ཀུན་འདུས་ཞལ་ཐང་ཆེན་མོ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-14 10:41:33 ཀློག་གྲངས།:

  དེང་གི་ཆར་སྙན་པའི་གྲགས་པ་ཕྱོགས་མཐར་མཆེད་པའིཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེད་མོཞེས་པ་འདི་ནི། ཏང་དང་སྲིད་གཞུང་གི་མགོ་ཁྲིད་འོག སྐྱེས་ཆེད་དམ་པ་རྣམས་ཀྱིས་རྒྱབ་སྐྱོར་དང༌། མཐོ་རིམ་མཛེས་རྩལ་པ་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་དཀའ་སྤྱད་འབད་བརྩོན་ངང་རྩ་འཛུགས་བྱས་པ་ལ་བརྟེན་ནས་རེབ་གོང་གི་ལྷ་རིས་པ་གཙོས། མཚོ་སྔོན་དང༌། ཀན་སུའུ། བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་ལྔའི་བོད་རིགས་ལག་རྩལ་པ་བཞི་བརྒྱ་ལ་ཉེ་བ་རྣམས་ཀྱིས་རམ་འདེགས་བྱས་འོག་སྲོལ་རྒྱུན་བོད་རིས་ལྟར་བཞེངས་པའི་མུ་འབྲེལ་ཞལ་ཐང་སྲིད་དུ་རིང་བ་ཞིག་ཡིན། དེའི་ཞིང་ལ་རྨིད་༢.༥་དང་སྲིད་ལ་རྨིད་༦༡༨ཡོད་པའི་ཞལ་ཐང་ཆེད་མོ་འདི་གལ་སྲིད་སྐྱེས་ཙམ་ནས་ལག་རྩལ་བརྒྱ་བརྒལ་བའི་དུས་ཡུན་སྤྱད་ན་གཞི་ནས་འདི་ལྟ་བུའི་ཞལ་ཐང་ཞིག་འགྲུབ་ཐུབ།

 བསམ་པའི་ལོངས་སྤྱོད་སྤྱད་པས་མི་འཛད་པ་ལ་བོད་རིག་པ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གཅེས་པར་འཛིན་པའི་སྐལ་བཟང་དཔྱིད་ཀྱི་དཔལ་མོ་འཛུམ་པའི་དུས་སྐབས་འདིར། བོད་ཅེས་པའི་རྣམ་པ་ངོ་མ་དང་བོད་རིག་པའི་ཁོག་འབུགས་དེ་གསོན་ཉམས་ལྡན་པའི་སྒོ་ནས་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་གཟིགས་མོར་འགྲེམ་ཕྱིར། སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ལོ་ངོ་དུ་མའི་རིང་འཆར་ཟིན་བཀོད་མཐར། ལྟ་ཞིབ་ཚོགས་པ་སྒྲིག་འཛུགས་ཀྱིས་བོད་ཁམས་ཀུན་ནས་རྙེད་པར་དཀའ་བའི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་གང་ལེགས་བྱས་པར་མ་ཟད། མདོ་དབུས་ཁམས་གསུམ་གྱི་སྐྱེས་ཆེན་རྣམ་པའི་དྲུང་དུ་དགོངས་འཆར་གཏམ་གྱི་ཉིང་ཁུ་བསྡུ་ལེན་བྱས་པ་དང༌། བློ་འདོན་ཐབས་འདྲིར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་དང་ཀྲའོ་ཕུའུ་ཁྲུའུ་རྣམ་གཉིས། འཛམ་གླིང་གི་བོད་རིག་ཚོགས་པའི་ཚོགས་གཙོ་མཁས་ཆེན་མཁར་རྨེའུ་བསམ་གཏན་སོགས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་རམས་པ་དང༌། གྲུབ་མཐའ་ཁག་གི་བླ་སྤྲུལ་སྐྱེས་ཆེན། ཏང་སྲིད་མགོ་ཁྲིད་པ་སོགས་གདན་འདྲེན་པར་དཀའ་ཚེགས་ཆེ་བའི་ལམ་ཐག་སྤྱི་ལེ་སུམ་འབུམ་ལྷག་བརྒྱུད་པ་དང༌། རང་སྲོག་དཔང་བཞག་གིས་གཞན་ནོར་བསྐྱིས་པའི་མཐུན་རྐྱེན་གང་འཚམ་འཛོམས་འོག་དང་༡༩༩༦ལོ་ནས་ཞལ་ཐང་ཆེན་མོའི་གསར་བཞེང་གི་བྱ་བ་དངོས་སུ་བརྩམས་པ་༡༩༩༩ལོར་ཡོངས་སུ་གྲུབ་པ་མ་ཟད། ལོ་དེའི་ཟླ་༨པའི་ཚེས་༢༡་བཟང་པོར་ལྷ་ས་གྲོང་ཁྱེར་གྱི་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་མདུན་དུ་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་སྐྱེས་ཆེན་རྣམས་ཞལ་འཛོམས་ཀྱིས་རང་རང་གི་ཕྱག་སྲོལ་ཆོ་ག་ལྟར་རབ་གནས་ཀྱི་མཛད་སྒོའང་གཟབ་རྒྱས་བཤམས་པ་མ་ཟད། ལོ་འཁོར་ལྔ་བཅུ་འཁོར་བའི་༡༩༩༩་ལོའི་རྒྱལ་བཙུགས་དུས་ཆེན་གྱི་སྐབས་འགྲེམ་སྟོན་བྱེད་པ་ནས་བརྩམས་ཏེ་ལུགས་གཉིས་ཀྱི་བྱེད་སྒོ་སྣ་ཚོགས་ལ་རིས་མེད་དུ་གཞུག་ངེས་པར་མ་ཟད། ཆ་རྐྱེན་ལྡན་ཚེ་ཞལ་ཐང་ཆེན་མོ་གཙོས་བོད་རིག་པ་དང་འབྲེལ་བའི་དངོས་པོ་ཕལ་མོ་ཆེ་བསྡུ་རུབ་ཉར་ཚགས་དང༌། འགྲེམ་སྟོན་བྱེད་སའི་ཕོ་བྲང་ཞིག་ཀྱང་བཞེངས་ཏེ་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་བརྟན་བཞུགས་ཐུབ་པ་བྱ་རྩིས་ཀྱི་དགོངས་འཆར་འདུག

 ཀུན་འདུས་ཞལ་ཐང་ཆེན་མོའི་ནང་དོན་གཙོ་བོར། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲུབ་ཚུལ། བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ཚུལ། སྤུར་རྒྱལ་བོད་ཀྱི་གདུང་རབས། སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས། གཡུང་དྲུང་བོན་གྱི་བསྟན་པ་དང་རྙིང་མ། བཀའ་གདམས། བཀའ་བརྒྱུད། ས་སྐྱ། ཞི་བྱེད་གཅོད། ཇོ་ནང༌། དགེ་ལུགས་བཅས་ཀྱི་གྲུབ་མཐའ་བྱུང་ཚུལ། གྲུབ་མཐའ་དེ་དང་དེའི་སྐྱེས་ཆེན་དམ་པའི་མཛད་རྣམ། གསང་སྔགས་རྒྱུད་སྡེ་བཞིའི་རྟེན་བརྟེན་པ་སོགས་ཐུན་མོང་མ་ཡིན་པའི་རིག་གནས་དང༌། སྒྲ་ཚད་བཟོ་གསོ། སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་སྐར་རྩིས་སོགས་ཐུན་མོང་རིག་གནས་གྱི་སྐོར་དང་འཇིག་རྟེན་པའི་ལྷ་ཀླུ་གཉན་གསུམ། གླིང་གེ་སར་རྒྱལ་པོའི་སྒྲུང་གིས་མཚོན་པའི་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་རྩོམ་རིག་བརྗོད་དོན་གཏིང་ཟབ་ཅིང་རྒྱ་ཆེ་བའི་མཁས་པའི་ཕྱག་རྩོམ་མང་པོ། རང་རེའི་མེས་པོ་རྣམས་ཀྱིས་ཤུལ་དུ་བཞག་པའི་གནའ་ཤུལ་ཁྱད་པར་ཅན། དགོན་སྡེ་དང་རི་ཆུ་གྲགས་ཅན། ཡུལ་སྲོལ་གོམས་གཤིས་དང་སྤྱོད་ལམ་སྣ་ཚོགས། དུས་སྟོན་དང་རྒྱན་གོས། རོལ་ཆས་དང་མཆོད་ཆས། ཉེར་སྤྱད་དང་མཚོན་ཆ། ཁང་ཁྱིམ་དང་སྦྲ་གུར། མོ་པྲ་དང་ས་བཀྲ ལྷ་པ་དང་མོ་བ། ཐ་ན་བོད་ཀྱི་བཟའ་བཅའ་བཏུང་གསུམ་དང་བོད་ཁུལ་གྱི་རྩི་ཤིང་མེ་ཏོག རི་དྭགས་གཅན་གཟན། འདབ་ཆགས་འབུ་སྲིན། སྒོ་ཕྱུགས་སྣ་ཚོགས་ཀྱང་བཀོད་ཡོད་པ་ཞིབ་རྒྱས་ནིཀུན་འདུས་ཞལ་ཐང་ཆེན་མོའི་དཀར་ཆགདང༌། ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་ཀུན་གསལ་མེ་ལོང༌།》《ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མིག་གི་དགའ་སྟོནདུ་འབོད་པ་བཅས་ལས་བསྟན་པ་ལྟར་ལགས། ཞལ་ཐང་འདིར་བྲིས་པའི་རི་མོ་ཐམས་ཅད་ཁུངས་བཙུན་ཞིང་ཆ་ཚང་ལ། སྨན་མཁྱེན་དང་ཀརྨ་སྒར་བྲིས་སོགས་ཕྱག་རྒྱུན་མི་འདྲ་བ་སྣ་ཚོགས་ཡོད་པར་མ་ཟད། ད་དུང་དམར་ཐང་དང་ནག་ཐང༌། གསེར་ཐང་སོགས་ཀྱང་འདུ་བས་ཚོན་ཐང་གི་ལམ་ནས་བོད་ཀྱ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།