༄༅། །རྭ་སྒྲེང་བྲོ་ཡི་ཐོག་མའི་འབྱུང་ཁུངས་དང་འཕེལ་རིམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-26 10:30:16
ཀློག་གྲངས།:
དེ་ཡང་རྭ་སྒྲེང་བྲོ་ཡི་ཐོག་མའི་འབྱུང་ཁུངས་དང་འཕེལ་རིམ་ནི་འཇམ་དཔལ་བསྟན་པ་རོལ་བའི་རྒྱུད་ལས། ལྔ་བརྒྱའི་དུས་ཀྱི་མཐའ་མ་ལ། སངས་རྒྱས་བསྟན་པ་གར་རྒྱས་པ། བྱང་ཕྱོགས་ཁ་བ་ཅན་གྱི་རི་ཡི་དབུས། སྨན་སྣ་སྣ་ཚོགས་རྒྱས་པའི་མགུལ་གནས་པ། སྤོས་ཤིང་ནགས་ཚལ་རྒྱས་པའི་གཙུག་ལག་ཏུ། ཡི་གེ་དང་པོ་རྭ་ལ་དེ་འོག་སྒྲེང་། ཞེས་ལུང་བསྟན་པ་ལྟར། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མེ་བྱ་སྤྱི་ལོ1057ལོར་ཕྱིས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུར་གྱུར་བ་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་གདན་ས་ཨང་དང་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་རྭ་སྒྲེང་དགོན་ཕྱག་བཏབ་ཅིང་། དགོན་གནས་འདིའི་ཕྱིའི་ཁོར་ཡུག་ནི་ཕྱོགས་བཞི་ཐམས་ཅད་ཤུག་པའི་ནགས་ཚལ་གྱིས་བརྒྱན་པ། རང་བྱུང་གི་སྨན་སྣ་ཕུན་སུམ་ཚོགས་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་གང་སར་རྡོལ་བ། ཤར་ངོས་སུ་སྔོ་ཞིང་དྭངས་བའི་རྭ་སྒྲེང་གཙང་པོ་དེ་ཤང་ཤང་གི་སྒྲ་དང་བཅས་རྒྱུག་འགྲོ་བ་སོགས་འགྲོ་བ་མི་ཡི་ཡུལ་དུ་དག་པའི་ཞིང་ཁམས་ཤིག་གནས་དེ་ན་མངོན་སུམ་དུ་མཇལ་རྒྱུ་ཡོད་དོ། །
དེ་ལྟ་བུའི་བསོད་ནམས་ཅན་གྱི་ཞིང་མཆོག་དེའི་མཐའ་འཁོར་དུ་གནས་པའི་མི་རྣམས་ཀྱང་ལས་ལ་བརྩོན་ཞིང་རྐང་བྲོ་གླུ་གཞས་ལ་དགའ་བའི་མི་སྣ་འབའ་ཞིག་ཏུ་གྲུབ་པས་ན། ཁོང་ཚོས་རང་ཉིད་འཚོ་གནས་བྱེད་པའི་མི་ཚེའི་ལམ་བུའི་ཁྲོད་དུ་གླུ་དང་གར་གྱི་རྣམ་གྲངས་མི་ཉུང་བ་ཞིག་གསར་གཏོད་མཛད་ཡོད་པའི་ཁྲོད་ནས་རྭ་སྒྲེང་གི་བྲོ་གཞས་འདི་ནི་དང་ཐོག་རྭ་སྒྲེང་དགོན་ཕྱག་བཏབ་ནས་ལོ་དྲུག་འདས་པའི་ཆུ་སྟག་སྤྱི་ལོ1062ལོའི་ཡས་མས་སུ་རྭ་སྒྲེང་དགོན་དུ་སངས་རྒྱས་ཀྱི་དུས་སྟོན་མཆོད་པ་རྣམ་བཞི་སྟེ་བོད་ཟླ1པོའི་ཚེས1ནས17བར་བྱ་ཟླ་མཆོད་པ། བོད་ཟླ4བའི་ཚེས1ནས17བར་ཁུ་བྱུག་མཆོད་པ། བོད་ཟླ7པའི་ཚེས1ནས17བར་མེ་ཏོག་མཆོད་པ། བོད་ཟླ10བའི་ཚེས1ནས17བར་ཉ་དྲུག་མཆོད་པ་ཞེས་དམིགས་བསལ་ཆོས་ཕྱོགས་ཀྱི་བྱེད་སྒོ་གྲ་རྒྱས་ཤིག་ཚུགས་གནང་གི་ཡོད་ཅིང་། ཆོས་ཕྱོགས་ཀྱི་དུས་སྟོན་དེ་ཚོའི་སྐབས་སུ་བོད་ཀྱི་ས་ཕྱོགས་གང་ས་དང་། ལྷག་དོན་བྱང་ཕྱོགས་ཀྱི་འབྲོག་སྡེ་ཁག་ནས་དད་ལྡན་པ་བརྒྱ་ཕྲག་མང་པོ་གནས་འདིར་འདུ་འཛོམས་ཀྱིས་སྔ་དྲོ་གནས་དང་རྟེན་མཇལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་པ་དང་། ཕྱི་དྲོ་རྐང་བྲོ་གླུ་གཞས་ལ་རོལ་ནས་བསྟན་པ་འཕེལ་ཞིང་འགྲོ་རྣམས་སྐྱིད་པའི་དུས་སྟོན་ཞིག་གཏོང་གནང་གི་ཡོད་པ་ལས་ཕྱིས་སུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་ལོ་ལྟར་བོད་ཟླ7པའི་ཚེས15ཉིན་རྭ་སྒྲེང་མེ་ཏོག་མཆོད་པའི་སྐབས་རྭ་སྒྲེང་གི་བྲོ་ཞེས་དམིགས་བསལ་གྱི་བྲོ་པ་སྒྲིག་འཛུགས་ཀྱིས་ཆོས་བྲོ་དང་། གླིང་བྲོ་ཞེས་འཁྲབ་ཚན་ཁག་གཉིས་སུ་དབྱེ་ནས་འཁྲབ་གནང་གི་ཡོད་པ་མ་ཟད་ལོ་ལྟར་བོད་ཀྱི་ལོ་གསར་དང་། དབྱར་སྐྱིད་འོང་སྐོར་སོགས་དམིགས་བསལ་ཀྱི་དུས་སྟོན་ཁག་ལ་ཡང་འཁྲབ་སྟོན་གནང་གི་ཡོད། དུས་སྐབས་དེའི་རིང་བྲོ་པའི་སྒྲིག་འཛུགས་དེར་བྲོ་པ་ཕོ་མོ་མང་དུས་བརྒྱད་ཅུ་ལྷག་ཙམ་དང་། ཉུང་དུས་སུམ་ཅུ་ལྷག་ཙམ་ཡོད་པ་སོགས་འཕེལ་འགྲིབ་སྣ་ཚོགས་ཤིག་བརྒྱུད་མྱོང་བའོ། །དེ་ཡང་དང་པོ་ཆོས་བྲོ་ཞེས་པ་ནི་སྤྱིར་སངས་རྒྱས་བསྟན་པའི་ཆེ་བ་བརྗོད་རྒྱུ་ནང་དོན་གཙོ་བོར་འཛིན་པའི་གླུ་གར་ཞིག་ཡིན་པ་ལྟར་རྭ་སྒྲེང་ཆོས་བྲོའི་ནང་དོན་ཡང་ལྷ་དང་། བླ་མ། ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་ཅིང་བསྟོད་པ་འབུལ་བ་དང་། རྭ་སྒྲེང་གནས་ཀྱི་ཕྱག་ཚུལ་སོགས་ལ་བསྟོད་པ་འབུལ་བའི་རྗོད་ཚིག་ཕུན་སུམ་ཚོགས་ཤིང་དབྱངས་ཀྱི་འགྱུར་ཁུག་སྙན་པ་ཞིག་ཡོད་པ་དེར་ཁྱོན་ལེའུ་བརྒྱད་ཡོད་པ་ནི། (1)མཆོད་པ་འབུལ་ཞིང་བྲོ་སྒོ་འབྱེད་པ། (2) རྭ་སྒྲེང་གནས་ཀྱི་ཆགས་ཚུལ། (3) བྲོ་རར་བྱིན་འབེབས། (4) བྲོ་མནན་པ། (5) བྲོའི་དངོས་གཞི། (6)གནས་ཀྱི་སྨོན་ཚིག (7)བྲོའི་ཤིས་བརྗོད། (8)གཡང་འགུག་བཅས་ལས་གྲུབ་ཅིང་ཆོས་བྲོའི་བྲོ་ཚིག་འདིར་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་སྔར་གྱི་བྲོ་ཚིག་གི་རྨང་གཞིའི་སྟེང་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་ནས་བཟུང་ད་བར་བརྒྱུད་འཛིན་གནང་མུས་སུ་མཆིས་སོ། །
གཉིས་པ་གླིང་བྲོ་ཞེས་པ་ནི་དང་ཐོག་གླིང་རྗེ་གེ་སར་རྒྱལ་པོ་དགུང་ལོ་བཅུ་གསུམ་ཀྱི་ཐོག་ཁྲི་ལ་མངའ་གསོལ་སྐབས་གླིང་གི་མངའ་འབངས་རྣམས་ཀྱིས་རྟ་རྒྱུག་པ་དང་། བྲོ་འཁྲབ་པ་སོགས་དགའ་སྤྲོའི་རྟེན་འབྲེལ་དཔག་མེད་མཚོན་ཕྱིར་ཕུལ་བའི་བྲོ་ཞིག་ཡིན་ཞིང་། ཕྱིས་སུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་པའི་འཁྲབ་གཞུང་དེ་ཉིད་གསར་རྩོམ་ཞུས་པའི་རྗེས་གླིང་བྲོའི་ནང་དོན་རྣམས་ཚད་ལྡན་ཅན་དུ་གྱུར་ཏེ་གླིང་བྲོ་དེ་བྱང་རྭ་སྒྲེང་ཁུལ་ཙམ་མ་ཡིན་པར་བོད་ཀྱི་ས་ཕྱོགས་མང་པོར་འཁྲབ་སྟོན་བྱེད་པའི་དར་གསོ་ཆེན་པོ་ཞིག་བྱུང་ཞིང་རྭ་སྒྲེང་གི་བྲོ་པ་རྣམས་ཀྱིས་འཁྲབ་སྟོན་ཞུ་བའི་གླིང་བྲོ་དེར་ཁྱོན་ལེའུ་ལྔ་ཡོད་པ་ནི། (1) མི་ཆེན་སེང་ཆེན། (2) སྟོང་ཉིད་ལྷ་མོ། (3) སྐུ་རྗེ་སེང་ཆེན། (4) སྔོན་ཚེ་འཛམ་གླིང་ནོར་བུ་དགྲ་འདུལ། (5) ཕ་རྒྱལ་མཆོག་བཅས་སོ། །
དེ་སྔོན་ཆོས་བྲོ་དང་། གླིང་བྲོ་གཉིས་འཁྲབ་གཞུང་སོ་སོར་དབྱེ་ནས་འཁྲབ་ཀྱི་ཡོད་ནའང་ཕྱིས་སུ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་མཆོག་གིས་མདོ་སྨད་ཡུལ་ནས་སྐད་གྲགས་ཅན་གྱི་བྲོ་དཔོན་ནོར་བཟང་ལགས་གདན་དྲངས་ཏེ། ཆོས་བྲོ་དང་གླིང་བྲོ་གཉིས་ཀྱི་སྟངས་སྟབས་སྔར་བས་བརྗིད་ཉམས་ཆེ་རུ་དང་། འཐུས་སྒོ་ཚང་དུ་བཏང་ནས་འཁྲབ་ཚན་གཉིས་པོ་འཁྲབ་གཞུང་གཅིག་ཏུ་སྒྲིལ་ཏེ་ཁྱོན་ལེའུ་བཅུ་གསུམ་དུ་བཅོས་སྒྲིག་གནང་ན་ཡང་བྲོའི་འཁྲབ་སྟངས་ཐད་བྲོ་བའི་མགོ་དང་། དཔུང་པ། རྐང་ལག རྐེད་པ་སོགས་ལུས་ཀྱི་འགུལ་སྟངས་དང་། དབྱངས་ཀྱི་འགྱུར་ཁུག་གང་སར་ལེའུ་རེར་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་དེ་དག་ད་ལྟའང་བརྒྱུད་འཛིན་གནང་མུས་སུ་མཆིས་སོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།