དྲུག་པའི་གླུ་རོལ་དར་བའི་ལོ་རྒྱུས་ཆ་རྐྱེན་དང་རྨང་གཞི།

རྩོམ་པ་པོ།:amidn ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-03 20:53:35 ཀློག་གྲངས།:

     བོད་ས་གནས་ཁ་ཤས་སུ་དར་བའི་གླུ་རོལ་དེ་གློ་བུར་དུ་བྱུང་བའི་དམངས་ཁྲོད་ཀྱི་རྩེད་རིགས་ཤིག་མིན་པར་དེ་ལ་ལོ་རྒྱུས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་རྨང་གཞི་བཅས་དུས་ཡུན་ཧ་ཅང་རིང་བོ་ཞིག་བརྒྱུད་ཡོད་པ་སྟེ།

   (བོད་ལ་གླུ་རོལ་ཞེས་པའི་དམངས་ཁྲོད་ཀྱི་རྩེད་རིགས་འདི་དར་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་ནི། བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བ་དང་གནས་པ།   འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་སྟེ།  སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བ་ནས།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ལ་རབ་བྱུང་གི་སྡེ་ཐོག་མར་ཚུགས་པའི་བར་གྱི་ལོ་གྲངས་བརྒྱ་ལྷག་ཙམ་གྱི་རིང་བོད་ཀྱི་མི་དམངས་ཚོས་སངས་རྒྱས་ཆོས་ལུགས་དང་བོན་པོའི་ཆོས་ལུགས་གཉིས་ཀར་དད་པ་བྱེད་ཀྱིན་ཡོད་ཀྱང་།   མང་ཆེ་ཤོས་བོན་པོའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན་པ་དང་།   སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མང་ཚོགས་ཡོད་པ་ལས་ཆོས་བྱེད་མཁན་གྱི་གྲྭ་བ་ཟུར་དུ་མེད་ཅིང་།   ཆོས་བྱེད་མཁན་ཚོར་སྡོད་སའི་དགོན་པ་ཟུར་དུ་མེད་ཅིང་།  དེ་ཚོར་དམིགས་བསལ་གྱི་དབང་ཆ་གང་ཡང་མེད་སྟབས།   བོན་པོའི་ཆོས་ལུགས་དང་འགྲན་ཟླར་ལངས་པའི་སྟོབས་ཤུགས་མེད་པ་བཅས་ཀྱི་ཐོག་མའི་དུས་སྐབས་སུ་གནས་ཡོད།   རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་ནས་ལོ་ན་སོན་རྗེས་སུ་རྒྱ་གར་གྱི་སློབ་དཔོན་པདྨ་སམ་བྷ་ཝ་དང་མཁན་ཆེན་ཞི་བ་འཚོ་སོགས་པཎྡི་ཨཏ་མང་པོ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་སོགས་ལྷ་ཁང་མང་པོ་བཞེངས་ཤིང་།    རྒྱ་གར་དང་རྒྱ་ནག་སོགས་ནས་སངས་རྒྱས་ཆོས་ཀྱི་ཆོས་དཔེ་མང་པོ་བོད་སྐད་དུ་བསྒྱུར་པར་མ་ཟད།   ད་རུང་སློབ་དཔོན་པདྨ་སམ་བྷ་ཝ་ཁོས་ཕ་མ་གཉིས་འཛོམས་ཀྱི་བུ་དང་བུ་མོ་ཁག་གཅིག་ལ་པྲ་འབེབས་བ་ཟེར་བ་མི་ལ་ལྷ་འདྲེ་ཁོག་ཞུགས་བྱས་པའི་ལུགས་སྲོལ་འདི་ཐོག་མར་བཙུགས།  ལྷག་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་སྲིད་སྐྱོང་བ་ལ་ཡི་གེ་མེད་པས་ཐག་པ་ལ་མདུད་པ་དང་།  ཤིང་བུ་ལ་རྟགས་འདེབས་པ།  ར་ཅོའི་རྩེ་མོ་ཕྱེད་དུ་བཏང་ནས་ངོས་གཉིས་ལ་རྟགས་བཏབ་སྟེ་རྩིས་བྱེད་པ་སོགས་ཀྱི་སྲོལ་འདི་དང་།   ད་རུང་བོད་དུ་ཐོག་མར་དར་བའི་བོན་པོའི་ཆོས་ལུགས་ཀྱི་སྲོལ་ཏེ་དམར་མཆོད་བཅས་འདི་དག་ཐམས་ཅད་ཡར་རྩིས་པའི་ལོ་ངོ་ཉིས་སྟོང་ཙམ་གྱི་ཡར་སྔོན་ནས་དུས་ཡུན་རིང་བོའམ་རིམ་པ་ངེས་ཅན་ཞིག་བརྒྱུད་དེ་རིམ་བཞིན་བྱུང་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་གོམས་འདྲིས་ཞིག་ཡིན་པ་སྨོས་ཅི་དགོས།   འདི་དག་བྱུང་བ་དང་དར་བཞིན་པ་དེ་ནི་བོད་ཀྱི་ས་གནས་ཁ་ཤས་སུ་གླུ་རོལ་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་ཡིན་ལ།   གླུ་རོལ་དར་བའི་རྨ་གཞིའང་ཡིན།

   (གླུ་རོལ་བྱུང་བའི་སྤྱི་ཚོགས་ཀྱི་རྨང་གཞི།

   བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་ནས་བཟུང་བོད་ཡུལ་དུ་མཐའ་གཅིག་ནས་ནང་པ་སངས་རྒྱས་པའི་བསྟན་པ་འབའ་ཞིག་འདོད་ཀྱི།   བོན་ཆོས་ཡོངས་སུ་སྤངས་པ་དང་སངས་རྒྱས་པའི་ལྟ་བའང་བོ་དྷི་ས་ཏྭའི་ལུགས་ཁོ་ན་ལས་གཞན་རྣམས་ལ་བཀག་འགོག་བྱས་ཏེ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་ཟུང་གཙུག་རྒྱན་ལྟར་བཀུར་དྲགས་པས།    སྤྱིར་བན་བོན་གཉིས་དང་བྱེ་བྲག་ནང་པ་བའི་བར་སྐྱི་གཡའ་བའི་འཐབ་རྩོད་མང་དུ་བྱུང་བར་མ་ཟད།  དད་མོས་ཐ་དད་དུ་བཟུང་བའི་བློན་པོ་རྣམས་ཀྱིས་ཀྱང་འགལ་བ་དེ་དག་བེད་སྤྱད་ནས།    རང་རང་གི་ཐོབ་ཐང་དང་སྒེར་དབང་སྐྱོང་སླད་དུ་འཐབ་རྩོད་བཟོད་དུ་མེད་པ་སྣ་ཚོགས་བྱས་ཏེ་རྗེ་བློན་བར་ལ་ཡང་འགལ་བ་ཆེས་ཆེར་བྱུང་།    རྗེ་བློན་ཀུན་གྱིས་བློ་སེམས་གཅིག་སྒྲིལ་གྱིས་ནང་གི་སྲིད་སྐྱོང་བ་དང་ཕྱིའི་དགྲ་བོ་འདུལ་བའི་ནུས་ཤུགས་དེ་ཧ་ཅང་ཞན་ནས་ཞན་དུ་སོང་།   དེར་བརྟེན་སྐབས་དེའི་དབང་བསྒྱུར་གྲལ་རིམ་གྱིས་རང་རང་གི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ།   མི་ཤི་རྟ་འགྱེལ་གྱི་ས་ཆའི་རྩོད་པ་རྒྱལ་ཕམ་དུ་མ་བྱས་ནས་སོ་སོའི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  དམག་དོན་བཅས་ཕྱོགས་གང་ཅིའི་ཐད་ནས་གྱོང་ཆག་ཚབས་ཆེན་བྱུང་བར་བརྟེན།  སྤུར་རྒྱལ་བོད་ཀྱི་རྗེ་བོ་མངའ་བདག་ཁྲི་རལ་བ་ཅན་དང་ཐང་གུར་རྒྱ་རྗེ་གཉིས་ཞི་ཞིང་མཐུན་པའི་ཆབ་སྲིད་ལ་མོས་ནས་དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་བསླངས་པ་ཞིག་ཡིན་ཞིང་།   རྡོ་རིང་གི་ཡི་གེ་ལས་བྱུང་བ་རྣམས་ཀྱི་བརྗོད་བྱ་གཙོ་བོ་ནི་བོད་རྒྱའི་ངལ་རྩོལ་མི་དམངས་ཀྱི་ཕན་ནུས་བརྗོད་པ་མི་མངོན་ཡང་མིའི་རིགས་ཀྱི་སྤྱི་ཚོགས་ནི་ངལ་རྩོལ་མི་དམངས་ཀྱིས་བསྐྲུན་ཅིང་།   ངལ་རྩོལ་མི་དམངས་ནི་ལོ་རྒྱུས་ཀྱི་བདག་པོ་ཡིན་པ་དང་།    འཇིག་རྟེན་མི་ཡི་སྤྱི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།