མདོ་སྨད་རྡོ་སྦིས་ཡུལ་གྱི་སྐ་རགས་དང་དེའི་བཅིང་སྲོལ་སྐོར་རོབ་ཙམ་གླེང་བ།
དང་པོ། སྐ་རགས་ཀྱི་གོ་དོན་དང་དེའི་བྱེད་ནུས།
སྐ་རགས་ལ་གཞན་དུ་སྐེད་རགས་ཞེས་ཀྱང་འབྲི་ལ། བོད་པའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན།སྐ་སྐ་རགས་ནི་རས་སམ་སྲད་བུ་ལས་གྲུབ་པ་ཞིག་ཡིན་ཞིང༌། སྤྱིར་བཏང་གི་རིང་ཐུང་རྨིས༤. ༤ཙམ་ཡིན། སྐྱེས་པའི་སྐ་རགས་སྐྱེས་མ་ལས་ཅུང་ཐུང་བ་དང༌། དེ་ལ་སྔོན་པོ་དང༌། དམར་པོ། སེར་པོ། ལྗང་ཁུ་བཅས་མདོག་སྣ་ཕུན་སུམ་ཚོགས་པས་བརྒྱན་པར་བྱེད་ཡོད། སྤྱིར་བཏང་བཤད་ན། གཞོན་ནུ་ལོ་ཆུང་རྣམས་ཀྱིས་བཅིང་བའི་སྐ་རགས་ཧ་ཅང་མདོག་ཅན་ཡིན་ལ། བགྲེས་པོ་ཚོས་བཅིང་བའི་སྐ་རགས་ཀྱི་མདོག་ཅུང་སྲབ་པ་ཡིན། ཐོན་སྐྱེད་ནུས་ཤུགས་དང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་བོད་པའི་གྱོན་ཆས་སོགས་ལའང་ཆོས་ཉིད་དང་མཐུན་པའི་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད་པ་རེད། དེང་གི་དུས་འདིར། ཨ་མདོ་ས་ཁུལ་གྱི་སྐ་རགས་དབུས་གཙང་ཕྱོགས་ཀྱིས་བལྟས་ན་ཧ་ཅང་ངོ་མཚར་བ་དང་དབུས་གཙང་ཕྱོགས་ཀྱི་སྐ་རགས་ཨ་མདོ་ཕྱོགས་ཀྱིས་བལྟས་ནའང་ཧ་ཅང་ངོ་མཚར་བ་ཞིག་རེད།དེ་བས་སྐ་རགས་འདི་ཡང་ཡུལ་དང་གནས་ཀྱི་ཁྱད་པར་ཤིན་ཏུ་གསལ་བས། ང་ཚོ་བོད་པའི་རིག་གནས་ཀྱི་ཆ་ཤས་ཆུང་ཆུང་ཞིག་ཏུ་བརྩིས་ནས་དེ་ལ་ཞིབ་ཏུ་ཞིབ་འཇུག་བྱེད་ན་གད་མོ་ཤོར་བའི་གནས་ནི་ཡེ་ནས་མ་རེད་སྙམ།
རྡོ་སྦིས་ས་ཁུལ་གྱི་བོད་རིགས་ལ་མཚོན་ན། སྐ་རགས་ཀྱིས་ཁོང་ཚོར་ནུས་པ་རྫོགས་མེད་ཅིག་འདོན་བཞིན་ཡོད་པ་རེད། ཤོམ་བྱེད་སྐབས་སུ་རྒྱན་ཆ་མི་ཉུང་བ་ཞིག་སྐ་རགས་ཀྱི་སྟེང་དུ་འདོགས་པ་ཡིན་ཏེ། དཔེར་ན། རལ་གྲི་དང༌། བཞོ་ལུང༌། གློ་གཟར། ཨ་ལོང་སོགས་མང་པོ་ཞིག་སྐ་རགས་ལ་འདོགས་པ་ཡིན། གཞན་ཡང་གཉེན་སྒྲིག་སྐབས་སུ་སྐ་རགས་ཀྱིས་གཞོན་ནུ་ཕོ་མོ་བར་ལ་བཀྲ་ཤིས་པའི་མཚན་མ་མཚོན་པར་བྱེད་པ་ཡིན། གལ་ཏེ་འདས་པོའི་ཁྱིམ་ཚང་ཞིག་ལ་མཚོན་ན་འདས་པོའི་ཁྱིམ་མིས་སྐ་རགས་མི་བཅིང་བའམ་ཡང་ན་དེའི་ཚབ་ཏུ་གཞན་པ་ཞིག་བཅིང་པར་བྱེད་པ་ཡང་ཤུལ་མིས་འདས་པོ་ལ་དྲན་འདུན་བྱེད་པ་དེའང་སྐ་རགས་ཀྱིས་མཚོན་པར་བྱེད་པ་ཡིན། དེ་བཞིན། གཡུལ་ལ་འགྲོ་སྐབས་དང་རྩེད་མོ་རྩེ་སྐབས་སུ་སྐ་རགས་བཅིང་སྲོལ་ཡང་མི་འདྲ་ལ། སྐ་རགས་ཀྱི་ནུས་པའང་ཐ་དད་དུ་སྣང༌། མདོར་ན། སྐ་རགས་ནི་བོད་པའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་དང༌། དེས་མཚོན་པའི་རིག་གནས་ཀྱི་ཁྱད་རྟགས་སོགས་ལས་ང་ཚོར་བློ་བསྐྱེད་མི་དམན་པ་ཐོབ་པ་མ་ཟད། བོད་མིའི་འཚོ་བའམ་སྤྱི་ཚོགས་ལ་བཏོན་པའི་ནུས་པ་ནི་ཀུན་གྱིས་མཉམ་མི་འཇོག་ནའང་དེ་ནི་ངེས་པར་དུ་བརྗོད་དགོས་ལ་ཧ་ཅང་བརྗོད་རིན་ཡོད་པ་ཞིག་ཀྱང་རེད༌།
གཉིས། སྐ་རགས་བཅིང་སྲོལ།
ཀ མག་པའི་སྐ་རགས་བཅིང་སྲོལ།
མག་པ་ཚུར་བསུ་བ་ནི་མནའ་མ་ཚུར་བསུ་བ་དང་མི་མཚུངས་ཏེ། དེ་ལ་གྲ་སྒྲིག་གི་བྱ་བ་སྣ་མང་ཞིག་ཡོད་པ་མ་ཟད། སྐྱེལ་བསུ་ཡི་གོ་རིམ་ངེས་ཅན་ཞིག་ཀྱང་ཡོད་པ་རེད། མག་པ་དངོས་སུ་བུ་མོའི་ཁྱིམ་ཚང་ལ་ཚུར་བསུས་པའི་ཉིན་མོ་དེར། བུ་མོའི་གཉེན་ཉེ་དུ་གཙོས་རུ་སྡེ་དེའི་སྡེ་མི་ཡོད་དོ་ཅོག་བུ་མོའི་ཁྱིམ་ཚང་ལ་གཞི་གཅིག་ཏུ་འཛོམས་ཏེ་གླུ་ལེན་གར་རྩེད་བྱས་པའི་ཞོར་ལ་ཟས་དང་ཆང་ལ་རོལ་བ་ཡིན། གླུ་ལེན་གར་རྩེད་མ་བྱས་གོང་གི་སྔོན་ལ། ཡིད་དྲང་ཞིང་གཞུངས་བཟང་བ། ལས་དར་ཞིང་དགེ་སྒྲུབ་པ། གཤིས་འཇམ་ཞིང་སྨྲ་དག་པའི་སྐྱེས་བུ་ཞིག་གིས་ཧ་ཅང་གོ་རིམ་ཡོད་པའམ་རྟེན་འབྲེལ་བཟང་པོའི་ཚུལ་དུ་མག་པ་ལ་བཀྲ་ཤིས་པའི་སྐ་རགས་བཅིངས་པ་ཡིན། གཞན་དུ་དེ་ལ་མག་ལྕུག་གམ་མག་བཅིང༌། མག་སྐགས་ཟེར་སྲོལ་ཡང་ཡོད། མག་ལྕུག་དེ་བཅིང་དུས་འཆིང་མཁན་གྱིས་དང་པོ་བོད་ཀྱི་གོམས་སྲོལ་བཞིན་སྔོན་ལ་མག་པའི་ཕྱོགས་ཀྱི་ཆེ་བ་རི་ར་བ་ཁང་ཁྱིམ་ནས་ཆུང་བ་སྣོད་ཅ་ལག་ལ་སོགས་པ་ལའང་བསྟོད་པ་རྒྱས་ཤིང་རྒྱས་པ་བྱེད་པ་མ་ཟད་མག་པའི་ཕ་མ་དང་གཉེན་ཉེ་དུ། རུ་ཁ་ཁྱིམ་མཚེས་སོགས་ལའང་བསྟོད་དབྱངས་རྣ་ལ་སྙན་པ་ཞིག་འཐེན་པ་ཡིན། ཆེས་མཐའ་མར་མག་པ་དང་མནའ་མ་གཉིས་གཏན་དུ་མཐུན་པའི་ཤིས་སུ་སྐ་རགས་དེའི་འབྱུང་ཁུངས་ཐུན་མོང་མ་ཡིན་པའི་ཚུལ་དང༌། རིན་ཐང་བྲལ་བའི་གཏམ་ལྷུག་པོར་བརྗོད་དེ་དངོས་སུ་སྐ་རགས་བཅིང་བའི་མགོ་རྩོམ་པ་ཡིན། དེ་དང་འབྲེལ་བའི་བཅིང་སྲོལ་གྱི་སྐོར་ལ《མག་བཅིང་བཤད་པ་དར་ཚོན་སྣ་ལྔ》ལས། “དགུང་ཨ་སྔོན་འདྲ་བའི་ཨ་ཞང་གིས། །འབྲུག་ཕོ་ཆུང་འདྲ་བའི་མག་པ་ལ། །འཇའ་སྣ་ལྔ་འདྲ་བའི་སྐ་རགས་བཅིང༌། །མཚོ་སྔོན་པོ་འདྲ་བའི་ཨ་ཞང་གིས། །ཉ་གསེར་མིག་འདྲ་བའི་མག་པ་ལ། །ཆབ་སྔོན་མོ་འདྲ་བའི་སྐ་རགས་བཅིང༌། །ནགས་རྒྱ་རྫོང་འདྲ་བའི་ཨ་ཞང་གིས། །སྟག་དམར་ཡག་འདྲ་བའི་མག་པ་ལ། །ཤིང་ཙན་དན་འདྲ་བའི་སྐ་རགས་བཅིང༌། །ཆུ་རྨ་ཆུ་འདྲ་བའི་ཨ་ཞང་གིས། །བྱ་རྨ་བྱ་འདྲ་བའི་མག་པ་ལ། །སྒྲོ་གུར་ཁང་འདྲ་བའི་སྐ་རགས་བཅིང༌། །ད་ཨ་ཞང་ཚང་གིས་བཤད་ཀི་ར། །ཁ་ལས་རླུང་རྟ་རྒྱས་ནི། །ཁ་རྗེ་དབང་ཐང་དར་ནི། །དར་ཚོན་སྣ་ལྔ་འཛོམས་ནི་སྐ་རགས་འདིའི་ཁུག་མགོ །ང་དགུང་སྔོན་གནམ་ལ་གཅིག་ཁྱོགས་ཟེར་ག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com