བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་བསམ་གཞིགས་ཐོར་བུ།
གསུམ། བོད་ཁམས་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དགོས་གལ་རང་བཞིན།
(༡)མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ན་བོད་ཁམས་འཆམ་མཐུན་སྤྱི་ཚོགས་བརྟན་འཇགས་ལ་ཕན།
བོད་ཁམས་ནི་ཕྱི་དགྲ་རོལ་ཕྱོགས་སིམ་འཛུལ་བྱེད་ཡུལ་གཙོ་བོ་ཡིན་ལ་རིག་གནས་ཕན་ཚུན་མཉམ་འདྲེས། འདུ་ཤེས་ཁྱབ་ཁོངས་ཁྲོད་ཀྱི་འཐབ་རྩོད་ཧ་ཅང་རྙོག་འཛིང་ཡིན། རིགས་སོ་སོའི་བར་རིག་གནས་ཕན་ཚུན་དང་ལེན། ཕན་ཚུན་ཤུགས་རྐྱེན་ཐེབས་པ། ཕན་ཚུན་བརྩི་མཐོང་བྱེད་པ་དང་བོད་ཁུལ་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱས་ཏེ་ཕྱི་རོལ་དགྲ་ཕྱོགས་ཇུས་ངན་བཅངས་བའི་ཁ་བྲལ་རིང་ལུགས་པ་སིམ་འཛུལ་ལ་ཐུན་མོང་གི་གཏན་འགོག་བྱེད་དགོས་ཞིང་། མི་རིགས་ཀྱི་སྤོབས་སེམས་དང་འགྲིམ་འགྲིལ་ཇེ་དྲག་ཏུ་བཏང་སྟེ། འདྲ་མཉམ། མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་བརྟན་བརླིང་། ངེས་པར་དུ་མི་རིགས་རིག་གནས་ཤུལ་བཞག་སྔར་བས་སྲུང་སྐྱོབ་དང་བེད་སྤྱོད་བྱ་དགོས།
(༢)མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ན་བོད་ཁམས་ས་ཁོངས་འགྲན་རྩོད་མཐོ་རུ་འདེགས་པར་ཕན།
དེང་གི་སྤྱི་ཚོགས། རིག་གནས་ནི་སྟོབས་ཤུགས་ཤིག་སྟེ། རིག་གནས་ནུས་ཤུགས་ཡིན། རིག་གནས་ནུས་བའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་འཇོག་ཐུབ། གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ལ་བསམ་པའི་སྒུལ་ཤུགས་འདོན་སྤྲོད། བྱ་སྤྱོད་ཚད་ལྡན་དང་དངོས་བོའི་ཐོན་རྫས་ཀྱི་སྤུས་ཀ་དང་ཁ་སྣོན་རིན་ཐང་མཐོ་རུ་འདེགས་པ་ལས་མངོན་ཐུབ། རིག་གནས་ཐོན་སྐྱེད་ནུས་ཤུགས་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་ཁུལ་དུ་རིག་གནས་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་པའི་མི་རིགས་རིག་གནས་ཤུལ་བཞག་གང་མང་མཆིས། འདི་ནི་ས་ཁོངས་འགྲན་ཤུགས་ཀྱི་གནས་སྟངས་ལེགས་པོ་ལ་རག་ལས། དེ་བས། བོད་ཁུལ་དུ་མི་རིགས་རིག་གནས་ཤུལ་བཞག་སྲོང་སྐྱོབ་འཐབ་ཇུས་ལག་བསྟར་བྱས་ཏེ་ས་ཁོངས་ཀྱི་རིག་གནས་སློབ་གསོ་དང་སྤུས་མཚག་སློབ་གསོར་སྐུལ་སྤེལ་ཐོབ་ངེས། མི་རིགས་རིག་གནས་ཤུལ་བཞག་སྔོགས་འདོན་བརྒྱུད་དེ། གནས་བབ་ལེགས་པོའི་རིག་གནས་ཐོན་ཁུངས་དཔལ་འབྱོར་གནས་བབ་བཟང་བོར་བསྒྱུར་ཏེ་བོད་ཁམས་སྤྱིའི་ས་ཁོངས་འགྲན་ཤུགས་མཐོ་རུ་འདེགས་པར་དོན་སྙིང་གལ་ཆེན་ལྡན།
(༣)མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ན་བོད་ཁུལ་མང་ཚོགས་ཀྱི་སྤྱི་ཚོགས་དཔལ་འབྱོར་ནུས་སྟོངས་ཇེ་དྲག་ཏུ་འགྲོ་བར་ཕན།
རིག་གནས་འདུ་ཤེས་མི་འདང་བས་བོད་ཁུལ་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱིས་ས་ཁོངས་མི་གཤིས་འདུ་ཤེས་ཇེ་མཐོར་དང་ནུས་བ་འདོན་སྤེལ་གང་ལེགས་བྱེད་མ་ཐུབ་པའི་རིན་ཐང་གསར་སྤེལ་དང་བེད་སྤྱོད་བྱེད་མ་ཐུབ་པ་རེད། དེ་བས་བོད་ཁམས་སུ་རིག་གནས་འཛུགས་སྐྲུན་གྱིས་རིག་གནས་འདུ་ཤེས་མཐོར་འདེགས་ལ་སྐུལ་འདེད་བྱེད་དགོས་ན་ངེས་པར་དུ་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཐོན་རྫས་གསར་སྤེལ། རིག་གནས་ཐོན་ལས་དར་སྤེལ། ཁྱད་ལྡན་རིག་གནས་རིན་ཐང་དཔལ་འབྱོར་རིན་ཐང་དུ་བསྒྱུར་དགོས། འདི་ལྟར། དཔལ་འབྱོར་ནུས་ཤུགས་ཇེ་མཐོར་སོང་བ་དང་བསྟུན་ནས་དམངས་ཡོངས་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འདུ་ཤེས་མུ་མཐུད་དུ་མཐོར་འདེགས་སུ་འགྲོ་ངེས་ལ་བོད་ཁམས་སྤྱིའི་རིག་གནས་ལས་དོན་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་ཐེབས་ཐུབ།
(༤)མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ན་བོད་ཁུལ་མང་ཚོགས་རིག་གནས་གཙོ་བོའི་ལྟེ་ཤུགས་གསོ་སྐྱོང་བྱེད་པར་ཕན།
བོད་ཁུལ་མང་ཚོགས་གལ་ཏེ་རྗེས་དཔག་གི་རིག་གནས་སྤྲོ་བ་ཡོད་ཚེ། དེང་གི་རིག་གནས་སྣ་མང་གི་རྒྱབ་ལྗོངས་འོག གཙོ་ཁྲིད་རིག་གནས་ལ་བརྡར་ཤ་གཅོད་ཐུབ་པ་མ་ཟད་ཧུར་ཐག་གིས་ཁ་བྲལ་རིང་ལུགས་པ་སོགས་མི་ལེགས་པའི་འདུ་ཤེས་སིམ་འཛུལ་བཀག་འགོག་བྱ་ཐུབ། དེའི་མཚུངས་དུ། ཕྱི་ཕྱོགས་རིག་གནས་དང་ལེན་བྱེད་མོས་ལ་མི་རིགས་གཞན་དག་བར་གྱི་འགལ་ཟླ་དང་རྩོད་གཞི་ཞི་འཇགས་ཐག་གཅོད་བྱ་ཐུབ་ལ་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་མང་ཚོགས་རྨ་གཞི་བརྟན་པོ་བཏིངས།
བཞི། བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཐབས་ཇུས་དང་བསམ་འཆར།
(༡)མི་རིགས་གང་ཡིན་རུང་རང་མི་རིགས་ཀྱི་མི་རིགས་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་ཡོད་དགོས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། རྒྱལ་ཁབ་རིག་དངོས་ཅུའུ་ཅུའུ་ཀྲང་ཧྲན་ཆི་ཞང་གིས་ཚོགས་ཆེན་ལ་གྲོས་གཞི་བཅོ་ལྔ་ཡར་ཞུ་བྱས། དེ་ནང་དུ་གཏོང་སྒོ་ཆེ་རུ་བཏང་སྟེ། རིམ་བཞིན་མི་རིགས་རེ་རེའི་མི་རིགས་དངོས་མང་བཤམས་སྟོན་ཁང་གཅིག་རེ་ཡོད་དགོས་པའི་གྲོས་འགོ་བཏོན། དེར་མ་ཟད་རྒྱལ་ཁབ་ནོར་སྲིད་གྱིས་མི་རིགས། དམངས་སྲོལ་བཤམས་སྟོན་ཁང་འཛུགས་སྐྲུན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་གཞི། མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་དང་ཕྱོགས་ཞེན་ཆེ་དགོས་བའི་འབོད་སྐུལ་བཏང་། དཔལ་འབྱོར་འཛམ་གླིང་ཅན་གྱི་ཉིན་འདིར། དཔལ་འབྱོར་འཕེལ་འགྲོས་ཧ་ཅང་མྱུར་བ་བརྒྱུད་བར་སྟོབས་དྲག་རིག་གནས་ཀྱིས་ནུས་ཞན་རིག་གནས་ལ་བཙན་འཛུལ་བྱེད་པ་དེ་བས་ཛ་དྲག་ཆེ། ལོ་རྒྱུས་རིག་གནས་རིན་ཐང་ཆེན་པོ་ལྡན་པའི་མི་རིགས་རིག་གནས་ཁ་ཤས་རིམ་བཞིན་ཉམས་དམས་སུ་འགྱུར་བཞིན་མཆིས། དོན་ངོ་མའི་དཔལ་འབྱོར་སྟེང་འབྱོར་ཕྱུག་ལྡན་མོད། རིག་གནས་སྟེང་བྱེ་ཐང་ལྟ་བུ་རེད། དངོས་མང་བཤམས་སྟོན་ཁང་ལ་དམངས་ཁྲོད་རིག་གནས་སྲུང་སྐྱོབ། སྣ་མང་རིག་གནས་སྲུང་སྐྱོབ་གི་ཕན་ཡོད་འདྲེན་བྱེད་ཀྱི་ཁྱད་ནུས་ལྡན། ང་ཚོའི་ཤེས་གསལ་ལྟར།རིག་གངོས་ནི་བསྐྱར་སོས་མེད། གལ་སྲིད་གཏོར་བརླག་ཐེབས་ན་སླར་གནས་བྱེད་ཐབས་བྲལ། རིགས་སོ་སོའི་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་རིག་དངོས་བདག་དོམ་ལས་ཁུངས། སྤྱི་ཚོགས་ལས་རིགས་ཁག མི་སྒེར་ལ་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད་པ་མ་ཟད་དོན་སྙིང་ལྡན་པའི་རླབས་ཆེན་བྱ་བཞག་ཅིག་ཡིན། ལག་ལེན་ལ་ར་སྤྲོད་ལྟར་ན། དངོས་མང་བཤམ་སྟོན་ཁང་འཛུགས་སྐྲུན་ཤུགས་སྣོན་བརྒྱག་པ་ནི་རིག་དངོས་སྣ་མང། བདེ་འཇགས་ཁག་ཐེག་གི་གཞི་མ་ཡིན།
ཁྱད་པར་དུ་བོད་ཁུལ་དུ་དེ་བས་མི་རིགས་རིག་གནས་དམངས་སྲོལ་རིགས་ཀྱི་དངོས་མང་བཤམས་སྟོན་ཁང་འཛུགས་པར་ཐུགས་ཁུར་དང་དོ་སྣང་བྱ་དགོས། བྱེད་ཐབས་རྣམ་པ་སྣ་ཚོགས་སྤྱད་དེ། དཔེར་ན། ཆེད་དོན་རང་བཞིན་གྱི་བཤམས་སྟོན་ཁང་བཙུགས་ཆོག དེ་ལས་གཞན་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་བསྐྲུན་ཆོག ད་དུང་ཀོའི་ཀྲིག ཀོང་ཞི། ཡུན་ནན་སོགས་ས་ཆ་ལྟར། མི་རིགས་སྐྱེ་ཁམས་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་ཆོག མདོར་ན། མི་རིགས་དམངས་སྲོལ་བཤམས་སྟོན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ན་བོད་ཁུལ་ལ་སྤུས་དག་མི་གཤིས་ཁོར་ཡུག་མཁོ་འདོན། རིགས་སོ་སོའི་སྔོན་ཐོན་རིག་གནས་འཛུགས་སྐྲུན། འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ནང་དོན་གལ་ཆེན་ཡིན་ལ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། རྒྱུན་སྲུང། སྲུང་སྐྱོབ། རིག་གནས་སྣ་མང་རང་བཞིན་སྲུང་འཛིན་གྱི་ནུས་ལྡན་ཐབས་ལམ་ཡང་ཡིན།
(༢)རིག་དངོས་གདོད་མའི་ཡུལ་གྲུར་ཉར་སྲུང་བྱེད་པར་ཤུགས་སྣོན་བྱ་དགོས།
བོད་ཁུལ་གྱི་ས་གཤིས་ཁོར་ཡུག་ཁྱད་པར་ཆེ་ལ་ཆོས་ལུགས་དད་མོས་དང་མི་གཤིས་ཁོར་ཡུག་གཞན་ཡུལ་དང་མི་འདྲ་བས་ཆོས་ལུགས་རིག་གནས། སྐྱ་སྤོའི་རིག་གནས་བསྐྲུན་པ་དང་གྲངས་ཉུང་མི་རིགས་རིག་གནས་ཅུང་འཕེལ་རྒྱས་སུ་ཕྱིན། དཔེར་ན། དགོན་སྡེ་འཛུགས་སྐྲུན། ལྡེབས་རིས་དང་དགོན་པའི་ནང་དུ་ཉར་ཚགས་བྱས་ཡོད་པའི་རིག་དངོས་དང་སྒྱུ་རྩལ། རི་ལུང་དང་བྲག་རི། རྫ་ལུང་། རྩ་ཐང་སོགས་སུ་ཐོར་ཡོད་པའི་རྡོ་བརྐོས་དང་བྲག་བརྐོས་རི་མོ་སོགས་རིག་དངོས་དངོས་མང་བཤམས་ཁང་དུ་བསྣུར་མི་འོས་ལ་སྤོར་ཀྱང་མི་སྲིད་དོ།། དེའི་མཚུངས་སུ། རིག་དངོས་འདི་དག་ཕྱི་རོལ་ཆར་ཟེགས་རླུང་རྡུང་གི་ཡུལ་དང་ཉར་ཚགས་བྱེད་དཀའི་ཁོར་ཡུག་ཏུ་གནས་མཐར་འཇིག་ཉེན་ལ་འཕྲད་འདུག གལ་ཏེ་རིག་དངོས་འདི་དག་བདག་ཉར་གང་ལེགས་བྱ་དགོས་ན་ངེས་པར་དུ་གནས་བབ་ལ་གཞིགས་ཏེ་བྱེད་ཐབས་སྤྱད་དེ་ས་དེས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཆེད་ལས་ལག་རྩལ་མི་སྣའི་མཛུབ་སྟོན། གཏོང་སྒོ་མང་དུ་བཏང་སྟེ་དགོས་ངེས་ཀྱི་འགོག་སྲུང་སྒྲིག་ཆས་ཉོ་སྒྲུབ་བྱས་ནས་གདོན་མའི་ཡུལ་གྲུར་རིག་དངོས་ཉར་ཚགས་ཀྱི་ཁོར་ཡུག་བསྐྲུན་དགོས།
(༣)དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་རིག་དངོས་སྲུང་སྐྱོབ་མིའི་སེམས་སུ་ཟུག་ཏུ་འཇུག་དགོས།
བོད་ཁུལ་དཔལ་འབྱོར་ཅུང་རྗེས་ལུས་ཡིན་ལ་རིགས་སོ་སོའི་ངོས་ཟིན་ཆུ་ཚད་མཐོ་དམའ་མི་འདྲ། དེའི་མ་གཏོགས་ལས་བྱེད་མང་ཚོགས་ཁ་ཤས་ཀྱིས་རིག་གནས་ཤུལ་བཞག་རྒྱུས་ལོན་མི་ཟབ་པ་དང་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་ནི་རིག་གནས་སྡེ་ཁག་ཁོ་ནའི་ལས་ཀ་ཡིན་པར་འདོད་ཡོད། མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མ་སྐུལ་རང་འགུལ་རང་བཞིན་ཞན་སྟབས་དམིགས་ཡུལ་མེད་པར་གསར་སྤེལ་དང་ཡང་བསྐྱར་གཏོར་བརླག་ཐེབས་པ་སོགས་རབ་དང་རིམ་པའི་དོན་རྐྱེན་ཚབས་ཆེན་བྱུང་།
རིག་གནས་ཤུལ་བཞག་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་གཏོང་རྒྱུ་ནི་བོད་ཁུལ་གྱི་དུས་ཡུན་རིང་བོར་དཀའ་ཁག་ཆེ་བའི་འགན་འཁྲི་ཡིན་ལ་རིམ་པ་སོ་སོའི་སྡེ་ཁག་གིས་རྒྱབ་ཁབ་དང་ལོ་རྒྱུས་ལ་ཚད་མཐོའི་འགན་ལེན་བྱེད་པ། རྒྱལ་ཁབ་རིག་གནས་བདེ་འཇགས་ལ་བརྩི་མཐོང་བྱེད་པ། མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དགོས་གལ་རང་བཞིན་ལ་ངེས་ཤེས་ཟབ་མོ་ཐོབ། རྒྱང་སྒྲོག བརྙན་འཕྲིན། ཚགས་པར། དྲ་རྒྱ་སོགས་སྨྱན་བྱེད་སྣ་ཚོགས་དང་བརྒྱུད་སྒྲོག་བྱེད་ཐབས་སྤྱད་དེ་སྤྱི་སྤྱོད་བརྡ་ཁྱབ་བསྟུད་མར་སྒྲོག་སྤེལ་དང་རིག་གནས་ཤུལ་བཞག་ཉིན་མོ5.18དངོས་མང་བཤམ་སྟོན་ཁང་གི་དྲིལ་སྒྲོག་ཉིན་མོ་སོགས་དུས་ཆེན་ཁྱད་པར་བ་བེད་སྤྱད་དེ་མི་རིགས་རིག་གནས་ཤུལ་བཞག་འགྲེམ་སྟོན། དམངས་སྲོལ་རིག་གནས་འགྲེམ་སྟོན། མི་རིགས་རིག་གནས་རིག་རྩལ་ལེ་ཚན་སྐོར་སྐྱོད་འཁྲབ་སྟོན་སོགས་རབ་དང་རིམ་པའི་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་ཡོངས་ཀྱི་མི་རིགས་རིག་གནས་ཤུལ་བཞག་གི་ངོས་ཟིན་དང་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རང་འགུལ་རང་བཞིན་ཇེ་མཐོར་གཏོང་དགོས།དེའི་མཉམ་དུ། ཕུལ་དུ་བྱུང་བའི་རིག་གནས་དང་མི་རིགས་སྙིང་སྟོབས་མཚོན་ཐུབ་པ།དམངས་ཁྲོད་ཁྱད་ཆོས་འབུར་ཐོན་ཡིན་པའི་རིག་གནས་ཤུལ་བཞག་རིམ་པ་སོ་སོའི་སློབ་གྲྭའི་སློབ་དེབ་ཏུ་འཁོད་དེ་བོད་ཁུལ་གྱི་ན་ཆུང་གཞོན་ནུ་ཚོ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེ་བའི་འདུན་པ་དྲག་ཏུ་བཏང་སྟེ། རིམ་པ་སོ་སོའི་སློབ་གྲྭའི་རིག་རྩལ་སློབ་གསོའི་མི་རིགས་རིག་གནས་སྒྱུ་རྩལ་དར་སྤེལ་གྱི་འོས་འགན་དང་ལེན་བྱ་དགོས།
(༤)མ་དངུལ་མང་དུ་བཏང་སྟེ། མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོན་འཁྱོལ་བྱ་དགོས།
བོད་ཁུལ་གྱི་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་ཁྱད་ཆོས་ནི་ས་ཚུགས་མང་བ། རྒྱ་ཆེ་བ། ལམ་ཐག་རིང། མིག་སྔའི་བར་ཏུ། གཞི་རིམ་སྲུང་སྐྱོབ་རྩ་འཛུགས་ད་རུང་ཧ་ཅང་ཉག་ཕྲ་ཞིང་ས་ཆ་ཁ་ཤས་སུ་སྔར་བཞིན་སྲུང་སྐྱོབ་བྱ་བའི་སྒྲིག་གཞི་དང་ཆེད་ལས་མི་སྣ་འཛུགས་གྲུབ་བྱུང་མེད། མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་ཁྱབ་བཤེར་བྱས་ནས་སྔོགས་འདོན་གདམ་བསྲེས། ལས་སྣ་གསོ་སྦྱོང་ནས་དཔྱད་གཞི་ལེགས་སྒྲིག འཆར་འགོད་སྲུང་སྐྱོབ་ནས་མྱུར་སྐྱོབ་བེད་སྤྱོད་ཐ་དག་མ་དངུལ་གྱིས་རྒྱབ་སྐྱོར་ལ་བརྟེན་དགོས། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་མ་དངུལ་གཏོང་གྲངས་མང་དུ་སོང་མོད། ས་རྒྱ་ཆེ་ལ་རྨང་གཞི་ཞན་པའི་བོད་ཁུལ་ལ་མཚོན་ན། རིག་གནས་ཤུལ་བཞག་གི་གྲོན་དངུལ་ད་རུང་མི་འདང་བའི་གནས་ཚུལ་ཧ་ཅང་ཚབས་ཆེ་ཞིང་རིག་དངོས་སྲུང་སྐྱོབ་ཁྲིམསབསྟར་མི་སྣ་དང་ཆེད་ལ་སྲུང་སྐྱོབ་ལས་སྣ་དང་སྲུང་སྐྱོབ་སྒྲིག་ཆས་འོས་སྦྱོར་བྱེད་པར་བྲེལ།
(༥)མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གསར་སྤེལ་བྱ་དགོས།
ཐོག་མར། ངེས་པར་དུ་གསལ་བཤད་བྱ་དགོས་བ་ཞིག་ནི། དངོས་བོའི་རིག་གནས་ཤུལ་བཞག་ལ་མཚོན་ན་སྲུང་སྐྱོབ་ནི་འགག་རྩ་ཡིན། སྲུང་སྐྱོབ་ཀྱི་རྨང་གཞིའི་སྟེང་འོས་འཚམ་གྱི་བེད་སྤྱོད་དང་གསར་སྤེལ་བྱས་ན་ད་གཟོད་རང་རྒྱལ་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འཁེལ་དང་མཐུན། དེ་ལྟར་ད་བཟོད་མི་རིགས་རིག་གནས་ཤུལ་བཞག་རྒྱུན་སྲུང་བྱ་ཐུབ།
རིག་དངོས་གཏོར་བརླག་རིན་དོད་དུ་གསར་སྤེལ་བྱེད་པར་རྩ་བ་ནས་གཏན་འགོག་བྱས་ཏེ་གསར་སྤེལ་བེད་སྤྱོད་བྱ་དགོས།དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཁྲོད་ཆེས་གདོད་མ། ཆེས་རང་བྱུང་། ཆེས་ལྷད་མེད་ཀྱི་རིག་གནས་རྒྱུད་འཛིན་གྱི་གཞི་རྒྱུ་ལྡན་པ་དེ་དག་མ་བཅོས་སྔར་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་སྐྱོང་བྱེད་པའི་རྨང་གཞིའི་སྟེང་། དུས་རབས་རང་བཞིན་ཀྱིས་མི་རིགས་དམངས་ཁྲོད་རིག་གནས་གསར་རྩོམ། འཁྲབ་སྟོན། འགྲན་སྡུར་སོགས་བྱ་འགུལ་སྤེལ་འོས་ལ་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྒྱུན་སྐྱོང་ཁྲོད་གོང་དུ་སྤེལ་ཏེ་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་རིག་གནས་འདོད་བློ་སྐོང་དགོས། དེའི་མཉམ་དུ། ཕན་ཡོད་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་དང་གནས་སྐོར་དཔལ་འབྱོར་ཟུང་འབྲེལ་ལ་སྐུད་འདེད་བྱ་ཆོག་ལ་དམངས་སྲོལ་རིག་གནས་སྤྱི་གླིང་།རིག་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ། དམངས་སྲོལ་རིག་གནས་སྤྱི་གླིང་། རིག་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁུལ། དམངས་ཁྲོད་བཟོ་རྩལ་རི་མོ། དམངས་སྲོལ་འཁྲབ་སྟོན་སྲང་ལམ་ཕྲ་མོ་སོགས་རིག་གནས་སྲང་ལམ་འཆར་འགོད་འཛུགས་སྐྲུན། ཧུར་ཐག་གི་སྲུང་སྐྱོབ་རྒྱུན་སྐྱོང་སྤྲོ་གསེང་གནས་སྐོར་གཞི་གཅིག་ཅན་གྱི་དངོས་བོ་མ་ཡིན་པའི་རིག་གནས་ཐོན་ལས་གདོས་བཅས་བསྐྲུན་དགོས། གྲངས་ཉུང་མི་རིགས་དངོས་བོ་མ་ཡིན་པའི་རིག་གནས་ཚོང་རར་ཞུགས་ན་ས་ཞིང་བཀོལ་སྤྱོད། དཔྱ་ཁྲལ་འཇལ་སྤྲོད། མི་སྣ་སྒྲིག་གཞི་སོགས་ཕྱོགས་ནས་དམིགས་བསལ་གཟིགས་སྐྱོང་གོ་རྒྱབ་རོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱིས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས།
རྩོམ་པ་པོ་ངོ་སྤྲོད།
སྒོ་མེ•དོན་འགྲུབ་ཚེ་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ཀྲུའུ་རེན། སྤྱི་ཁྱབ་རྩོམ་སྒྲིག་པ། ཞིབ་འཇུག་བྱ་ཡུལ། མི་རིགས་རིག་གནས་དྲིལ་སྒྲོག་དང་དམངས་སྲོལ་རིག་པ་ཞིབ་འཇུག་བྱེད་མུས་མཆིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com