་འབྲེལ་བ་བཅས་ཀྱི་ཐད་ནས་དཔྱད་ཞིབ་ཅུང་ཟད་བྱས་ཡོད...

    2021-04-13 09:41:17 གླིང་ཚ་སྙིང་རྒྱལ་འབུམ།  13213
  • ༄༅།།ཁྲི་ཀ་རྫོང་གི་ས་མིང་རིག་གནས་འཚོལ་བསྡུ་བྱས་པའི་མྱོང་ཚོར་ཕྲན་བུ།

    རྩོམ་ཡིག་འདི་ལས་ས་མིང་ཆུ་མིང་ཞེས་པ་མི་རྣམས་ཀྱིས་ས་ཆུ་རི་གསུམ་ལ་ཆེད་དུ་བཏགས་པའི་བརྡ་ཆད་ཡིན་པ་དང་། མི་རྣམས་ཀྱིས་ངོས་འཛིན་དང་བཀོལ་སྤྱོད་བྱ་སླ་བའི་ཆེད་དུ་ཡིན་པ། ས་མིང་ཆུ་མིང་གི་འབོད་སྟངས་དང་འབྲི་ཚུལ་ཡང་དག་དང་གཅིག་གྱུར་ཡིན་མིན་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན།  རྒྱལ་སྤྱིའི་འབྲེལ་ལམ་འགྲོ་འོང་དང་ཕྱི་འབྲེལ་བྱ་བར་འབྲེལ་བ་དམ་ཟབ་ཡོད་པ་བཅས་བསྟན་ཡོད་ཅིང་། སྒོས་སུ་ཁྲི་ཀ་རྫོང་གི་ས་མིང་ཆུ་མིང་ཚང་མར་ཚན་རིག་དང་མཐུན་པར་ཚད་ལྡན་ཅན་ཡིན་པ་དང་།བོད་རྒྱ་ཡིག་རིགས་གཉིས་སུ་ལོ་ཙཱ་བྱས་ཡོད་པས་ས་མིང་ཆུ་མིང་ཐམས་ཅད་ཁྲིམས་བཀོད་ཀྱི་འབྲི་ཚུལ་དང་། ཚད་ལྡན་གྱི་ཀློག་སྟངས་སུ་གཅིག་གྱུར་ཏུ་བཏང་ཡོད་པ་མ་ཟད།  ས་མིང་ཆུ་མིང་སོ་སོའི་ས་ཁམས་གནས་ཕྱོགས་དང་། འབྱུང་ཁུངས།བསྟན་དོན་དང་ལོ་རྒྱུས་ཀྱི་བྱུང་བ་ཡང་དག་ཡིན་པ་བསྟན་ཡོད། གཞན་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྗེས་རབས་པར་ཕན་བདེ་བསྐྲུན་པའི་བྱ་བཞག་གལ་ཆེན་ཞིག་ཡིན་གཤིས། དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཡང་བསྟན་ཡོད། ...

    2021-04-12 14:56:37 ཆུ་བཟང་པདྨ་ཚེ་རིང་། 6351

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།