ཐང་གའི་རི་མོ་དེ་དུས་ནམ་ཞིག་ཏུ་བྱུང་བ་དང་དེའི་གོ་དོན་གྱི་ཐད་ལ་དཔྱད་པ།

རྩོམ་པ་པོ།:གནམ་བཀྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-18 08:59:13 ཀློག་གྲངས།:

   

    བོད་ཀྱི་བཟོ་རིག་པའི་ནང་ཚན་ཐང་གའི་གོ་དོན་ཐད་གནའ་དེང་གི་མཁས་པའི་བཞེད་པ་དུ་མ་ཞིག་ཡོད་ལ་ཁ་ཅིག་གིས་ཐང་ག་ཞེས་པའི་གོ་དོན་རྒྱ་ནག་གི་བརྡ་ལྟར་འགྲེལ་བཤད་བརྒྱབ་སྟེ་ཐང་ཞེས“唐”གི་བརྡ་སྐད་དང་ག་ཡང“挂”ལས་འོང་བའི་བརྡ་རུ་གླེང༌།  རྒྱུ་མཚན་ནི་གནའ་དུས་ཀོང་ཇོ་བོད་དུ་ཕེབས་ཁར་རས་བྲིས་ཀྱི་སྐྱེས་སོགས་ཤོག་དྲིལ་བརྒྱབ་པའི་རི་མོ་རྣམས་གྱང་ངོས་སུ་བཀལ་བས་དེའི་སྒྲ་ཐད་འགྱུར་གྱི་སྐད་ལས་བྱུང་ཟེར་བ་དང༌།  ཡངབོད་བརྒྱུད་ནང་བསྟན་གྱི་རི་མོ་ཞེས་པའི་རྒྱ་ཡིག་གི་ཤོག་གྲངས༧༨ནཐང་ག་ནི་སྔོན་རས་ཡུག་ཏུ་བྲིས་པའི་འཕྲིན་བརྡའི་རྩ་ཚིག་ཅིག་སྟེ་ཕྱིས་དྲིལ་རིལ་གྱི་སྲོལ་དར་ནས་རས་བྲིས་བྱུང་ཞེས་དང༌། ཞལ་ཐང་ཆེན་མོའི་རྣམ་བཤད་ཀྱི་ཤོག་གྲངས༣༩༥རུ། གནའ་ནས་བོད་དུ་དར་བའི་བྲིས་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་ནི། གཉའ་ཁྲིའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་རིས་སུ་གཉའ་ཁྲི་རྒྱལ་པོར་མངའ་གསོལ་ཚུལ་བྲིས་པའི་ལོ་རྒྱུས་སོགས་ལས་རྟོགས་ཤིང༌། དེང་གི་རས་གཞིའི་དོད་དུ་པགས་པ་དང་གཡང་གཞི་སོགས་ཀོ་འདུལ་གྱིས་དེའི་སྟེང་བཞེངས།ཞེས་པ་དང༌། རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིགས་པའི་དགོངས་རྒྱན་དུ། སྟ་རེ་ཁ་ལེབ་ལ་ཐོ་བ་མདུང་གི་རྩེ་མོ་རྣོ་ལ་རིང་ཐུང་ཚད་དང་ལྡན་པ་བཟོ་འདོད་ཀྱི་རྣམ་པ་ཡིད་ལ་དྲན་པ་ལ་བརྟེན་ནས་བཟོས་པའི་མདུང་གྲི་སོགས་ནི་རི་མོའི་ཐོག་མ་ཡིན། ཞེས་གསུངས་པ་དང༌། བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ཀྱི་ཤོག་གྲངས༡༣༢སྟེངརྒྱལ་པོ་སྲོང་བཙན་གྱི་དུས་ནས་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། རྩིས་ཀྱི་པོར་ཐང་བརྒྱད་ཅུ་ཡང་བོད་དུ་དྲངས་ཞེས་པ་དང༌། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་བྲིས་སྣང་མོད་སྒྲ་འགྱུར་ལ་སི་ཐང་དང༌། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དུ་དཔྱད་དོ།ཞེས་སྲོང་བཙན་དུས་ནས་མགོ་བརྩམས་ཏེ་ཁྲི་སྲོང་སྐབས་ཐང་གའི་མིང་གི་གདགས་གཞི་འཕེལ་རྒྱས་བྱུང་ཡོད་ཚུལ་བཅས་ཀྱི་བཞེད་འདྲ་མིན་མང་པོ་ཞིག་བཀོད་མོད་ཀྱི་མདོར་དྲིལ་ན་ཕལ་ཆེར་རིགས་གསུམ་དུ་དགར་ཆོག་སྟེ། དེ་ནི་རང་རིགས་ཀྱི་ཤེས་རིག་དར་བ་ནས་བཟུང་རི་མོའི་སྲོལ་བྱུང་སྟེ་དེ་འཕེལ་རྒྱས་ལས་བྱུང་བ་དང༌། གཞན་རིག་གམ་གཞན་སྐད་ལས་བྱུང་ཟེར་བ། གཞན་ཡང་སྲོལ་རྒྱུན་གྱི་རིས་བྲིས་བསྟན་བཅོས་མང་ཤོས་སུ་རྒྱ་གར་གྱི་བྲིས་སྐུའི་རི་མོ་བྱུང་བ་ནས་ཕྱིས་བལ་བོད་ཀྱི་ཡུལ་དུ་དར་ཅེས་བཞེད་ཚུལ་འདྲ་མིན་བྱུང་བ་རྣམས་ཕན་ཚུན་སྦྲགས་ཏེ་ཅུང་ཟད་ཅིག་དཔྱད་ན།

    དེང་གི་ཚན་རིག་སྨྲ་བའི་བསམ་བློ་པ་མང་པོ་ཞིག་གིས་རང་ཅག་འཚོ་གནས་ཀྱི་ས་སྒང་གོ་ལ་འདི་ཉིད་ཆགས་ཏེ་འཁོར་སྐྱོད་འཕེལ་འགྱུར་གྲུབ་པའི་བར་ལ་ལོ་ཁྲི་ཉིས་སྟོང་དྲུག་བརྒྱ་ལྷག་ཕྱིན་ཡོད་པའི་ལོ་རྒྱུས་ཀྱི་སྡོམ་ཐོ་བཀོད་ཡོད་པ་མ་ཟད། མིའི་རིགས་ཀྱི་མེས་པོ་ནི་འོ་འཐུང་སྲོག་ཆགས་སམ་སྤྲེའུ་ནས་མགོ་བརྩམས་པར་དཔྱད་འབྲས་དཔང་ཐུབ་ཏུ་བཀོད་པས་མིའི་རིགས་ལ་ལོ་ངོ་སུམ་ཁྲི་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་སྨྲ་བ་ལྟར་ན། ང་ཆོ་བོད་ཀྱི་སྤྲ་དང་སྤྲེའུ་འདུས་འཕེལ་གྱི་རིགས་ལའང་གོང་མཚུངས་ཀྱི་ལོ་རྒྱུས་དེ་རྣམས་ཚང་བ་སྨྲོས་མེད་ཡིན་ཏེ། མི་རྣམས་ཀྱིས་གོས་སུ་ཤིང་ལོ་དང་ཟས་སུ་ཤིང་འབྲས་བསྟེན་ནས་ལོ་ངོ་ཁྲི་ཕྲག་བསྐྱལ་བའི་རིང་གི་རང་བྱུང་ཁམས་ཀྱི་འཐབ་རྩོད་ཁྲོད་ངལ་རྩོལ་ཞི་དྲག་མྱོང་བའི་འབྲས་རྟགས་སུ་འཆོ་ཆས་ཀྱི་ཤེས་རིག་འདྲ་མིན་མང་པོ་བསྐྲུན་ཡོད་པ་དང་ཆབས་ཅིག་མིང་བརྡའི་ཐ་སྙད་ཀྱང་མང་དུ་བྱུང་པ་རེད། བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་ཤེས་རིག་དར་ཚུལ་སྐོར་གྱི་ཡིག་ཆའང་མང་ཙམ་བྱུང་བས་བོད་ཀྱི་བྲིས་བཟོའམ་རི་མོའི་ལོ་རྒྱུས་ཀྱི་བསྟན་བཅོས་ལྟར། རི་མོ་མཁན་པོ་རྣམས་ལ་ཐུན་མོང་གི་ངེས་ཤེས་ཤིག་ཐེབས་པ་ནི། རི་མོའི་འབྱུང་ཁུངས་ཀྱི་ཐོག་མ་ནི་མིའི་སེམས་ཀྱི་ཀུན་སློང་སྒྱུ་རྩལ་ཅན་དེ་རི་མོའི་ཐོག་མར་བཞེད་ལ། ཡ་ཐོན་རིང་མོའི་ཁྲོད་དུའང་ཁ་ཟས་རྒྱབ་རྟེན་ལ་མཁོ་བའི་ལུས་ངག་གི་རྣམ་འགྱུར་གྱི་དོད་དུ་ཐང་ལ་རི་མོའི་གཟུགས་སུ་ཕབ་པའི་དབྱིབས་མཚུངས་ཀྱི་རྟགས་ཤིག་སྔོན་ལ་བྲིས། དེ་ནས་རིམ་གྱིས་བཞེངས་སྐྲུན་བྱུང་བར་བཞེད་པ་ལྟར་རྡོ་ཆས་གསར་རྙིང་སྐབས་བྱུང་བའི་བཟ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།