བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་བསམ་གཞིགས་ཐོར་བུ།
བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་བསམ་གཞིགས་ཐོར་བུ།
ནང་དོན་གནད་བསྡུས། བོད་ཁུལ་ནི་ཀྲུང་གོའི་ཆེས་གདོད་མ། ཆེས་ཁྱད་ལྡན། ཆེས་ཆེན་པོའི་རུ་འབྲོག་རིག་གནས་ཁྱབ་ཁོངས་སུ་གཏོགས་ཤིང་། འཛམ་གླིང་སྟེང་ཆེས་འཛི་ཆེ་བ། ཆེས་ཁྱད་ཆོས་འབུར་ཐོན་ཡིན་པའི་ཆོས་ལུགས་རིག་གནས་མཉམ་འདུས་ས་ཆ་ཁོ་ན། དེའི་མཚུངས་སུ་ཀྲུང་ཧྭ་དཔལ་ཡོན་གྱི་འབྱུང་ཁུངས་ཡིན། འཛམ་གླིང་སྟེང་ཆེས་ཕྱུག་པའི་སྲོལ་རྒྱུན་རིག་གནས་རྒྱབ་ལྗོངས་དང་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་སྣ་མང་གི་མི་རིགས་རིག་གནས་ཤུལ་བཞག་ཡོད། བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་ནི་བོད་ཀྱི་རིག་གནས་གཙོར་བྱས་ཏེ། མི་རིགས་མང་བ། ཆོས་ལུགས་མང་བ། རིག་གནས་མང་བའི་ཕན་ཚུན་ཟུང་འབྲེལ་གྱི་གདོན་མའི་རིག་གནས་ཡིན་ལ། བོད་ཁུལ་གྱི་རིགས་སོ་སོའི་མི་རིགས་ཀྱི་གསར་སྐྲུན། མཉམ་སྤྱོད། རྒྱུན་སྐྱོང་གི་རིག་གནས་ཤུལ་བཞག་ཡིན། ལོ་འགའི་ནང་། རང་རྒྱལ་གྱི་རིམ་པར་རིག་དངོས་དང་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཁག་ཅིག་ཁྱབ་བསྒྲགས་བྱས། དེའི་ནང་མང་ཆེ་ཤོས་བོད་ཁུལ་མི་རིགས་རིག་གནས་ཤུལ་བཞག་གང་མང་ནང་ཚུད་བྱུང་བས། སྲུང་སྐྱོབ་འགན་འཁྲི་སྔར་བས་གལ་འགངས་ཆེ།
གནད་ཚིག བོད་ཁུལ། མི་རིགས་རིག་གནས་ཤུལ་བཞག སྲུང་སྐྱོབ།
རང་རྒྱལ་བོད་ཁུལ་ས་རྒྱ་ཆེ་བ། ལོ་རྒྱུས་ཡུན་རིང་བ། རིག་གནས་མུ་ཏིག་ལྟར་འོད་འཚེར་བ། རི་རླུང་མཛེས་བ། དེར་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་སོགས་ཀྱི་ས་ཆ་ཁ་ཤས་འདུ། དེ་ལ་དངོས་བོའི་རིག་གནས་ཤུལ་བཞག་དང་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་གཉིས་སུ་གྲུབ། དེ་ནང་དངོས་བོའི་རིག་གནས་ཤུལ་བཞག་ལ། གནའ་བོའི་མཁར་ཤུལ། བང་སོ། འཛུགས་སྐྲུན། སྒྲུབ་ཕུག རྡོ་བརྐོས། བྲག་བརྐོས། ལྡེབས་རིས་སོགས་སྤོ་སྣུར་བྱེད་མི་ཐུབ་པའི་རིག་དངོས་དང་ལོ་རྒྱུས་སྟེང་གི་དངོས་བོ། སྒྱུ་རྩལ་ཡོ་ཆས། ཚགས་ཡིག ཕྱག་བྲིས་སོགས་སྤོ་སྣུར་བྱེད་པའི་རིག་དངོས། ལོ་རྒྱུས་རིག་གནས་མིང་གྲངས་མཁར་རྫོང་། མཁར་ཁུལ། སྲང་ལམ་དང་སྡེ་གྲོང་སོགས་འདུ། དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་ནི་ངལ་རྩོལ་མི་དམངས་ཀྱི་མི་རབས་ནས་མི་རབས་བརྒྱུད་དེ་འཚོ་བཞེས་ལ་འབྲེལ་བ་དམ་པོ་ཡོད་པའི་རིག་གནས་ཕྱིར་འགྲེམ་སྟོན་རྣམ་སྣ་ཚོགས་སྟེ(དམངས་སྲོལ་བྱ་འགུལ། འཁྲབ་སྟོན་སྒྱུ་རྩལ། སྲོལ་རྒྱུན་ཤེས་བྱ་དང་ལག་རྩལ། དེའི་དང་འབྲེལ་ཡོད་ཀྱི་ཡོ་བྱད། དངོས་པོ། ལག་བཟོའི་ཐོན་ཆས་སོགས་དང་རིག་གནས་ཁྱབ་ཁོངས་འདུ། དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་དང་དངོས་བོའི་རིག་གནས་ཤུལ་བཞག་གིས་འགྲོ་བ་མིའི་སྤྱི་ཚོགས་དཔལ་ཡོན། འཛམ་གླིང་རིག་གནས་སྣ་མང་རང་བཞིན་མཉམ་འདེགས་མངོན་འགྱུར་བྱེད།
༡ བོད་ཁུལ་གྱི་དངོས་བོའི་རིག་གནས་ཤུལ་བཞག
(༡)གནའ་མི་རིག་གནས་རྗེས་ཤུལ།
མཚོ་སྔོན་ས་ཆའི་ཆེས་ཐོག་མའི་རྡོ་ཆས་རྙིང་བའི་རྗེས་ཤུལ་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་སྲིད་ཨུའི་ཤར་ལྷོའི་ཚྭ་འདམ་ཆུང་བའི་གཞོངས་སའི་ཚྭ་འདམ་མཚེའུ་རྗེས་ཤུལ་ཡིན། རྗེས་ཤུལ་འདི་ད་ལྟའི་བར་ལོ་ངོ་ཁྲི་གསུམ་ཡས་མས་འདས་ལ་མུས་རྒྱ་དཔངས་ཁྲི་བཅུ། མིས་བཟོ་རྡོ་ཆས་སྣ་ཁ700ཉར་ཚགས་བྱས། དེ་ནང་། རྡོ་སྟར། རྡོ་ལེབ། རྡོ་ཆས་གསུམ་ཡོད། རྡོ་བཟོ་ལག་ཆ་འདི་དག་གིས་དུས་དེབ་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁུངས་ལུང་གལ་ཆེན་འདོན་སྤྲོད་བྱས་བ་མ་ཟད་མིའི་རིགས་འཚོ་བཞེས་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་འགྱུར་ལྡོག་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན། མཚོ་སྔོན་མངའ་ཁོངས་སུ་འཚོལ་ཞིབ་བྱུང་བའི་གནའ་བོའི་རིག་གནས་རིགས་སྣ་མཱ་ཇ་ཡོ་རིག་གནས། ཆུ་ཀྱཱ་རིག་གནས། ཁ་ཡོ་རིག་གནས། 辛店རིག་གནས། ནོ་མོ་དཔུང་རིག་གནས་དང་རྫོང་རི་རིག་གནས་སོགས། དེ་དག་ལས་རྡོ་ཆས། རྫ་ཆས། རུས་ཆས། ཟངས་ཆས་དང་དར་སྐུད། བལ་ཆས། ཤོལ་ཆས་སོགས་ཀྱི་རིག་དངོས་ཕྱིར་སྔོགས་བྱུང་། དེ་ནང་རྫ་ཆས་ཁ་གྲངས་ཅུང་མང་། གཅེར་བུའི་མིའི་གཟུགས་ཇ་དམ། བྲོ་གར་དཔར་བའི་རྫ་ཕོར། ཟུང་མིའི་དངོས་སྐྱེལ་རྫ་ཕོར་སོགས་སྐྱེ་འགྲོ་ཡོངས་ཀྱི་མིག་དབང་འཕྲོག དེ་བས། མཚོ་སྔོན་ཞིང་ཆེན་ལ་རྫ་ཆས་རྒྱལ་ཁམས་ཞེས་བའི་མཚན་སྙན་ཐོགས།1955ལོ། ན་གོར་མོ་ཞིང་རྭ་ནས་ད་ལྟའི་བར་ལོ་ངོ600ཡོད་པའི་ཡོན་རྒྱལ་རབས་ཀྱི་ཤོག་སྒོར་ཐུམ་གཅིག་རྙེད།
འདི་ནི་མཚོ་སྔོན་ཞིང་ཆེན་ཐོག་མར་རྙེད་བའི་ཡོན་རྒྱལ་རབས་ཀྱི་ཤོག་སྒོར་ཡིན་ལ་ཡོན་རྒྱལ་རབས་ཀྱི་ཤོག་སྒོར་རིན་ཆེས་རིན་ཐང་ལྡན་ལ་ཟིན་གྱི་སྟོང་ཆ་བསྐངས་བ་མ་ཟད་ཞིབ་འཇུག་གི་རིན་ཐང་དེ་བས་ལྡན་པ་རེད། དེ་ལས་གཞན། རུ་འབྲོག་རིག་གནས་ཅུང་དར་ཁྱབ་ཆེ་བའི་ས་ཆར་གཏོགས་པའི་མཚོ་སྔོན་གྱི་ན་གོར་མོའི་འབྲོང་ལུང野牛沟、哈龙沟 ཧ་ལུང་།卢山ཐེམ་འཕོངས་ཀྱི་སོགས་སུས་རྡོ་བརྐོས་དང་བྲག་བརྐོས། རི་དྭགས་ཀྱི་གཟུགས་རིས། རྔོན་པའི་ཡུལ་དངོས་དང་དོ་དམ་མི་སྣ་མང་བོ་ཡོད། དེའི་གདོད་མའི་མིའི་རིགས་ཀྱི་འཚོ་བའི་ཐོན་སྐྱེད་མཚོན་པ་རེད།
མཚོ་སྔོན་ས་འོག་ཏུ་ཟངས་ཆས་ཁྲོད་དུ་ཟངས་ཀྱི་མེ་ལོང་། ཟངས་ཀྱི་ལག་རྟེན། ཟངས་ཕུབ་སོགས་ཕྱིར་བུད། ཆེས་མིང་དུ་གྲགས་པའི་གསར་རྙེད་ནི་ཀོས་ནན་རྫོང་དཀར་མ་ཐང་བང་ཨོ་ཨང25བ་ལས་ཐོན་པའི་ཟངས་ཀྱི་མེ་ལོང་དེ་ཡིན། མེ་ལོང་དེའི་རིང་ཚད་ལ་སྨི0.4། རྒྱབ་ན་སྒྲོག་མིག་ཡོད་ལ་འཐབ་ཞེང་ཕྲ་ཁུང་གཉིས་བཏོད་ཡོད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་ཞིབ་འཇུག་ཁང་གི་རྫས་འགྱུར་འོད་འཁྲི་དབྱེ་དབྱེད་བྱས་བ་ལྟར་ན། ཟངས་དང་གཞན་ཉེའི་བསྡུར་ཚད1:0.096ཡིན་ལ་གཞའ་ཉེའི་ཚད10%ཟིན། ཟངས་ཆས་དུས་སུ་གཏོགས་པར་བཞེད། འདི་ནི་རང་རྒྱལ་གྱི་ཆེས་སྔ་བའི་ཟངས་ཆས་མེ་ལོང་ཐོག་མ་ཡིན་ལ་རང་རྒྱལ་གནའ་བའི་བཙོ་སྦྱང་ཐད་ལོ་རྒྱུས་རང་བཞིན་གྱི་དགེ་མཚན་ལྡན།
གནའ་རྫས་བརྟག་དཔྱད་བརྒྱུད། བོད་ལྗོངས་ཀྱི་ལྷ་ས། ལྷོ་ཁ། ཆབ་མདོ། ཉིང་ཁྲི། མེ་ཏོག་རྫོང་སོགས་ས་ཆར་ཡང་རྡོ་ཆས་གསར་རྙིང་སྐབས་ཀྱི་གནའ་ཤུལ་གྲགས་ཅན་མང་བོ་གསར་རྙེད་བྱུང་། དེ་དག་ལས་རྡོ་ཆས་གསར་རྙིང་སྐབས་ཀྱི་གནའ་ཤུལ་གྲགས་ཅན་མང་བོ་གསར་རྙེད་བྱུང་། དེ་དག་ལས་རྡོ་ཆས་ཟླུམ་གོར་ཅན། བརྡར་བསྲེག་ཅན་གྱི་རྡོ་འབིགས། རྡོ་ཡི་རྟེའུ། དྲ་གོར་ཅན་གྱི་གཞོགས་གྲི་དང་བཙིར་ཆས་སོགས་ཀྱི་རྡོ་ལེབ་སྣ་ཚོགས། རྫི་ཆས་ལ་འཇིམ་བཟོས་དང་རྡོ་ཟེགས་འདྲེས་མ་སྣ་ཁ་གཉིས་ཡོད། གཙོ་བོ་བུམ་པ་ཅན། སྡེར་མ་ཅན། གཏོར་གཟུགས་ཅན་གསུམ་འདུ། ལས་ཐབས་ནི་ལག་བཟོས་ཡིན། ཡོ་ཆས་འདེ་འཇམ་དང་བརྡར་ན་འོད་འཁྱུག་ལྡན་པ། ཁྲ་རིས་བརྐོས་མ་དང་སྐ་རགས་ཀྱི་ཁྲ། དར་སྐུད་དང་སོག་ལེ་ཁྲ་བརྒྱབ་ཡོད་ལ་རྫ་ཆས་ངོས་སུ་དུ་བདག་བའི་ཉིང་ཁྲིའི་རྗེས་ཤུལ་ཁྲོད་ཐོན་པའི་རྡོ་ཆས་གྲི་འབིགས་སོགས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཀྱཱ་རིག་གནས་རྗེས་ཤུལ་ཁྲོད་དུ་གང་མང་རྙེད་ཐོན་བྱུང་། རྫ་ཆས་ཀྱི་རྒྱུ་ཆ་དང་དབྱིབས་གཟུགས། ཁྲ་རིས་ཐ་དག་ཡང་ཆུ་ཀྱཱ་རིག་གནས་འདྲ་མཚུངས་ཡིན་པས། བོད་ལྗོངས་ས་ཆ་ཡང་མདོ་དབུས་མཐོ་སྒང་སྟེང་གནའ་བོའི་མིའི་རིགས་འགུལ་སྐྱོད་རྗེས་ཤུལ་གལ་ཆེན་ཡིན་པ་ར་སྤྲོད་བྱུང་ལ་ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་དུ་རྡོ་ཆས་གསར་བའི་དུས་རབས་སུ་བསླེབས་ཤིང་རིག་གནས་སྟེང་གནའ་སྔ་མོ་ནས་བཟུང་རྨ་ཆུའི་བཞུར་རྒྱུད་ཐད་ཀར་འབྲེལ་འདྲིས་དམ་པོ་ཡོད་པ་རེད། རྩུབ་ཧྲལ་ཐབས་ཆག་གི་རྡོ་ཆས་རྙིང་བ་ནས་ཁབ་མིག་བརྡར་བའི་རྡོ་ཆས་གསར་བ། རི་དྭགས་བརྔོན་པ་ནས་གདོད་མའི་ཞིང་ཕྱུགས་ཐོན་སྐྱེད་གཉེར་བ། བྲག་ཕུག་ཕྱི་བསྡོད་ནས་སྡེ་ཆགས་ཁང་བཞེངས། གཅན་གཟན་པགས་རིགས་གྱོན་པ་ནས་འཁེལ་ཐག་འཚེམ་བཟོ་དང་རྫ་ཆས་ལས་སྣོན། བོད་ཁམས་གདོད་མའི་རིག་གནས་ཀྱི་འཕེལ་རྒྱས་ནི་བོད་ཁུལ་ཕ་མེས་ཡང་མེས་དང་རྒྱ་རིགས་གཙོ་ཡིན་པའི་རྨ་ཆུ་འབབ་རྒྱུད་ཀྱི་རིགས་སོ་སོའི་ཡབ་མེས་ཕན་ཚུན་བར་ཤུགས་རྐྱེན་ཐེབས་པ།ཕན་ཚུན་བར་སྙིགས་དོར་བཅུད་ལེན། དཀའ་ངལ་ཁྱད་བསད་ལས་ཐོན་པའི་མཇུག་འབྲས་ཡིན་པ་གསལ་བཤད་བྱས།
﹙༢﹚རྒྱུན་གནས﹙ཤུལ་བཞག﹚རིག་རྫས།
བོད་ཁམས་ནི་གནའ་བོའི་ཆེས་ཆེན་པོའི་རུ་སྤོའི་རིག་གནས་ཁྱབ་ཁོངས་ཀྱི་དཔེ་མཚོན་ཡིན་པ་མ་ཟད་ཆོས་ལུགས་རིག་གནས་རྩ་བ་མཐུག་པའི་འབྲེལ་མཚམས་གཙོ་ཡུལ་ཞིག་ཀྱང་ཡིན། ས་ཆ་འདི་དག་ཏུ་ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་ཐུན་མོང་དང་ཆོས་ལུགས་མི་སྣ་ཧ་ཅང་མང་བ། ཕལ་ཆེར་དམངས་ཡོངས་ཆོས་དད་མོས་བ་ཡིན་མཐར་ཕུན་སུམ་ཚོགས་པའི་ཆོས་ལུགས་རིག་གནས་ཤུལ་བཞག་རིག་རྫས་མང་བོ་ཡོད་ལ་དགོན་སྡེ་འཛུགས་སྐྲུན་དང་ཆོས་ལུགས་རྒྱུན་གནས་རིག་རྫས་རྣམ་པ་གཉིས་སུ་བགར་ཆོག
དགོན་སྡེའི་འཛུགས་སྐྲུན་ཁྲོད། བོད་ལྗོངས་ཕོ་བྲང་པོ་ཏ་ལ། ལྷ་ལྡན་གཙུག་ལག་ཁང། ཇོ་ཁང་དང་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་། རོང་བོ་དགོན་ཆེན། བྱ་ཁྱུང་དགོན་སོགས་མཚན་སྙན་ཀུན་ཏུ་ཁྱབ། ཆོས་ལུགས་རིག་རྫས་ནང་འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆ། ལྷ་སྐུ། ཐང་ག རྡོ་བརྐོས། གླེགས་བམ་སོགས་འདུ། དེ་དག་སོ་སོ་དགོན་སྡེ་རུ་ཉར་ཚགས་བྱས་ཡོད། དེ་ནང་གི་རྔ་དང་དུང་། ཙི་དང་ཞྭ་འབག་སོགས་མཆོད་ཆས་ལ་དེ་བས་གཟི་ཉམས་ལྡན། གསེར་དངུལ་ཟངས་སྐུ། ཐང་ག གཙགས་གྲུབ། ལྡེབས་རིས་དང་ཞལ་ཐང་སོགས་ཀྱི་ལག་བཟོའི་ཆུ་ཚད་ཧ་ཅང་མཐོ། མང་ཆེ་ཤས་རྒྱུན་གནས་རིག་རྫས་ཡིན་པས་རང་རྒྱལ་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་རྫས་མིང་ཐོ་རུ་འཁོད།
མཚོ་སྔོན་ལ་མཚོན་ན། མི་རིགས་མང་བོ་འདུས་སྡོད་དང་ཕན་ཚུན་མཉམ་དུ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱིས་མི་རིགས་མང་བོའི་དམངས་སྲོལ་རིག་དངོས་བསྐྲུན། དེ་ལས་འཚོ་བའི་ཡོ་བྱད། མི་རིགས་གྱོན་ཆས། དམངས་སྡོད་འཛུགས་སྐྲུན། སྲོལ་རྒྱུན་མཛེས་རྩལ་སོགས་སྣ་ཁ་ཧ་ཅང་མང་། དེ་ནང་བོད་ཀྱི་སྦྲ་ནག ཧོར་རིགས་གྱི་གོན་པ། སོག་པོའི་དངུལ་རྒྱུའི་འཚོ་བའི་ཡོ་ཆས། ཟ་ལར་རིགས་ཀྱི་སྡོད་ཁང་སོགས་ལ་འབུར་དུ་ཐོན་པའི་མི་རིགས་ཀྱི་ཁྱད་ཆོས་དང་ཁྱད་པར་ཅན་གྱི་རྒྱུ་ཆ། ཚད་ལས་བརྒལ་བའི་ལག་ཤེས་བཟོ་རྩལ་འཛོམ་པའི་མཆོག་ཏུ་གྱུར་བའི་ཤུལ་རྫས་ཡིན། མི་རིགས་སོ་སོའི་དམངས་སྲོལ་རིག་རྫས་འདི་དག་བོད་ཁམས་སུ་དར་ཁྱབ་ཏུ་སོང་ཡོད་ལ་ཚང་མ་དངོས་བོ་མ་ཡིན་པའི་རིག་དངོས་ཁོངས་སུ་གཏོགས་ཤིང་ས་ཁོངས་ཁྱད་ཆོས་དང་མི་རིགས་ཁྱད་ཆོས་མངོན་གསལ་ཡིན། མི་རབས་ནས་མི་རབས་བརྒྱུད་པའི་ཧ་ཅང་དཀོན་པའི་རིག་གནས་ཤུལ་རྫས་ཀྱང་ཡིན།
གཉིས་བ། བོད་ཁམས་གྱི་དངོས་བོ་མ་ཡིན་པའི་རིག་རྫས།
བོད་ཁམས་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཡོང་ཁུངས་བོད་ཁུངས་མི་དམངས་མང་ཚོགས་སྔར་གནས་ཀྱི་ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་ཀུན་སྤྱོད་ལྟ་བ། མཛེས་དཔྱོད་བྲོ་བ་དང་སྒྱུ་རྩལ་ཁྱད་ཆོས་འབུར་ཐོན་ཡིན་ལ། རླབས་ཆེན་མི་རིགས་ཀྱི་སེམས་པའི་འགྲིལ་ཤུགས་དང་གཟི་མདངས་མངོན། དེ་ནང་སྐོར་ཁག་གང་མང་ཞིག་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད། དེ་མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས། མི་དང་མི་བར་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་ཟབ་མོ་ལྡན་པ་མ་ཟད་རྒྱལ་གཅེས་དམངས་ཕན། ཁ་ཐོག་ལག་བཞག དཀའ་སྤྱད་འབད་བརྩོན། བློ་ལྡན་སྤྱང་གྲུང་སོགས་སྲོལ་རྒྱུན་ཀུན་སྤྱོད་བཟང་བོའི་རྒྱུ་རྐྱེན་འཛོམས། དེའི་ནང་དམངས་ཁྲོད་རྩོམ་རིག་སྲོལ་རྒྱུན་རོལ་མོ། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། སྲོལ་རྒྱུན་ལུས་རྩལ། སྲོལ་རྒྱུན་སྤེ་ག་དང་འཁྱུག་རྩལ། སྲོལ་རྒྱུན་རི་མོ། སྲོལ་རྒྱུན་དྲག་རྩལ། སྲོལ་རྒྱུན་སྨན་བཅོས་དང་དམངས་སྲོལ་སོགས་འདུ།
བོད་ཁམས་ཀྱི་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཁྲོད། བོད་ཀྱི་དཔའ་བོའི་སྙན་རྩོམ་རིང་མོ《གེ་སེར》ནི་འཛམ་གླིང་སྟེང་གི་བར་ཆེས་རིང་བའི་དཔའ་བོའི་སྙན་རྩོམ་རིང་མོ་ཡིན། སོག་རིགས། ཧོར་རིགས། པའེ་རིགས་སོགས་མི་རིགས་ཁྲོད་དུ་དར་ཁྱབ་བྱུང་སྟེ། སོག་རིགས་ཀྱི《གེ་སུ་ར》དང་ཧོར་རིགས་ཀྱི《ཀུ་ས་འར》སོགས་གླུ་མ་གཏམ་གྱི་ལོ་རྒྱུས་རིང་མོ་ཡོད་པར་གྱུར། དེའི་མཚུངས་དུ། ཨུ་རུ་སུ། ཨ་མེ་རི་ཀ དབྱིན་ཇི་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ཏུ་དར་ཁྱབ་རྒྱ་ཆེན་བྱུང་ཞིང་དབྱིན་ཡིག འཇར་མན། འཇར་པན། ཨུ་རུ་སུ། ཧྥ་རན་སི། རྒྱ་གར་དང་སོག་ཡིག་འགྱུར་མའི་དཔར་སྐྲུན་འགྲེམ་སྤེལ་བྱུང་། གཟི་འོད་འབར་བའི་གླེགས་བམ་འདི་བོད་ཀྱི་རྩོམ་རིགས་ལོ་རྒྱུས་སྟེང་གོ་གནས་ཆེན་པོ་ཟིན་པ་མ་ཟད་ཀྲུང་ཧྭ་མི་རིགས་རིག་གནས་དང་མཛོད་ཁྲོད་བླ་མེད་མུ་ཏིག་ལྟ་བུ་ཡིན། དེ་ལས་གཞན། བོད་སྨན། བོད་ཀྱི་ཟློས་གར། བོད་ཀྱི་ཞབས་བྲོ། བོད་ཀྱི་ས་གདན་འཐག་བཟོ། བོད་ཀྱི་གྲི་ཆས་བཟོ་རྩལ་སོགས་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཡང་འཛམ་གླིང་གི་སྲིད་རྩེར་གཡོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com