བོད་ཀྱི་མནའ་ཚིག་དང་དེ་རིགས་ཀྱི་དཔྱད་པ་རགས་བསྡུས།

རྩོམ་པ་པོ།:ཆུ་བཟང་ཀླུ་རྒྱལ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-15 09:43:52 ཀློག་གྲངས།:

  གཅིག གདོད་མིའི་སེམས་ཁམས་དང་འབྲེལ་བའི་མནའ་ཚིག

  འཛམ་གླིང་གི་མི་རིགས་སོ་སོ་མི་འདྲ་བའི་རྒྱུ་མཚན་ཡང་མཐར་གཏུགས་ན་མི་རིགས་རང་རང་གི་ཡུལ་སྲོལ་གོམས་འདྲིས་ཀྱི་རིག་གནས་ཀྱི་ཁྱད་པར་ཞིག་ལ་ཐུག་ཡོད།  རིག་གནས་ཞེས་པའང་དོན་གྱིས་བྱེད་པོ་མི་དང་བྱ་ཡུལ་སྣོད་ཀྱི་འཇིག་རྟེན་གཉིས་ཀའི་འགལ་འདུའི་འཕེལ་རིམ་ལས་བྱུང་བའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཡིན་མིན་ཐམས་ཅད་དང་།  ལུས་ངག་གི་བྱ་སྤྱོད།  ལུགས་སྲོལ་གོམས་འདྲིས་སུ་གྱུར་པའི་སྤྱོད་ལམ་བཅས་རིགས་པའི་གཞུང་ལུགས་སུ་གྱྱུར་མ་གྱུར་པའི་ཆོས་ཡོད་དོ་ཅོག་ལ་གོ་བ་ལརན་པ་མང་པོས་འདོད་ཚུལ་དུ་ལགས།  དེ་ཡང་ཡིན་ཏེ།  གདོད་མའི་སེམས་ཁམས་དང་འབྲེལ་བའི་མནའ་འམ་མནའ་ཚིག་ནི་འདིའོ་ཞེས་རྣམ་པ་ཐམས་ཅད་དུ་གྲུབ་པའི་ཚིག་སྟོན་རྒྱུ་མི་འདུག་ཀྱང་།  ཚད་མར་གྱུར་པའི་ལུང་གི་རྒྱབ་རྟེན་འདི་དང་།  གནའ་རབས་རིག་གནས་སྐོར་གྱི་དཔྱད་གཏམ་གང་ཡིན་ལ་དཔེ་ཀློག  ཡང་ན་གོ་ཐོས་སུ་བྱུང་བའི་ངག་སྒྲོས་ཐན་ཐུན་ལ་བརྟེན་གདོད་མའི་སེམས་ཁམས་དང་འབྲེལ་བའི་མནའ་ཚིག་ཅེས་པའི་ཚན་ཆུང་ཞིག་ལོ་རྒྱུས་ཀྱི་གཞི་རྐང་བསྒྲིགས་ཐབས་སུ་སྐབས་བསྟུན་གྱི་གླེང་བར་འདོད་ལ།  དེ་ཡང་ཐུན་མོང་མ་ཡིན་པའི་བོད་ཡུལ་གྱི་ཕྱི་སྣོད་ཆགས་ཚུལ་དང་།  ནང་སེམས་ཅན་གྱི་བསམ་བློའི་རང་བཞིན་སོགས་ལ་སྦྱར་ནས་བཤད་ན་བློ་སྐྱེད་འདི་འདྲ་ཞིག་ཐོབ་སྟེ།

  (1)ཕྱིའི་རྐྱེན་ཏེ་རང་བྱུང་ཁོར་ཡུག་གི་གནས་བབ་དང་སྦྱར་ནས།  དེ་ཡང་བོད་ཀྱི་ཡུལ་ཁམས་འདི་ནི་སྟོད་གཡའ་རི་དང་གངས་རི།  བར་ནི་བྲག་དང་སྤང་ལྗོངས།  སྨད་རྩི་ཤིང་དང་ནགས་ཚལ་སྟུག་པོས་ཁྱབ་ཡོད་ཚུལ་སྔོན་གྱི་ཡིག་ཚང་དུ་མར་གསལ་བར་བཀོད་པ་ལྟར་དང་།  དེང་དུས་ཀྱི་ཚན་རིག་པས་རྟོག་ཞིབ་སྡོམ་ཚིག་ཏུའང་བོད་ཡུལ་དུ་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་རི་བོ་སྟེ།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་བདུན་སྟོང་ལས་ལྷག་པའི་གངས་རི་ནི་བཅུ་ཕྲག་གཉིས་ལ་ཉེ་ཞིང་།  ཆ་སྙོམས་ཀྱི་དབང་དུ་བྱས་ན་འང་མདོ་དབུས་མཐོ་སྒང་གི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲ་བཞི་སྟོང་གི་ཡན་དུ་འདའ་བ་དང་།  བགྲང་བྱ་གཅིག་གི་དུས་ཡུན་དུ་ཁ་ཆར་བུ་ཡུག་འཚུབ་པའི་ཉིན་གྲངས་ནི(120-200)སུམ་ཆའི་གཉིས་ཙམ་ཡིནཞེས་གནས་ཚུལ་ཇི་བཞིན་དུ་བརྗོད་པའི་སྡོམ་ཚིག་འདི་ལས་རིགས་པའི་འཕྲོས་ན།  གནས་འདིར་འཚོ་གཞེས་མཛད་པའི་གནའ་བོའི་བོད་མི་རྣམས་ལ་མི་རིགས་གཞན་དང་གཞན་ལ་མེད་པའི་ཐུན་མིན་གྱི་སེམས་ཁམས་སྒྲིག་གཞི་ཞིག་ཡོད་རྒྱུ་ཁག་ཐེག་བྱེད་ཆོག་སྟེ།  ཡུལ་འདི་ན་ནི་རང་བྱུང་གི་འཇིགས་པ་སྣ་ཚོགས་ཀྱིས་ཐམས་ཅད་རྟབ་རྟབ་པོར་གཏོང་བ་ལས་ལུས་སེམས་བཏང་སྙོམས་སུ་འཚོ་བའི་སྐལ་བ་ནི་ཤིན་ཏུ་ཕྲ་བས།  མི་རིགས་གཞན་གྱི་མེས་པོ་དང་མི་མཚུངས་པའི་བསམ་སྤྱོད་ཀྱི་རིག་གནས་གང་མང་ཞིག་ཀྱང་གཤིས་སུ་ངང་ཤུགས་ཀྱིས་གྲུབ་པར་འདོད།  ཆགས་དབྱིབས་མི་འདྲ་བའི་རང་བྱུང་ཁོར་ཡུག་གི་སཡུལ་དེ་རུ་འཚོ་བར་རོལ་བའི་མིའི་གཤིས་རྒྱུད་དང་།  འདུ་ཤེས་འཛིན་སྟངས།  ཐ་ན་སྐད་ཆའི་ཤོད་སྟངས་སོགས་ལ་ཐུན་མོང་གྱི་ཁྱད་ཆོས་ཤིག་རང་ཆས་སུ་གྲུབ་པར་ཡོད་པ་ལྟར་ན།  མནའ་ཚིག་གི་རིག་གནས་འདི་ཡང་དོན་དེ་ཉིས་ལས་མི་འདའ་བར་གནས་ལུགས་གྲངས་ཀྱིས་མི་ཆོད་པ་འདྲེན་རྒྱུ་ཡོད་ཀྱང་དཔྱད་གཞི་འདི་ལ་དགེ་མཚན་ཆེ་བར་མི་མཐོང་བས་ཞིབ་ཏུ་མི་དགོད་པར་བྱའོ།།

  (2)ནང་རྐྱེན་ཏེ་གནའ་རྫས་རྟོག་ཞིབ་རིག་པས་བདེན་དབང་བྱས་པ་ལྟར་ན།  སྒང་བ་བོད་ཀྱི་ཡུལ་གྲུ་འདིར་རྡོ་ཆས་རྙིང་བའི་དུས་ནས་མིའི་རིགས་འཚོ་ཞིང་གཞེས་ལ།  དེ་འདྲའི་ཁོར་ཡུག་དུ་ཁ་རྒྱབ་ལྟོ་གོས་ཙམ་གྱིས་ལུས་སུ་རྩོལ་བ་ནས་བུཟང་སྐབས་བབ་ཀྱི་དགོས་མཁོར་དམིགས་ཏེ་རང་ཚོད་ཀྱིས་ལྷ་མཆོད་འདྲེ་འདུལ་གྱི་བསམ་སྤྱོད་སྣ་མང་པོ་ཞིག་རིམ་གྱིས་དར།  ཡིན་ནའང་།  གནའ་དུས་ཀྱི་མིའི་སེམས་ཁམས་ནི་གང་ལྟར་ཡང་རྟོག་ངོར་གྲུབ་པའི་རང་བྱུང་གི་འཇིགས་པ་སྣ་ཚོགས་ཀྱིས་བཅུན་པར་ཡོདཚུལ་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་སོགས་ལས་ཀྱང་ཅུང་ཙམ་རྟོགས་ཐུབ་ན།  དེ་ནི་གནས་སྐབས་དེའི་བསམ་བློའི་འཕེལ་རིམ་་ལས་ཐོན་པའི་ཐུན་མོང་གི་འཇིན་རྟེན་ལྟ་ཚུལ་དང་།  སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཏུའང་ངེས་ཏེ།  ཁོ་ཚོས་ཕྱོགས་གཅིག་ཏུ་སྐྱབས་ཡུལ་དུ་གྱུར་པའི་གཟུགས་མེད་ཀྱི་སྟོབས་ཤུགས་གང་དེས་རང་ལ་ཡུལ་དུས་ངེས་མེད་ཀྱི་སྡོང་གྲོགས་བྱེད་རྒྱུ་བློ་ཡིས་བླངས་ཡོད་པ་དང་།  ཕྱོག་གཅིག་ཏུ་སྟོབས་ཤུགས་གང་དེས་རང་ལ་སྣང་ཚུལ་སྣ་ཚོགས་ཀྱི་ལམ་ནས་ཆད་གཅོད་བྱེད་པར་དངངས་ཤིང་སྐྲག་ན་མཐོང་བ་ལུས་ངག་གི་སྒོ་དང་།  མི་མངོན་པ་ཡིད་ཀྱི་སྒོ་གསུམ་ཐད་ནས་གང་ལ་སྐྱབས་སུ་བཟུང་ན་ནམ་ཡང་ཡི་བསླུ་སྙམ་པའི་ཡིད་ཆེས་ཀྱིས་ཀུན་ནས་བསླངས་ལ་དེ་འབྲེལ་གྱི་རིགས་པའི་གཞུང་ལུགས་སམ་ལྟ་སྤྱོད་ཀྱི་རིག་གནས་གང་འཚམ་ཞིག་ཀྱང་ད


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།