ཤོ་རྩེད་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གན ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-14 07:30:00 ཀློག་གྲངས།:
        རིག་རྩེད་ཀྱི་ཁོངས་གཏོགས་ཤོ་རྩེད་ནི་རོལ་རྩེད་གཞན་དང་མི་འདྲ་བར་རྒྱལ་ཕམ་རྩོེད་པའི་རྙོག་འཛིང་གི་རོལ་རྩེད་ཞིག་ཡིན་པའི་གནད་གཙོ་བོ་ནི་རྒྱུ་ངོ་དང་པོར་འཛིན་པའི་རོལ་རྩེད་མཐའ་མ་ཞིག་ཡིན། དེ་ལ་ཤོ་རྒྱག་རྒྱལ་འཇོག་ཟེར།
        སྤྱིར་བོད་རིགས་ཀྱི་ཤོ་ཆས་ནི་ཤོ་རྡེའུ་ཡིན། ཤོ་རྡེའུ་ལ་སྣ་རིགས་དྲུག་ཚང་དགོས་ལ་བ་སོ་སོགས་ལས་བཟོས་པའི་དབྱིབས་གྲུ་བཞི་ཡིན། ཆ་སྙོམས་ཡིན་པའི་ངོས་དྲུག་ལ་ཤོ་མིག་ཆུང་ཆུང་གཅིག་ནས་དྲུག་བར་བརྐོས་ཡོད། ཤོ་རྡེའུ་དེ་རྒྱག་བྱེད་དང་དཀྲུག་བྱེད་ལ་ཤིང་སྤུས་ལེགས་ཀྱིས་བཟོས་པའི་མཐིལ་དབུས་ན་བུ་ག་ཆུང་ཆུང་ཞིག་ཡོད་པ་དེར་ཤོ་ཕོར་དང་། ཤོ་རྡེའུ་རྒྱག་སའི་གཞི་གདན་དེར་ཤོ་གདན་ཟེར། དེ་ལྟར་ཤོ་རྡེའུ་དྲུག་ཆས་ཆ་ཚང་ཞིག་ལ་བརྩི་བ་ཡིན།
        ཤོ་རྒྱག་རྒྱལ་འཇོག་ལའང་རྣམ་གྲངས་མང་སྟེ་རྒྱལ་འཇོག་གཉིས་འཛིང་དང་གསུམ་འཛིང་། བཞི་འཛིང་སོགས་འདུག  གཉིས་འཛིང་ནི་མི་གཉིས་ཁ་གཏད་དུ་རྩེ་བ་དང་། དེ་ལ་རྐྱང་འཛིང་ཡང་ཟེར། ཤོ་སྔ་དྲོ་འགྱེད་ན་རྒན་པ་རྒྱལ། ཤོ་ཕྱི་དྲོ་འགྱེད་ན་ན་གཞོན་རྒྱལ་ཞེས་བཤད་སྲོལ་ཡོད་པ་དང་། ཤོ་འགོ་འཛུགས་སྐབས་སུ“ཡ”ཤོ་འགོ་ལེགས་པར་ང་ཡིས་འཛུགས། འཛུགས་བཟང་ཐོབ་བཟང་ང་ཡི་ཡིན། ཤོ་མཐའ་མ་རྒྱལ་བ་ང་ཡིས་འཁྱེར་ཞེས་བཤད་སྲོལ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།