བོད་ཁང་གི་ཡོལ་བ་དང་གཤམ་བུ་བཤད་པ།

རྩོམ་པ་པོ།:བྱ་རིགས་པ་བློ་བཟང་རྣམ་རྒྱལ། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-28 09:57:08 ཀློག་གྲངས།:

 

  བོད་ཁང་གི་སྒོ་དང་།  སྒེའུ་ཁང་གིཐོད་དུ་གཤམ་བུ་གཏོང་གི་ཡོད།  གཤམ་བུ་ཕལ་ཆེར་དར་དཀར་པོར་གོང་བ་དམར་སེར་སྔོ་གསུམ་སྒར་སྲོལ་ཡོད།  དགོན་པ་དང་ཕོ་བྲང་གི་རབ་གསལ་གཟིམ་ཆུང་གི་སྒེའུ་ཁང་གི་གཤམ་བུའི་འོག་ཏུ་གནམ་ཡོལ་ཞེས་རས་སམ་དར་གོས་ཀྱི་གཞི་དམར་པོར་མཐའ་ལྕགས་དང་།  ཚེམ་དྲུབ་སྟེང་སྔོན་པོ་བཏང་བ་ཞིག་དང་རབ་གསལ་མདུན་གྱི་སྟག་ཁྲའི་ངོས་སུ་གོང་མཚུངས་ཀྱི་ཡོལ་བ་ས་ཡོལ་ཞེས་པ།  རབ་གསལ་དང་།  སྒོ་མཆོར་མདུན་སྦྲ་ཡོལ་ནག་པོར་རབ་དཀར་པོའི་མཐའ་ལྕགས་དང་།  པ་ཏྲ་སོགས་སྦ་ལེ་བརྒྱབ་བ་ཞིག་གཏོང་གི་ཡོད།  སྒེར་བའི་ཁང་པར་གནམ་ཡོལ་ལས་ས་ཡོལ་གཏོང་མེད།  གཞན་ཡང་ཁང་པའི་མཛེས་ཆར་ཐུག་དང་།  རྒྱལ་མཚན།  དར་ལྕོག  བཀྲ་ཤིས་ཁྲ་རིང་།  དར་ལྕེ་སོགས་འཛུགས་སྲོལ་ཡོད་པ་རྣམས་མིང་སྨོས་ཙམ་ལས་རྩིག་བཟོ་དང་འབྲེལ་བ་ཆེར་མེད་སྟབས་འདིར་ཞིབ་ཆ་མ་བཀོད་བཅས་སོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།