༄༅༎ བོད་ཀྱི་རླུང་རྟ་འཛུགས་པའི་སྲོལ་སྐོར་གླེང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-21 10:08:21 ཀློག་གྲངས།:

    དེ་ཡང་ལྗོངས་རྒྱུ་བ་ཞིག་བོད་དུ་ཐོག་མར་སླེབས་སྐབས་ཐག་རིང་ནས་མཐོང་བའི་མངོན་གསལ་དོད་ཤོས་ཀྱི་དངོས་པོ་ཞིག་ཡོད་པ་ནི་དར་ལྕོག་ཅེས་པ་དེ་ལགས། དར་ལྕོག་ཅེས་བའི་ཚིག་དེ་ལ་ཆོས་ལུགས་ཀྱི་ནང་དོན་ཅི་ཡང་མ་མཆིས་ལ། དེ་ཐོག་མར་བོད་དུ་དར་སྐབས་ཀྱང་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན། འོན་ཀྱང་། སངས་རྒྱས་ཆོས་ལུགས་དེ་་བོད་ཀྱི་རིག་གནས་ནང་སིམ་འཛུལ་བྱས་རྗེས་དར་ལྕོག་ཅེས་བ་དེ་ཡང་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་དུ་བསྡུ་ལེན་བྱས་ཡོད་པ་རེད། དེར་བརྟེན། ད་ལྟ་དར་ལྕོག་ཅེས་པ་དེ་ལ་གསོལ་བ་སྨོན་ལམ་གྱི་ཚིག་དང་སྔགས་ཡིག་ཙམ་ལས་གཞན་མཚོན་དོན་ཅི་ཡང་མེད་པའི་དངོས་པོ་ཞིག་ཏུ་འཕོ་འགྱུར་ཕྱིན་ཡོད།

དང་པོ། རླུང་རྟ་ཡི་འབྱུང་ཁུངས་སྐོར་གྱི་རྩོད་གཞིར་དཔྱད་པ།

    དེ་ཡང་བོད་ཡིག་ནང་རླུང་རྟ་ཞེས་བའི་ཚིག་དེ་་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་ཅིང་། དེ་ལ་རླུང་རྟ་དང་ཀླུང་རྟ་ཞེས་འབྲི་སྲོལ་ཁག་གཉིས་ཡོད། དེ་གཉིས་ལས་ཀླུང་རྟ་ཞེས་པའི་ཚིག་དོན་ནི་ཆུ་རྟའམ་ཆུ་ཡི་རྟཞེས་པའི་དོན་ཡིན་ལ། རླུང་རྟ་ཞེས་བ་ནི་རླུང་རྟ་རང་ལས་གཞན་པའི་དོན་ཅི་ཡང་མ་་མཆིས། ཀླུང་རྟ་དང་རླུང་རྟ་ཞེས་པའི་ཐ་སྙད་གཉིས་པོའི་འགོ་ཚིག་གཉིས་ཀྱི་སྒྲ་གདངས་ནི་གཅིག་མཚུངས་ཡིན་རུང་ཚིག་དོན་མི་འདྲ་བས་མི་རྣམས་ལ་འཁྲུལ་སྣང་ངེས་ཅན་ཞིག་སྦྱིན་བཞིན་ཡོད། ཝེ་དལ་ཞེས་པའི་ཞིབ་འཇུག་པ་དེས་རླུང་རྟ་ཞེས་པའི་ཚིག་དེ་ནི་རྒྱ་སྐད་ཀྱི་མིང་ཚིག་‘ལུང’(龙)ཞེས་པའི་ཚབ་མཚོན་ཡིན་ཞེས་དང་། ལུངནི་འབྲུག་དང་རླུང་རྟ་ཞེས་པ་ནི་ལུང་མཱ’ (龙马)ཞེས་པའི་དོན་ནོ་ཞེས་གསུངས་ཡོད་པ་རེད།  ཁོ་བོས་ལྟར་ན། གལ་ཏེ་ཁོང་གི་ཚིག་རྣམས་བདེན་པ་ཡིན་པའི་དབང་དུ་བཏང་ན། རྟ་ཞེས་མཱ’(马)ཡི་དོན་དུ་བསྒྱུར་རྒྱུ་ཡོད་བཞིན་དུ་ལུངལ་འབྲུག་ཅེས་མ་བསྒྱུར་བ་ཅི་ཡི་དོན། གལ་ཏེ་རླུང་རྟ་ཞེས་པ་དོན་དེ་ཡི་འབྱུང་ཁུངས་རྒྱ་ལ་གཏུགས་ན། དེ་ལ་རླུང་རྟ་མི་ཟེར་བར་འབྲུག་རྟ་ཞེས་ཟེར་དགོས་པ་ཡིན། དེ་བཞིན། རྒྱ་ཡི་གཏམ་རྒྱུད་ནང་འབྲུག་རྟ་ཞེས་པ་དེ་འབྲུག་གིས་མཚོན་པར་བྱ་བའི་སྲོལ་མཆིས་ནའང་། བོད་ཀྱི་རིག་གནས་ཁྲོད་དེ་ལྟ་བུའི་མཚོན་བྱེད་ཅིག་མ་མཆིས་སོ། འབྲུག་རྟ་བྲིས་པའི་ཐང་ག་འགའ་ཞིག་ཏུན་ཧོང་ནས་རྙེད་སོན་བྱུང་བའི་དེ་ནི་གནའ་བོའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལྡན་པའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་རྟོགས་ཐུབ། ཞིབ་འཇུག་པ་ཝེ་དལ་ཡི་བཞེད་ཚུལ་ལྟར་ན། འབྲུག་རྟ་ནི་བརྗིད་རྔམས་ཀྱི་མཚོན་བྱེད་ཅིག་ཡིན་པར་འདོད། འོན་ཀྱང་ཝེ་དལ་རང་ཉིད་ནི་ལུངཞེས་པའི་འབྲི་ཚུལ་དེའི་ཐེ་ཚོམ་གྱི་དྲ་རྒྱར་ཚུད་ཡོད་པ་དང་། དེ་ལྟ་བུའི་འབྲི་སྟངས་ཤིག་བོད་ཡིག་གི་དཔེ་ཆའི་ཐོག་མ་མཆིས་པས་ཁོང་གི་བཞེད་ཚུལ་དེ་ནི་ཡིད་རྟོན་རུང་བའི་གནད་ཅིག་མ་ཡིན། ཡིན་ནའང་། འབྲུག་དང་རྟ་གཉིས་བོད་ཀྱི་རླུང་རྟའི་ཐོག་དངོས་སུ་བཀོད་སྲོལ་ཡོད་ཅིང་། བོད་ཡིག་གི་དཔེ་ཆའི་ཐོག་ལའང་ཀླུང་རྟའམ་རླུང་རྟ་ཞེས་འབྲི་སྲོལ་གཉིས་ཡོད་པ་ནི་ཀུན་གྱི་མཁྱེན་ཆོས་ཡིན་ལ། མི་རྣམས་ཀྱིས་དེ་ལྟ་བུའི་འབྲི་ཚུལ་ལའང་ཡ་མཚན་ཆེར་མི་བྱེད་དོ། འབྲི་སྲོལ་དེ་གཉིས་སྐོར་ལ་འཇུ་མི་ཕམ་རྣམ་རྒྱལ་ (1848--1912) གྱིས་ཀླུང་རྟ་ཞེས་བྲིས་ན་མཛེས་པོ་མེད་པས་རླུང་རྟ་ཞེས་བྲིས་ན་ལེགས་སོ་ཞེས་གསུངས་པ་ཙམ་ལས། རྒྱུ་མཚན་ཡང་དག་ཅི་ཡིན་སྐོར་འགྲེལ་བཤད་མཛད་མེད། སྐར་རྩིས་ཀྱི་གཞུང་དེ་ནི་སྤྱི་ལོ་1027ལོར་བོད་དུ་དུས་འཁོར་གྱི་རྩིས་གཞུང་དར་སྐབས་དང་དུས་གཅིག་ཏུ་དར་ཡོད། བོད་ཀྱི་རྩིས་ལ་མཁས་པ་རྣམས་ཀྱིས་རྒྱ་ནག་གི་ཡུལ་ནས་དར་བའི་རྩིས་ལ་ནག་རྩིས་ཟེར་ལ། རྩིས་གཞུང་དེ་རིགས་ནི་བོད་ཀྱི་བཙན་པོའི་དུས་རབས་ནས་བཟུང་བོད་དུ་དར་འགོ་ཚུགས་ཡོད། རྩིས་དེ་བོད་དུ་དར་བའི་ཞིབ་ཕྲའི་དུས་རབས་ནི་དུས་རབས་བདུན་པ་ནས་དགུ་པའི་བར་ཡིན། རླུང་རྟ་ཞེས་པའི་ལྟ་ཚུལ་དེ་གོང་གསལ་རྒྱ་ནག་གི་རྩིས་གཞུང་ནང་དར་འཕེལ་བྱུང་ཡོད་ལ། ཀླུང་རྟ་ཞེས་པ་དེ་ནི་བོད་ཀྱི་ནག་རྩིས་ཀྱི་དཔེ་ཆའི་ནང་འཁོད་པའི་རྒྱུ་བཞིའི་ཆ་ཤས་ཤིག་ཀྱང་ཡིན་པ་དེ་ལྟར་ཏེ། གཅིག སྲོག གཉིས།ལུས།    གསུམ། དབང་ཐང་། བཞི། ཀླུང་རྟ། བཅས་སོ། ཁོ་བོའི་འདོད་ཚུལ་ལྟར་ན།ཀླུང་རྟ་ཞེས་པའི་ཐ་སྙད་དེ་ནི་ལུང་མཱཞེས་པའི་རྒྱ་སྐད་ཀྱི་ཐ་སྙད་དེ་བོད་ཡིག་ཐོག་ནང་འདྲེན་བྱས་པ་ཞིག་ཡིན་པར་སེམས། དེ་ལྟར་ངེས་འཛིན་བྱེད་པའི་རྒྱུ་མཚན་ནི།རྒྱ་ནག་གི་གཏམ་རྒྱུད་ནང་དུ་རླུང་རྟ་དེ་ཉིད་རྟག་ཏུ་ཆུ་བོ་དང་འབྲེལ་ནས་ཐོན་པ་དང་།དེ་བཞིན་དེའི་གཟུགས་སྙན་ཡང་ཆུ་ནང་ལས་འབྲུག་གི་སྒལ་ཐོག་ཏུ་སྤར་ཁ་བརྒྱད་ཅན་གྱི་རི་མོ་བཀལ་བ་ཞིག་མཁའ་ལ་འཕྱོ་བ་ཞིག་འབྲི་སྲོལ་ཡོད། དེར་བརྟེན་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།