བོད་སྐད་ཀྱི་སྦྱོར་བ་ལས་སྐད་ཆའི་ནང་གི་གནས་སྐབས་བཤད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-03 10:07:00
ཀློག་གྲངས།:
དོན་ཚན་གཉིས་པ། ཚིག་གི་སྦྱོར་སྟངས་བཤད་པ།
སྤྱིར་ཚིག་ཅེས་པའི་དོན་ལ། མིང་ཚིག་ཡི་གེ་གསུམ་གྱིས་ཕྱེས་པའི་ཚིག་དང་། མིང་གི་ཁོངས་གཏོགས་རྗོད་བྱེད་ཀྱི་སྒྲ་ཙམ་ལ་བཏགས་པ་གཉིས་ཡོད་ལ། བྱ་ཚིག་ཞེས་པའི་ཚིག་ནི་ཕྱི་མར་གཏོགས་པ ། གོང་དུ་བརྗོད་ཟིན་པ་དང་། འདིར་བཤད་པའི་ཚིག་ནི་སྔ་མའོ། །སྒྲ་ཚད་ཀྱི་གཞུང་སོགས་སུ།དོན་གྱི་ངོ་བོ་སྟོན་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག་ཅེས་པའི་ཚིག་གི་མཚན་གཞིར། བུམ་པ་མི་རྟག་པའོ། །ཞེས་དང་། བུམ་པའི་མི་རྟག་པ་ཞེས་པར་རིགས་གཉིས་ཡོད་ཀྱང་། སྔ་མ་ནི་བརྡ་སྤྲོད་སྤྱིའི་ལུགས་ལ་ཚིག་མཚན་ཉིད་པ་ཡིན་ཡང་། ཕྱི་མ་ནི་བརྗོད་བྱའི་དོན་མ་རྫོགས་པས་མིང་གི་ཁོངས་སུ་གཏོགས་པ་ཡིན། ཞེས་བོད་ཀྱི་བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས་སུ་གསུངས་པ་བཞིན་སྐབས་བབ་ཀྱི་བརྗོད་བྱའི་དོན་རྫོགས་པར་སྟོན་པ་ནི་བརྡ་སྤྲོད་སྤྱིའི་ལུགས་ཀྱི་ཚིག་ཡིན་ཞིང་།བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ། བརྡ་སྤྲོད་པའི་གཞུང་གི་ཚིག་ལ་མཚན་ཉིད་བཞག་པ་ནི། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བའི་མཐར་གསལ་བྱེད་ཀྱི་སྒྲ་ཞིག་སྦྱར་ཞིང་། པ་བ་སོགས་ཀྱི་མིང་མཐའ་དང་བྲལ་བའི་སྐབས་བབ་ཀྱི་བསྟན་བྱ་རྫོགས་པར་སྟོན་པའི་གདངས་ཀྱི་འདེགས་འཇོག་གསལ་བའི་རྗོད་བྱེད་ཀྱི་སྒྲ་ཞིག་ལ་དགོས་སོ། །[10]ཞེས་པ་དེ་ཡིན་པ་དང་། སྐུ་ཞབས་ནོར་བུ་རྒྱ་མཚོས། ཚིག་ཅེས་པ་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་སྐད་ཆའི་སྡེ་ཚན་ཞིག་ཡིན། དེ་ཡང་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་ན་ངེས་པར་ཚིག་མཇུག་ཏུ་ཡིན་དང་ཡོད་ལྟ་བུའི་གྲུབ་ཚིག་གམ་མིན་དང་མེད་ལྟ་བུའི་དགག་ཚིག་དང་། ཡང་ན་བྱ་ཚིག་ངོ་མའམ་བྱ་ཚིག་གི་རྗེས་མཐུན་པ་གང་རུང་ཞིག་གིས་སྟོན[11]དགོས་ཚུལ་བརྗོད་ཡོད་པ་སོགས་ནི་དོན་གཅིག་ལ་གཞོལ་ཡང་། ཟླ་བའི་འོད་དང་། གློག་གི་འོད། ཉི་མའི་འོད་སོགས་ནི་དོན་གྱི་ངོ་བོ་དང་ཁྱད་ཆོས་ལྷན་དུ་སྦྱར་ཡང་བྱ་ཚིག་གིས་སྟོན་པ་མིན་པས་མིང་ལས་ཚིག་ཏུ་མི་འགྲོ་ལ། མི་གཞན་ཞིག་གིས་འདི་ཅི་རེད། ཟླ་བའི་འོད་དམ་ཉི་མའི་འོད་ཅེས་དྲི་བའི་ལན་དུ། ཉི་མའི་འོད། ཅེས་སྨྲས་ན་དེ་ལ་ཟུར་དོན་ཉི་མའི་འོད་རེད་ཅེས་པའི་བྱ་ཚིག་རྗེས་མཐུན་པ་ཞིག་དངོས་སུ་མ་སྨྲས་ཀྱང་དོན་ལ་འོངས་པས་ཚིག་ཏུ་གྱུར་པ་ནི་གནས་སྐབས་ལ་བརྟེན་པ་དང་། དེ་བཞིན་དུ་མཛེས་པའི་མེ་ཏོག་ལྟ་བུར་རྣམ་དབྱེ་རྐྱེན་ཡོད་ཀྱང་མིང་ཡིན་ལ། མེ་ཏོག་མཛེས་ཞེས་པ་རྣམ་དབྱེའི་རྐྱེན་མེད་ཀྱང་ཚིག་ཏུ་འགྲོ་བས་སྒྲའི་གཞུང་དུ་རྣམ་དབྱེ་མེད་པ་ནི་མིང་ངོ། །རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ་ཅེས་པ་ལེགས་སྦྱར་གྱི་བརྡ་ལ་དེ་ལྟར་འབྱོར་མོད། བོད་རང་གི་བརྡ་སྤྲོད་ཀྱི་ལུགས་ལྟར་ན་དེ་ལྟར་སྦྱོར་མི་རུང་ངོ། །ཡང་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ། ཚིག་གི་བསྟན་དོན་ནི་རང་འགྲུབ་བྱེད་ཀྱི་མིང་དུ་མ་འདུས་པ་ཙམ་གྱི་དོན་རགས་པ་དེ་ཁོ་ན་མིན་པར། གནས་སྐབས་བརྗོད་འབྲེལ་དང་། ཚིག་མང་པོའི་ཆ་ནས་དཔྱད་ཅིང་རྟོགས་པར་བྱ་དགོས[12]ཞེས་བརྗོད་པ་ལྟར། ཚིག་ནི་སྐད་ཆའི་འབྲེལ་འདྲིས་ཁྲོད་ཀྱི་ཆེས་ཆུང་བའི་སྡེ་ཚན་ཞིག་ཡིན་གཤིས། ཚིག་འགའི་བསྟན་དོན་ནི་ཚིག་སྦྱོར་དངོས་ལ་ཞུགས་ཏེ་གོང་འོག་འདྲེས་པར་བཟུང་ནས་ཁྱོན་ཡོངས་ནས་གཞིགས་ན་གོ་ཐུབ་པ་ལས་ཆ་ཤས་སོ་སོ་ནས་བཟུང་ན་གོ་ལོག་ཏུ་མི་འགྲོ་བའི་ངེས་པའང་མེད། དེ་བས། བརྗོད་འབྲེལ་གནས་སྐབས་ལ་བརྟེན་ནས་ཚིག་གི་བསྟན་དོན་གྱི་གོ་བ་ལེན་པར་རམ་འདེགས་བྱེད་ཐུབ་པར་མ་ཟད། ཚིག་འགྲོས་སམ་ཚིག་གི་སྒྲིག་གཞི་དང་། ཚིག་སྡུད་བྱེད་སྟངས། སྦས་པའི་དོན་དག་གསལ་བར་བྱེད་པ། གཏན་ཚིགས་ཀྱི་འབྲེལ་བ་བརྟག་པ་སོགས་ལ་ནུས་པ་ཐོན་པས་རེ་རེ་བཞིན་བཀྲལ་ན།
དང་པོ། བརྗོད་འབྲེལ་གྱི་གནས་སྐབས་ལ་བརྟེན་ནས་བསྟན་དོན་འཁྲུལ་མེད་དུ་གོ་ཐུབ་པ།
བརྗོད་འབྲེལ་གནས་སྐབས་ཀྱིས་ཚིག་གི་དོན་ལ་གནས་སྐབས་ཀྱི་རམ་འདེགས་བྱེད་ཐུབ་པ་ཡིན་པས་རིམ་པར་བརྗོད་ན།
༡ དམིགས་གསལ་གྱི་ཚིག་གི་སྦྱོར་བར་གོ་བ་ལེན་ཐུབ་པ། རྩོམ་འབྲི་བ་དང་སྐད་ཆ་བཤད་པའི་ཁྲོད་ཚིག་འགའ་ཞིག་ནི་སྤྱིར་བཏང་གི་སྦྱོར་བ་དང་མི་མཐུན་པར་སྐད་ཆའི་གོམས་སྲོལ་དང་གཏན་ཚིགས་སོགས་ལ་འགལ་བ་ལྟར་དུ་སྣང་ཡང་། བརྗོད་འབྲེལ་གནས་སྐབས་ཀྱི་ཁྲོད་སྐད་ཆའི་རྒྱུ་རྐྱེན་གཞན་དང་། ཡང་ན་སྐད་ཆའི་ཕྱིའི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ཏེ་དེ་དག་གསལ་བར་བྱེད་པར་མ་ཟད།སྒྱུ་རྩལ་གྱིས་ཕྱུག་པར་འགྱུར། དཔེར་ན། དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞལ་ནས།ངག་གི་རང་བཞིན་འདོད་པ་འཇོ་བའི་བ།།དབང་བོ་མཁས་པའི་ཁྲི་ལ་འཛེག་པའི་སྐབས།།ནོར་འཛིན་སྒེག་མོའི་རྣ་ལུང་སྙན་ཚིག་ལ།།བུ་ཁྱོད་སྨྲ་བའི་མགྲིན་པ་ཡངས་པོར་གྱིས།།ཞེས་པ་འདིའི་དོན་ནི།ངག་གི་རང་བཞིན་འདོད་འཇོའི་བ་མོ་ལྟར་འགྱུར་བའི་རྒྱུ་དང་། མཁས་པའི་དབང་བོའི་ཁྲི་ལ་འཛེག་བྱེད་ཀྱི་སྐས་དང་། ནོར་འཛིན་སྒེག་མོ་མཛེས་པར་བྱེད་པའི་རྣ་ལུང་སོགས་ནི་སྙན་ཚིག་ཁོ་ན་ཡིན་པས། བུ་ཁྱོད་སྙན་ཚིག་སྨྲ་བའི་མགྲིན་པ་ཡངས་པོར་གྱིས་ཤིག་ཅེས་པའོ། །སྤྱིར་དབང་བོ་མཁས་པ་ཞེས་པ་ནི་བརྗོད་ལུགས་ལྟར་ན་མཁས་པའི་དབང་བོ་ཞེས་བྲིས་ན་འགྲིག་ལ། བོད་སྐད་ཀྱི་ཚིག་གི་སྦྱོར་བ་དང་སྐད་ཆའི་གོམས་སྲོལ་དང་མི་མཐུན་པའི་ཚིག་སྐྱོན་ལྟ་བུ་སྣང་ཡང་། ཚིགས་བཅད་རིལ་བོའི་ཆ་ནས་བལྟས་ན་ཚིག་གི་སྡེབ་ལེགས་ཤིང་ཉམས་ཐོན་པར་མ་ཟད། ཚིག་སྦྱོར་གོང་འོག་ལ་བརྟེན་ནས་དོན་གསལ་བར་སྟོན་ཐུབ། ཡང་གཏམ་པདྨའི་ཚལ་གྱི་ཟློས་གར་ལས།མཛེས་ཀྱང་མི་རྟག་འཁོར་བའི་མཚན་ཉིད། །འབྱོར་ཀྱང་མི་རྟག་སྒྱུ་མའི་ལོངས་སྐྱོད།།སྤྱད་ཀྱང་མི་ངོམས་འདོད་ཡོན་བསླུ་བྲིད།།སྙིང་བོ་མེད་པ་འཁོར་བའི་གནས་ལགས།།ཞེས་པ་འདི་ཡང་གོང་དུ་བཤད་པ་དང་མཚུངས་ཏེ་ཡོངས་སུ་གྲགས་པའི་ཚིག་འགྲོས་ལྟར་ན། འཁོར་བའི་མཚན་ཉིད་མཛེས་ཀྱང་མི་རྟག །སྒྱུ་མའི་ལོངས་སྤྱོད་འབྱོར་ཀྱང་མི་རྟག །འདོད་ཡོན་བསླུ་བྲིད་སྤྱད་ཀྱང་མི་ངོམས། །འཁོར་བའི་གནས་ནི་སྙིང་པོ་མེད་ལགས། །ཞེས་པ་ལྟར་བྲི་དགོས་ཀྱང་། འདིར་རྩོམ་པ་པོས་མི་རྟག་པའི་མཚན་ཉིད་དང་རང་བཞིན་དེ་གསལ་བར་བྱེད་པའི་ཆེད་དུ་དམིགས་བསལ་གྱིས་གོ་བཟློག་སྟེ་ཚིག་གི་ཐོག་མར་སྤོས་ནས་བརྗོད་པས་ཚིག་དོན་གྱི་ནུས་ཤུགས་ནི་གོ་རིམ་ལྟར་བརྗོད་པ་ལས་ལྡབ་འགས་ཇེ་དྲག་ཏུ་སོང་ཡོད་པ་རེད། བརྗོད་འབྲེལ་གྱི་གནས་སྐབས་ལ་བརྟེན་ནས་ཚིག་མགོ་རྔ་གནས་སྤོར་བྱས་པས་བསྟན་དོན་སྔར་ལས་ལྷག་པའི་གོ་བ་སྐྱེ་ཐུབ།
༢ སྦས་དོན་གསལ་བར་བྱེད་པ། སྐབས་འགར།ཚིག་ཁ་ཤས་ཚིག་གོང་འོག་གི་དོན་ལས་ལྷག་པའི་སྦས་དོན་ནམ་ཤུགས་བསྟན་ངེས་ཅན་ཡོད་པས། ཀློག་པ་པོ་དང་ཉན་པ་པོས་ངེས་པར་གནས་སྐབས་ངེས་ཅན་ལ་བརྟེན་ནས་གོ་བ་ལེན་དགོས་པ། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས།ཁྲལ་པ་འཆི་བདག་ཡུལ་དུ་མ་འཁྱོལ་བར།།དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན།།སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག །ཅེས་གསུངས་པའི་ཚིགས་བཅད་འདིའི་དོན་ནི་ཚིག་གོང་འོག་གི་འབྲེལ་བར་བརྟེན་ཏེ།སྦས་པའི་དོན་དགའ་དུས་རིང་དུ་གཏོང་བའི་ཐབས་མེད་པ་ན་སྡུག་དུས་ཐུང་ངུ་གཏོང་བའི་ཐབས་ཀྱང་མེད་ཅེས་པ་ནི་ཚིག་ངོས་སུ་མི་སྣང་ཡང་།ཚིག་དོན་གོང་འོག་གི་འབྲེལ་བར་བརྟེན་པ་ལས་གོ་བ་ལེན་ཐུབ་བོ།།
༣ སྐབས་དོན་རྟོགས་ཐུབ་པ། སྐད་ཆ་འགའ་ཤས་ཤིག་གིས་དོན་མི་འདྲ་བ་མང་པོ་སྟོན་ཆོག་ལ། སྐད་ཆ་རང་ངོས་ཀྱི་གནས་སྐབས་ལ་བརྟེན་ནས་སྐབས་ཐོབ་གྱི་དོན་གོ་རྒྱུ་ཡོད་པས། ཉན་མཁན་དང་ཀློག་མཁན་དག་གིས་གནས་སྐབས་དང་སྦྲེལ་ཏེ་གོ་བ་ཡང་དག་ལེན་ཐུབ་པ་ཡིན།དཔེར་ན། ཨ་ནེ་སྙིད་མོ་ནེ་ཙོས།ཁྱོད་པང་དུ་བུ་དང་རྒྱབ་ཏུ་ཕ་མིང་ཡོད་བསམ་པའི་ལྟག་ཤེད་ཀྱིས་ཕར་ལ་གཅིག་ལབ་ན་ཚུར་ལ་གཉིས་ལན་སློག་གི་འདུག་སྟེ་ཁྱོད་མྱང་སྟོད་རི་ནང་བའི་མནའ་མ་ཡིན་པ་ལས་ལྷག་པ་ང་མྱང་སྟོད་རི་ནང་པའི་མི་ངོ་བུ་མོ་ངོ་མ་ཡིན་པས་མི་ཆོག་ཕྱི་ནང་ལས་ཀའི་འགན་ཚང་མ་འཁུར་གྱི་ཡོད་པ་ཁྱོད་ཀྱིས་ད་དུང་མ་ཤེས་སམ།སྔར་ཕན་ཆད་ཚིག་བརྡ་སྤྲད་པ་ལ་མི་ཉན་ན་ངའི་ལག་བརྡ་སྤྲོད་དགོས་པའི་དུས་ལ་བབ་པ་ཡིན་འདུག་ཅེས་དཔོན་མོ་སྣང་ས་གན་རྐྱལ་ལ་ནམ་ལངས་པ་འདྲ་བ་གཅིག་དང་།ཁ་བུབ་ལ་ས་རུབ་པ་འདྲ་བ་གཅིག་བརྡབས་ནས་བསྒྱེལ་ཐོག་རྒྱུག་པ་ལན་མང་དུ་བརྒྱབ། (《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།)ཅེས་པའི་ཚིག་འདིའི་ནང་གི་ལག་བརྡ་ནི་སྔ་མའི་ཚིག་བརྡ་ལ་ལྟོས་ནས་སྐབས་བབ་ལྟར་གསར་དུ་བཟོས་པ་ཞིག་ཡིན་པས་ལག་གཡུགས་བྱས་ཏེ་བརྡ་བརྒྱབ་པའི་དོན་ལ་གོ་མི་རུང་བར།རྡུང་ཞིང་རྡེག་པའི་དོན་ལ་གོ་ཐུབ་པ་ནི་ཚིག་འབྲེལ་གནས་སྐབས་ལ་བརྟེན་ནས་བྱུང་བ་ཡིན།
༤ དོན་གོལ་བ་སེལ་བ། ཐ་སྙད་གཅིག་ལ་དོན་དུ་མ་མཆིས་པ་ནི་སྐད་ཆའི་སྣང་ཚུལ་ཞིག་ཡིན་མོད། སྐད་ཆའི་གནས་སྐབས་ངེས་ཅན་གྱི་ཁྲོད་དུ་དོན་མང་པོ་བསལ་ཏེ་གཅིག་ཏུ་འགྱུར་ངེས་ལ། སྐབས་འགར། དོན་མང་པོའི་ཐ་སྙད་དེ་ཡང་གནས་སྐབས་དང་སྦྲེལ་ན། ཚིག་རྒྱན་གྱི་ནུས་པ་ཁྱད་པར་བ་ཞིག་ཀྱང་ཐོན་སྲིད། དཔེར་ན། དབྱངས་ལྡན་རིག་པའི་འདོད་འཇོས།ལང་ཚོ་ཡོལ་བའི་མཛའ་གྲོགས་རྒན་པོ་ཁྱོད།ལོ་མང་ཐལ་བའི་སྡོང་སྐམ་རྗེས་འགྲོ་སྟེ།།ཁ་དོག་མི་སྡུག་གཉེར་མས་ཡོངས་ཁེབས་ཤིང་།།རིགས་མཐུན་གཞན་གྱི་གྲལ་ནས་ཕྱུང་བས་སོ།།ཞེས་པའི་ཚིགས་བཅད་འདི་ཚིག་གི་གཅོད་མཚམས་ཀྱི་དབང་གིས་ཤིང་ཞེས་པ་ལྗོན་པའི་དོན་དུ་སྦྱར་ནས་སྡོང་སྐམ་དེ་ཤིང་ལྗོན་པ་རིགས་མཐུན་གསར་སྐྱེས་ཀྱི་གསེབ་ནས་ཕྱུང་བར་བཀྲལ་མོད།དོན་གྱི་ཤིང་ཞེས་པ་དེ་ཚིག་སྔ་ཕྱི་མཚམས་སྦྱོར་པའི་ཚིག་ཕྲད་ཙམ་དུ་སྦྱར་ནས་རྒན་པོའི་བྱད་བཞིན་ལ་གཉེར་མས་ཁེབས་ཤིང་། རང་དང་རིགས་མཐུན་པའི་མི་དར་མ་དག་གི་གྲས་ནས་བུད་དོ་ཞེས་ཤིང་གི་ཚིག་གཅིག་པུ་དེ་དོན་གཉིས་ལ་འཇུག་པ་གནས་སྐབས་ལ་བརྟེན་ནས་སེལ་བའི་ཕྱིར་རོ།།
༥ བསྟན་དོན་གསར་བ་སྐྱེད་པ། བརྗོད་འབྲེལ་གནས་སྐབས་སྤྱད་ན་དོན་འགྱུར་པའི་ཐ་སྙད་ལ་གོ་བ་ལེན་ཐུབ་ཞིང་། སྐད་ཆའི་གནས་སྐབས་ལ་དོན་འགྱུར་བའི་ནུས་པ་ལྡན་པས་ཐ་སྙད་ཀྱི་སྔར་ཡོད་ཀྱི་དོན་ལ་བསྟན་དོན་གསར་བ་ཞིག་བསྐྱེད་ཐུབ་པ་ཡིན་པ་དཔེར་ན།མི་ལ་རས་པའི་རྣམ་ཐར་ལས།དང་པོ་ནི་ལས་ནག་པོ་ཡང་བྱས།བར་དུ་དཀར་པོ་ཡང་བྱས།ད་ལྟ་ལས་དཀར་ནག་གཉིས་ཀ་དང་བྲལ་ཞིང་།ལས་ཀྱི་གཞི་ཟད་པས།མ་འོངས་པ་ན་བྱེད་པར་མི་འགྱུར་བ་ཞིག་ཡིན།ཞེས་པའི་ཚིག་འདིའི་ནང་གི་ནག་པོ་དང་དཀར་པོ་གཉིས་ནི་ཁ་དོག་གི་རྣམ་གྲངས་ཤིག་ཡིན་མོད།ཚིག་གི་འབྲེལ་བ་དང་གནས་སྐབས་ལ་བརྟེན་ནས་ནག་པོ་ཞེས་པས་ནི་སྡིག་པའི་ལས་བསྟན་པ་དང་།དཀར་པོ་ཞེས་པས་དགེ་བའི་ལས་བསྟན་པ་ཡིན་པ་ལྟ་བུའོ།།ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། མཚོན་གྱི་རྨ་ལ་སོས་དུས་ཡོད། །ཚིག་གི་རྨ་ལ་སོས་དུས་མེད། །ཅེས་པ་ལས། སྤྱིར་རྨ་ཞེས་པའི་དོན་ནི་མདའ་མདུང་གྲི་གསུམ་སོགས་ཀྱིས་བསྣུན་རྗེས་ཀྱི་ཤུལ་ལམ་རྗེས་ལ་བྱ་ཡང་། རྐང་པ་ཕྱི་མའི་རྨ་དེའི་དོན་ཚིག་རྐང་གོང་འོག་ལ་བརྟེན་ནས་སྔར་གྱི་དོན་ལས་གསར་དུ་གོ་བ་བསྐྱེད་དེ་མི་བཟོད་པའི་ཞེ་འཁོན་ལ་གོ་བ་ལྟ་བུ་ཡིན་པས་སོ།།
གཉིས་པ། བརྗོད་འབྲེལ་གནས་སྐབས་ལ་བརྟེན་ནས་ཚིག་འགྲོས་ངོས་འཛིན་ཐུབ་པ།
མིང་དང་ཕྲད་འདུས་པ་ལས་ཚིག་གྲུབ་ནའང་། དེ་ཡང་སྒྲིག་གཞི་ངེས་ཅན་ཞིག་ལ་བརྟེན་ནས་དོན་སྟོན་དགོས་པ་དང་། ཚིག་གི་སྒྲིག་གཞི་དེའང་རང་གི་འགྲུབ་རྒྱུ་སྔ་ཕྱིའི་འབྲེལ་བའི་གནས་སྐབས་ལ་འདྲེས་ཤིང་། དེ་ལྟའི་མིང་དང་། མིང་སྦྲགས་མ། ཚིག་སོགས་ཀྱི་བརྡ་སྤྲོད་ཀྱི་ནུས་པ་རྟོགས་ཐུབ་པ། དཔེར་ན། གང་དང་གང་ལ་དེ་ཡོད་པ། །དེ་ཡིས་དེ་ཡི་གྲགས་པ་ཐོབ།།མཁས་པའི་གྲགས་པ་མཁས་པ་དང་།།དབའ་བོས་དབའ་བོ་ཐོས་པ་བཞིན།།(《ས་སྐྱ་ལེགས་བཤད་》ལས།)ལྟ་བུ་ལས། སྤྱི་ལ་ཁྱབ་པའི་སྒྲ་གང་དང་། ངེས་གཟུང་གི་དེ་སྒྲ་སྦྱར་པ་ཚིག་འགྲོས་སམ་ཚིག་གི་སྒྲིག་གཞི་མངོན་པར་ཆགས་ཡོད་པ་ལྟ་བུ་དང་། ཡང་དཔེར་ན།ཇི་སྲིད་ངོ་ཚ་ཡོད་གྱུར་པ། །དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག།
ངོ་ཚ་བརྒལ་ན་ཡོན་ཏན་ཉིད། །ཕྱོགས་སུ་བྱས་ཏེ་གཏམ་ངན་འཕེལ།།(《ས་སྐྱ་ལེགས་བཤད》ལས།)ཞེས་ངོ་ཚ་ཡོད་པའི་ཆ་རྐྱེན་འོག་ཡོན་ཏན་ནི་རྒྱན་གྱི་མཆོག་ཡིན་ཞེས་པའི་དོན་དེ་ནི་སྤྱི་སྒྲ་ཇི་སྲིད་དང་ངེས་བཟུང་གི་སྒྲ་དེ་སྲིད་གྱི་ཚིག་གི་སྒྲིག་གཞི་ལ་བརྟེན་ཡོད་པས། རྐང་པ་སྔ་ཕྱི་ཕྲལ་མི་རུང་བར་དམ་པར་སྦྲེལ་པའི་ཚིག་འགྲོས་ཤིག་ཆགས་ཡོད་པའོ། །གཞན་ཡང་། དཔེར་ན། ཡུམ་རྣ་ཆ་འཛིན་གྱིས་ཡིད་འོང་མ་ལ།ཀྱེ་གཞོན་ནུ་མ་གདུང་བར་མ་བྱེད་ཅིག རྒྱལ་བུ་གཞོན་ནུ་ནི་འབྱུང་གཞི་མི་མཐུན་པའི་དབང་གིས་བྲོ་འཚལ་ཏེ་མ་རུང་བར་གྱུར་པ་ཡང་མ་མཆིས།རྒོལ་བ་དག་གིས་གླགས་རྙེད་དེ་མ་རུང་བར་ཡང་མ་གྱུར།སྒྱུ་རྩལ་གྱི་ཕྱིར་གླང་པོ་དང་རྟ་ལ་སོགས་པའི་སྟེང་ནས་ལྷུངས་ཏེ་ཉམས་ཉེས་པར་ཡང་མ་གྱུར་མོད་ཀྱི་དེ་ནི་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ།རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འདི་ཡང་དམྱལ་མེའི་ཀློང་ལྟར་མཐོང་བས་ཉེ་དུ་བློན་འབངས་དང་བཅས་པ་མཆི་མའི་ཐལ་བ་བཞིན་དུ་དོར་ནས་དབེན་པའི་ནགས་ཚལ་བསྟེན་པ་ལ་གཤེགས་པར་གདོན་མི་ཟ། (《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།)ཞེས་པའི་ཚིག་འདི་དག་གིས་གཞོན་ནུ་ཟླ་མེད་ཕོ་བྲང་ན་མི་བཞུགས་པའི་རྟགས་སྔོན་དུ་བཀོད་དེ། གཞོན་ནུ་དེ་ན་ཚས་ཤི་བའམ་དགྲ་བོས་བསད་པ་དང་། རྟ་དང་གླང་བོ་ལས་ལྷུངས་པ་སོགས་མ་མཆིས་དང་མ་གྱུར་སོགས་ཀྱི་དགག་ཚིག་གིས་བཀག་ནས།མཐར་ངེས་པའི་ཚིག་གིས་འཁོར་བ་ལས་ཡིད་ཕྱུང་སྟེ་དབེན་པའི་ནགས་ཚལ་བསྟེན་པ་ལ་གཤེགས་པ་ཡིན་ནོ་ཞེས་གཏན་ལ་ཕབ་ཡོད་པས་ཚིག་རིལ་བོའི་འགྲོས་ལ་བརྟེན་ནས་དོན་གསལ་བར་གོ་སླ་བ་དང་།བརྗོད་དོན་ལ་བརྟེན་ཏེ་ཚིག་གི་སྒྲིག་གཞི་ངང་གིས་གསལ་འོང་ངོ་། །ཡང་།ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ།།མཁས་པར་གྱུར་ན་དུལ་བར་གནས།། ཞེས་པའི་ཚིག་འདི་ནི་ལོ་ངོ་བདུན་བརྒྱའི་སྔོན་གྱི་ས་སྐྱ་ལེགས་བཤད་ལས་བྱུང་ཟིན།ལྟ་བུའི་ཚིག་འདི་ལ་མཚོན་ན། ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། །ཞེས་པ་ནི་འདྲ་མཉམ་འབྲེལ་བའི་ཚིག་སྦྲགས་མ་ཞིག་ཡིན་མོད། སྐད་ཆའི་གནས་སྐབས་ལས་ལེགས་བཤད་འདི་ཚིག་རིལ་བོའི་ཆོས་བརྗོད་གྱི་སྒྲར་གྱུར་པ་ལྟ་བུའོ།།
གསུམ་པ། ཚིག་འབྲེལ་གནས་སྐབས་ལ་བརྟེན་ནས་ཚིག་སྡུད་བཀྲོལ་ཐུབ་པ།
ཚིག་སྡུད་ཅེས་པ་ནི་བརྗོད་དོན་གྱི་དགོས་མཁོ་དང་ཚིག་དོན་གོང་འོག་གིོ་གནས་སྐབས་ཀྱི་དབང་གིས། མིང་དང་ཚིག་གི་ཆ་ཤས་དང་། ཚིག་ཕྲད་སོགས་ཉུང་ངུར་བསྡུས་ཀྱང་དོན་སྤྱི་ལྡོག་ནས་སྔར་གྱི་སོ་ན་གནས་པའི་བརྡ་སྤྲོད་ཀྱི་ཐབས་ལམ་ཞིག་ལ་བྱ་ཞེས་བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་ལས་འབྱུང་ཞིང་། ཚིག་སྡུད་ནི་སྐད་ཆའི་གནས་སྐབས་ལ་འབྲེལ་བ་དམ་པོ་ཡོད་ལ།གནས་སྐབས་ལ་བརྟེན་ནས་མིང་དང་ཚིག་ཕྲད་གཙོ་བོ་བཞག་སྟེ་ཕལ་བ་བསྡུ་བ་དང་། ཚིག་གི་གནད་བསྡུས་ཏེ་བརྗོད་པ་ཉུང་ངུར་བྱེད་ཆོག་པ་དང་། ཚིག་ལ་ལ་གོང་འོག་གི་འབྲེལ་བར་བལྟས་ཏེ་བསྡུས་ནས་མ་བརྗོད་ཀྱང་བརྗོད་དོན་སྔར་བཞིན་གོ་ཐུབ་པ་ནི་གནས་སྐབས་ཀྱི་དབང་གིས་བྱས་ཡིན་པ། དཔེར་ན། སང་ཉིད་ཁྱོད་གང་དུ་འགྲོ་དགོས།ཞེས་པའི་ལན་དུ། ཕ་ཡུལ་ཞེས་ལན་བཏབ་པས། སང་ཉིད་ཕ་ཡུལ་དུ་འགྲོ་དགོས་པ་མ་སྨྲས་ཀྱང་གོ་ཐུབ་པ་ལྟ་བུའོ། །གནས་སྐབས་ཀྱི་དབང་གིས། ཚིག་དོན་གོང་འོག་ལ་འབྲེལ་ཡོད་པ་དང་། ཚིག་སྔ་ཕྱིའི་བསྟན་དོན་ཕན་ཚུན་ལྟོས་གྲུབ་ཏུ་ཡོད་པས། ཆ་ཤས་གཅིག་སྐབས་དུ་མར་འབྱུང་བའི་ཚེ། གནས་སྐབས་བརྗོད་འབྲེལ་གྱི་དབངགིས་ཆ་ཤས་གཅིག་གིས་དུ་མའི་གོ་བྱས་ཏེ་སྡུད་པར་བྱེད་པ་སྟེ། དགེ་རྒན་བློ་བཟང་གིས་རྒྱབ་ཏུ་ཀོ་ཁུག་ཅིག་ཁུར། ལག་ཏུ་དཔེ་དེབ་འགའ་བསྣབས། གོམ་སྟོབས་མགྱོགས་པོར་དཔེ་མཛོད་ཁང་དུ་ཕེབས། ཞེས་པ་ལྟ་བུར་ཚིག་ཕྱི་མ་དག་གི་སྐབས་སུ་དགེ་རྒན་བློ་བཟང་ཞེས་པ་དངོས་སུ་འབྱུང་མི་དགོས་པར་བསྡུས་པ་དང་། རྟ་ཞིག་ཁྲིད། མེ་མདའ་ཞིག་ཁུར། གྲི་ཞིག་སྐེད་ལ་བཏེགས་ཏེ། ཨ་ཁུ་ཁྲོ་ཐུང་ཧོར་གྱི་ཕྱོགས་ལ་ཕྱིན། ཞེས་པའི་ཚིག་ཕྱི་མར་ཨ་ཁུ་ཁྲོ་ཐུང་ཞེས་དངོས་སུ་སྨོས་པས་སྔ་མ་སྔ་མའི་སྐབས་སུ་བསྡུས་པ་ཡིན། གཞན་ཡང་། དུས་ནམ་ཞིག་ན་རྒྱལ་རྩེ་རི་ནང་ཚོ་ཆེན་དུ་དཔོན་པོ་སྒྲ་ཆེན་པ་བྱ་བ་མེ་ཆེན་ལས་དབལ་ཆེ་བ།ཆུ་ཆེན་ལས་རླབས་དུག་པ།རྟ་རྔ་ལས་ཉག་ཕྲ་བ།རྒྱ་གཡེར་ལས་ཁ་བེར་བ།སྲན་མ་ལས་རྟོགས་འགྲིལ་བ།བག་ཕྱེ་ལས་རྩིས་ཞིབ་པ་ཞིག་ཡོད། (《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།)ཞེས་པ་ལས་མིང་གི་ཚོགས་པས་གྲུབ་པའི་ཚིག་འདིའི་མགོ་མར་དཔོན་པོ་སྒྲ་ཆེན་བྱ་བ་ཞེས་ངོས་བཟུང་པ་དང་། ཁྱད་ཆོས་རེ་རེ་བཞིན་བརྗོད་པའི་སྐབས་སུ་མ་བརྗོད་ཀྱང་ཁོ་རང་ལ་བརྗོད་པ་ཤེས་ཐུབ་བོ། །གཞན་ཡང་། རྒྱུན་ལྡན་གྱི་གླེང་མོལ་སོགས་ཀྱི་སྐབས་སུ།འཆད་མཁན་དང་ཉན་མཁན་གཉིས་དངོས་སུ་ཡོད་པའམ། རྩོམ་རིག་བརྩམས་ཆོས་སུ་ཕན་ཚུན་གྱི་གླེང་མོལ་ཞིབ་འབྲི་བྱེད་སྐབས་བརྗོད་གཞི་བསྡུས་ཟིན་པ། དཔེར་ན། རི་སྟོད་ལ་ཁ་བ་བབས་ཟེར། བདེན། ཧ་ཅང་འཐུག དེས་ན་ནོར་ལུག་ལ་གནོད་པ་མེད་དམ། གནས་སྐབས་སུ་དེ་འདྲ་ཚབས་ཆེན་མིན། ཞེས་པ་ལྟ་བུར་གཅིག་གིས་བཤད་པའི་ཚིག་གི་ཆ་ཤས་དག་ཅིག་ཤོས་སུ་བསྡུས་ཀྱང་དོན་སྟོན་པ་ལ་མ་གནོད་པ་ནི་གནས་སྐབས་ཀྱི་དབང་གིས་ཡིན། ཡང་ངེས་གཟུང་གི་མིང་སྐོར་ཞིག་དང་དེ་སྒྲ་སོགས་ཀྱི་བརྗོད་གཞི་ཚིག་གི་མགོར་བརྗོད་ཟིན་ན་ཚིག་ཕྱི་མ་དག་གི་སྐབས་སུ་བསྐྱར་དུ་སྦྱར་མི་དགོས་པར་ངེས་བཟུང་གི་མིང་དང་དེ་སྒྲ་སོགས་ཀྱིས་སྟོན་པ་ནི་ཚིག་གོང་འོག་གི་གནས་སྐབས་ལ་ལྟོས་ཏེ་བརྗོད་གཞི་བསྡུས་ནས་དེ་དག་གིས་ཚབ་བྱས་པ་ཡིན་ཏེ། དཔེར་ན། རྒྱལ་པོས་བློན་པོའི་ཚོགས་ལ་བཀའ་སྩལ་ཏེ། །དེ་དག་གིས་ཀྱང་འཁོར་རྣམས་ལ་དེ་ཤེས་པར་བྱས། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ།།ཞེས་པའི་ཚིག་འདིའི་ནང་གི་དེ་སྒྲ་དག་གིས་སྔ་མར་བརྗོད་ཟིན་པ་རྣམས་བསྐྱར་དུ་མ་བཟླས་པར་དོན་གྱི་གོ་བ་ལོན་ཐུབ་པ་ནི་བརྗོད་འབྲེལ་གནས་སྐབས་ཀྱི་དབང་གིས་ཡིན་པ་ཤེས་བར་བྱའོ།།
བཞི་བ། བརྗོད་འབྲེལ་གནས་སྐབས་ལ་བརྟེན་ཏེ་ཤུགས་བསྟན་གསལ་བར་བྱེད་པ།
སངས་རྒྱས་ཀྱི་གསུང་རབ་དགོངས་འགྲེལ་བསྟན་བཅོས་རྣམས་དང་། སྤྱིར་བཏང་གི་མིའི་ལབ་གླེང་བྱེད་པ་སོགས་སུ་བརྗོད་འདོད་ཀྱི་དགོས་དབང་གིས་ཚིག་ངོས་སམ་ཚིག་གི་ངོ་གདོང་ནས་བལྟས་ན་བསྟན་དོན་མི་རྟོགས་པ་དང་། སྐབས་འགར་ལྡོག་སྟེ་བརྗོད་པ་སོགས་ཟུར་དང་ཤུགས་སུ་བསྟན་པའི་བརྗོད་ལུགས་འདི་དག་ལ་གནས་སྐབས་གལ་ཆེ་སྟེ། ས་པཎ་མཁས་འཇུག་ཏུ། འགའ་ཞིག་འགོག་པ་སྒྲུབ་པའི་ཚིག །ལ་ལ་སྒྲུབ་པ་དགག་སྒྲ་ཅན། །ཁ་ཅིག་དོན་བཞིན་འཇུག་པས་ན།ཕལ་ཆེར་གནས་སྐབས་གཙོ་བོ་ཡིན། །ཅི་སྟེ་མེད་ཅིའི་ཕྱིར་མི་ཤེས།།[13]ཞེས་གསུངས་ཤིང་། དེའི་འགྲེལ་བར། ཇི་ལྟར་སངས་རྒྱས་མཐོང་བ་དོན་མེད་ཅེས་བྱ་བ་ལ་སོགས་པ་དོན་མེད་པའི་དགག་པའི་ཚིག་གིས་དོན་ཡོད་པ་འཕེན་པ་དང་།འགའ་ཞིག་དོན་འགོག་པ་ལ་སྒྲུབ་པའི་ཚིག་གི་སྦྱོར་བ། སྔ་མ་བཟློག་པ་སྟེ། དཔེར་ན། ཅི་སྟེ་ཡོད། ཅིའི་ཕྱིར་ཤེས། ཇི་ལྟར་སངས་རྒྱས་མ་མཐོང་པའི་མིག་དོན་ཡོད་ཅེས་བྱ་བ་སྒྲུབ་པའི་ཚིག་གིས་དགག་པ་འཕེན་པ་དང་། ཅི་སྟེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འདྲི་བའམ་འཐད་པ་སྟོན་པའི་ཕྲད་ཀྱི་ཤུགས་ཀྱིས་ཡོད་པའི་སྒྲ་མེད་པ་འཕེན། མེད་པའི་སྒྲས་ཡོད་པ་འཕེན་པ་ཡིན་ནོ། །ཁ་ཅིག་དོན་ཇི་ལྟ་བ་བཞིན་དུ་འཇུག་པའི་སྒྲ་སྟེ།ཡེ་ཤེས་ཡོད།ཉོན་མོངས་པ་མེད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།།
ཚིག་གི་སྒྲའི་སྦྱོར་བ་དེ་དག་ཚིག་གི་ཤུགས་དང་། དོན་གྱི་སྐབས་ཀྱིས་ཤེས་པར་འགྱུར་རོ། །[14]ཞེས་པ་གནད་དུ་ཁེལ་པའོ། །ཡང་དཔེར་ན། ཀྭ་ཡེ།ངེས་ཀྱིས་གནོད་པ་ཅི་ཡང་མ་བྱས་ན།ཅི་ཕྱིར་ཁྱེད་ཅག་ངེད་ཀྱི་འཚོ་བ་གཅོད།།ངན་སྤྱོད་འདི་འདྲ་མཐོང་བས་མགྲིན་འཆུས་ཏེ།རོ་བརྒྱ་ལྡན་པའང་སུ་ཡིས་ཟ་བར་ནུས།།(《གཞོན་ནུ་དྲུག་གི་རྟོགས་བརྗོད》ལས།)ཞེས་པའི་ཚིག་འདིའི་ནང་གི་ཕྲད་ཅི་ཕྱིར་དང་སུ་གཉིས་ཀྱི་སྦྱོར་བ་ལ་བརྟེན་ནས་དེའི་ཤུགས་ཀྱི་དོན་ངེས་ཀྱིས་གནོད་པ་ཅི་ཡང་མ་བྱས་པས་ཁྱེད་ཅག་གིས་ངེད་ཀྱིས་འཚོ་བ་གཅོད་དགོས་དོན་མེད་ཞེས་པ་དང་། ངན་སྤྱོད་འདི་འདྲ་མཐོང་བས་སུ་ཡིས་ཀྱང་ཟ་མི་ཐུབ་པའམ་ཟ་བར་མི་ནུས་ཞེས་པའི་དོན་དེ་དགག་པའི་ཚིག་གིས་མ་བཀག་ཀྱང་། ཚིག་གི་ཤུགས་ཀྱི་དོན་དེ་ཕྲད་རེ་གཉིས་ཀྱི་གོང་འོག་སྦྲེལ་བ་ལ་བརྟེན་ནས་ངང་གིས་གསལ་འོང་། ཡང་། རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང་།སྐྱོན་དུ་གོ་བ་ཤིན་ཏུ་དཀའ།(《ས་སྐྱ་ལེགས་བཤད》ལས།)ཞེས་པ་ལས་རང་སྐྱོན་གོ་བ་བླུན་པོ་དང་མི་ཕལ་བ་ལྟ་ཅི།མཁས་པ་རྣམས་ཀྱིས་ཀྱང་གོ་དཀའ་ཞེས་པའི་དོན་དེ་ཚིག་ངོས་སུ་མ་བརྗོད་ཀྱང་། ཤུགས་སུ་བསྟན་པ་འདི་ཡང་གནས་སྐབས་ལ་བརྟེན་ནས་གོ་བར་བྱ་བ་སོགས་ཀྱི་དཔེ་མང་ངོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།