བོད་ཀྱི་ཤ་བཤད་ཀྱི་སྲོལ་དང་དེ་ལས་འཕྲོས་པའི་རིགས་གནས་ལ་ཟུར་ཙམ་དཔྱད་པ།

རྩོམ་པ་པོ།:ཡུམ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-19 10:51:11 ཀློག་གྲངས།:

    བོད་ཀྱི་ངག་རྒྱུན་བཤད་པ་ནི་དོན་གྱི་ཁེབས་རྒྱ་ཆེ་ཞིང་རིགས་མང་བ།  བརྗོད་བདེ་ཞིང་གོ་སླ་བ། མཐོང་ཐོས་ཡུལ་དུ་གྱུར་ན་རོ་ཉམས་ལྡན་པས་སྤྲོ་བག་འཕེལ་བར་བྱེད་པའི་ངག་རིག་ཕུན་སུམ་ཚོགས་པ་ཞིག་རེད། དེ་སྔ་ཁོ་བོས་བོད་ཀྱི་ངག་རྒྱུནབཤད་པའི་སྐོར་ནས་ཆེད་རྩོམ་རེ་གཉིས་སྤེལ་ཏེ། དེའི་ཚིག་དོན་གཉིས་ཆར་ཞིབ་ཏུ་དཔྱད་ཁུལ་གྱིས་བཤད་པའི་རིགས་ཀྱི་དབྱེ་བ་དང་རྒྱན་གྱི་ཁྱད་ཆོས་བཅས་ལྷུག་པར་བཀྲལ་སླད་སྐབས་འདིར་མི་སྤྲོ། ད་རེ་གསར་དུ་བཀོད་པའི་ཤ་བཤད་འདི་ཀོ་ནི་སྔར་མདོ་སྨད་འབྲོག་ཁུལ་དུ་དར་ཁྱབ་ཆེ་ཚོད་འདུག འོན་ཏེ་དེང་སང་རྒན་པ་ཁ་ཤས་མ་གཏོགས་ཤེས་མཁན་དཀོན་ཕྱིརདག་སྣང་ཅན་རེ་གཉིསཀྱིས་ཡི་གེར་ཕབ་ནས་བསྟན་བྱུང་བ་བོད་ཀྱི་ངག་རིག་དར་བའི་གསོས་འདེབས་སུ་འོས་ཆེ་བར་སེམས་ནས། འདིར་ཤ་བཤད་ཀྱི་མ་ཡིག་དང་དཔྱད་པ་སྦྲག་མར་གསར་དུ་འགོད་པ་ལ་ལྷག་ཆད་ནོར་གསུམ་ཅི་བྱུང་ཤེས་ལྡན་རྣམས་ཀྱིས་འཕྲི་སྣོན་དག་སེལ་མཛད་རོགས་ཞུ།

    དང་པོ། ཤ་བཤད་ཀྱི་གཞུང་དོན་ངོ་སྤྲོད།

    སྒང་བ་བོད་ཀྱི་བཟའ་བཏུང་བསྟེན་ལུགས་ལ་དཔྱད་ན་ཤེས་གསལ་ལྟར། བཟའ་བཏུང་དེ་ཁ་དོག་གི་ཆ་ནས་གཙོ་བོ་དཀར་དམར་གཉིས་སུ་དབྱེ་བར་སྣང༌། དབྱེ་ཚུལ་འདི་འབྲོག་ཟས་ལ་བརྟེན་ནས་བྱུང་བར་མངོན་ཏེ། དཀར་ཟས་སུ་མར་ཆུར་འོ་མ་ཞོ་སོགས་དང༌།  དམར་ཟས་ཤ་ཁོ་ན་ཡིན་ཞིང༌། དེ་ཡང་གཙོ་བོ་ནོར་ལུག་དང་རི་དྭགས་རྩྭ་གཟན་གྱི་ཤ་ལ་གོ་དགོས་འདུག བོད་དུ་གནའ་སྔ་མོ་དཀར་ཟས་ཀྱི་མཚོན་བྱེད་མར་རྩམ་དང༌། དམར་ཟས་ཀྱི་མཚོན་བྱེད་བཟའ་བ་ཤ་དང༌།  བཏུང་བ་ཇ་ཆང་སོགས་ལ་ཇ་བཤད་དང༌། ཆང་བཤད། ནས་བཤད་སོགས་རླུང་ལྟར་གྲགས་པ་ཡོད་མོད།   ཤ་བཤད་ལ་མཚོན་ན་ངག་རྩོམ་རེ་གཉིས་སུ་ཐ་ཐོར་དུ་བཀོད་པ་ཙམ་ལས།  ད་རེའི་ཤ་བཤད་འདི་ལྟར་མགོ་མཇུག་བར་གསུམ་དུ་ཤ་ཡི་ཆེ་བ་བསྙོན་མེད་དུ་བརྗོད་ཅིང༌། ངག་རིག་བཤད་པའི་ཁྱད་ཆོས་འཛོམས་པ་ཞིག་ད་སྔ་བར་མཐོང་དཀོན་ཚོད་འདུག

    སྤྱིར་ངག་རིག་བཤད་པའི་རྩོམ་ལུས་སུ་ཚིགས་བཅད་ཤས་ཆེ་བ་དང༌། དེ་ནས་སྤེལ་མ་དང་ལྷུག་པ་ནི་ཉུང་བར་མངོན། འདིར་བཀོད་ཤ་བཤད་ལ་དྲི་བ་དྲིས་ལན་བསྡོམས་ན་ཚིག་རྐང༡༣༦ཡོད་པ་དང༌།  དེ་དག་ཐམས་ཅད་ཚིགས་བཅད་ཚེག་བར་བདུན་མ་ཏག་ཏག་རེད། ཁོ་བོས་དེ་སྔ་བཤད་པ་སྤྱི་རྒྱས་པར་བཀྲལ་སྐབས། བཤད་པ་ལ་གོ་དོན་མཚན་ཉིད་ལྟ་བུའམ་ཡང་ན་དེའི་ཐུན་མོང་གི་ཁྱད་ཆོས་སྙིང་བོར་དྲིལ་ནས་ཕྱོགས་བཞི་ཙམ་དུ་དབྱེ་བ་ནི་བོད་ཀྱི་ངག་རིག་བཤད་པའི་གཞུང་གོ་བདེ་བའི་ཕྱིར་གནས་སྐབས་སུ་དེ་ལྟར་བཀོད་པ་ཞིག་ཡིན།

    སྐབས་བབ་ངག་རྒྱུན་ཤ་རབས། འདི་ཀོ་ཤ་བཤད་དུ་འཇུག་དོན་ཡང༌། དེའི་སྲོག་དང་ལུས། ཡང་ན་བརྗོད་བྱ་དང་རྗོད་བྱེད་དེང་སང་ནང་དོན་དང་རྣམ་པར་ཡར་འབོག་གེ་གང་གི་ཆ་ནས་སྔར་བཀོད་པའི་བཤད་པ་དག་གི་གཞི་རྩའི་ཆོས་ཉིད་དམ་ཁྱད་ཆོས་ལྡན་པས་ཡིན་ནོ།།  གཤམ་དུ་ངག་རིག་ཤ་བཤད་འདིའི་ཁྱད་ཆོས་ཕྱོགས་གསུམ་ནས་ཟུར་ཙམ་སྤྲོ་བ་ལ།

    ༡ བཟའ་བ་ཤ་ཡི་རྟེན་གཞི་གཡང་དཀར་ལུག་ག་བྱུང་རབས་བསྟན་པ།

    འགྲོ་བ་མིས་ཐོག་དང་པོར་ལུག་ཇི་ལྟར་བཙལ་སྐོར་དང་འཛིན་ལུགས། བཀྱིགས་ཚུལ་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ཅིང༌།  འབའ་ཡི་གཏེར་ལུང་འགབ་མ་ནས་ལུག་ལ་ཕྲད་པ་སྟེ།   གསེར་གྱི་མ་མོ་གསེར་ལུ་མ། །དུང་གི་ལུ་གུ་ཟླ་བ་བསྐྱབས།།   ལྷ་ལུག་ཐུང་བ་རྡོ་རྗེ་སྐྱབས། ། ལུག་དེ་གསུམ་རྙེད་ནས་ཡུལ་ལ་ཡོང༌། ། ཞེས་དང༌།  ལུག་དེ་དག་འཚོལ་དུས་ཐོག་མར་རྟ་དང་ཟོག་ལ་ཕྲད་པ་ལས་བོད་ཀྱི་རྟ་ནོར་ལུག་གསུམ་འདུལ་བའི་དུས་སྔ་ཕྱིའི་ཐད་དུ་ཡང་གོ་བ་སྐྱེད་རྒྱུ་ཡོད།  གང་ལྟར་རྒྱ་ཧོར་འཇང་གསུམ་གྱི་ཡུལ་དུ་ཕྱིན་ཡང༌།  དེ་ནས་མ་རྙེད་པར་མཐར་འབའ་ཡི་གཏེར་ལུང་འགབ་མ་ནས་རྙེད་པ་ལས། བོད་སྐད་དུ་ལུག་ལ་འབའ་ལུག་ག་ཞེས་གྲགས་པའང་ལུག་གི་འབྱུང་ཡུལ་འདི་ལས་ཐོགས་པ་འདྲ།  ཡིན་ནའང་དེང་སང་འབའ་ཞེས་འབོད་པའི་ས་ཆ་མདོ་དབུས་ཁམས་གསུམ་ཀུན་ཏུ་ཡོད་པས་ངོས་འཛིན་དཀའ་བར་གྱུར། འབའ་མོ་ལུག་གི་བྱུང་རབས་ལ་མདོ་སྨད་དཔའ་རིས་ཡུལ་དུ་དར་ཆེ་བའིགཡང་དཀར་ལུག་གླུཞེས་པར་ལུག་དང་པོ་ཇི་ལྟར་བྱུང་བ་དང༌། ལུག་གི་ཁྱད་ཆོས། ལུག་ཤ་ཟ་བའི་སྟབས་ཀ་འགྲིག་མིན་སྐོར་གཞི་མགྲོན་དང་གཉེན་ཞང་གཉིས་ནས་གླུ་ཤགས་འཕེན་རེས་དང༌། ཁྲོམ་ཆེན་གླུ་བས་གླུ་འགྲན་བྱ་བའི་ཚུལ་དུ་བཀོད་ཡོད།

    ཡང་གོང་གི་ལུག་དེ་གསུམ་འཛིན་ལུགས་དང་བཤའ་ལུགས་བརྗོད་སྐབས།  མ་མོ་འཕེལ་གི་བསམ་ནས་བསྐྱུར།།    ལུ་གུ་ཆུང་གི་བསམ་ནས་བསྐྱུར།། ཐུང་བ་རིང་གི་བསམ་ནས་བསྐྱུར། །ཞེས་དང༌། བོད་ཀྱི་ལུགས་ལྟར་ལུག་གི་ཁ་ཟུམ་ནས་དངོས་སུ་བཤའ་དུས་ཀྱི་ལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།